མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒོ་རྒྱ་དམ་པོའི་འོག་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་མི་ལོ་ ༨༠ འཁོར་བའི་རྗེས་དྲན་ཟེར་བ་ཞིག་འཚོགས།

བོད་ཀྱི་དུས་བབ།
༢༠༢༥/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཏུ་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་མི་ལོ་ ༨༠ འཁོར་བའི་མཛད་སྒོའི་སྟེང་རྒྱ་ནག་གིས་དམག་སྟོབས་ངོམས་ནས་ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་བརྡ་ལན་སྤྲད།

Vladimir Putin, Xi Jinping and Kim Jong Un arrive with heads of other foreign delegations at Tiananmen Square on Wednesday.Sergey Bobylev/Sputnik/AP

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་རྒྱ་ནག་པེ་ཅིན་གནམ་སྡེ་སྒོ་མོ་ཆེར་འཛམ་གླིང་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་མི་ལོ་ ༨༠ འཁོར་བའི་དུས་དྲན་ཟེར་བ་ཞིག་འཚོགས་ཡོད་ཅིང་། མཛད་སྒོའི་ཐོག་བྱང་ཀོ་རི་ཡའི་མགོ་ཁྲིད་ཀེམ་ཇུང་ཨན་དང་ཨུ་རུ་སུའི་མགོ་ཁྲིད་པུ་ཊིན་གཙོས་རྒྱལ་ཁབ་ཉི་ཤུ་ལྷག་གི་མགོ་ཁྲིད་ལྷན་འཛོམས་བྱས་ཡོད་ཀྱང་། རྒྱ་ནག་གི་མི་སེར་དང་ཡུལ་སྐོར་བ་རྣམས་ལ་དམ་དྲག་ཆེན་པོ་བྱས་ཏེ། མཛད་སྒོར་དེར་ཞུགས་བཅུག་མེད་པའི་ཁར། ཚོང་ཁང་དང་ཟ་ཁང་སོགས་སྒོ་བརྒྱབ་བཅུག་ཡོད་འདུག་ལ། རྒྱ་ནག་གཞུང་གིས་སྣེ་ཁྲིད་པའི་རྒྱལ་ཁབ་དེ་དག་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་བཀོད་འདོམས་ལ་ཉན་འཇོག་བྱ་མཚམས་བཞག་སྟེ། དམག་དོན་གཙོས་མཉམ་འབྲེལ་གྱི་ནུས་པ་སྐྱེད་ཐབས་བྱ་རྒྱུ་ཡིན་ལུགས་བསྒྲགས་པ་དང་སྦྲགས།  ད་ལན་ནི་འཛམ་གླིང་གི་དམར་ཤོག་རྒྱལ་ཁབ་གསུམ་གྱི་ཡོངས་གྲགས་རང་བཞིན་གྱི་ལྷན་འཛོམས་དང་པོར་གྱུར་ཡོད་འདུག

རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིན་གྱིས། དེང་གི་འཛམ་གླིང་འདིར་འགྲོ་བ་མིའི་ཐོབ་ཐང་གི་ཆེད། ཞི་བདེ་དང་དམག་འཁྲུག ཡང་ན། གྲོས་མོལ་དང་གདོང་ལེན་གྱི་ལམ་བུ་ཞིག་གདམ་དགོས། ཞེས་དང་། དེ་རིང་མེས་རྒྱལ་གྱི་མི་སེར་མང་དག་ཅིག་གིས་རང་སྲོག་བློས་བཏང་ནས། འགྲོ་བ་མིའི་དཔལ་ཡོན་དང་འཛམ་གླིང་ཞི་བདེ་ཡོངས་ཐབས་ཀྱི་ཞབས་འདེགས་བསྒྲུབས་ཡོད་པས། ལོ་རྒྱུས་རང་བཞིན་གྱི་སྐྱོ་གར་དེ་དག་ཕྱིར་དྲན་བྱ་དགོས་ལུགས་དང་། རྒྱ་ནག་དར་རྒྱས་གོང་འཕེལ་དུ་འགྲོ་བ་ནི་འགོག་ཐབས་བྲལ་བ་ཞིག་ཡིན་ལུགས་སོགས་བཤད་འདུག

དེ་བཞིན་དེ་རིང་འཛམ་གླིང་གི་གནད་དོན་དབྱེ་ཞིབ་པ་དང་། རྒྱལ་ཁབ་མང་པོས་རྒྱ་ནག་གི་དམག་དོན་རྗེས་དྲན་དེ་དང་བསྟུན། ཨ་རི་དང་མཐུན་རོགས་རྒྱལ་ཁབ་ཁག་གི་བྱེད་བབ་ལ་དོ་སྣང་བྱེད་མུས་ཡིན་སྟབས། ཨ་རིའི་སྲིད་འཛིན་སྐུ་ཞབས་ཊོམ་ཕུ་མཆོག་གིས། སྐུ་ཞབས་ཞི་དང་བཀུར་འོས་རྒྱ་ནག་གི་མི་མང་ཀུན་ལ་འཚམས་འདྲི་ཞུ། དེ་བཞིན་སྐུ་ཞབས་ཀིམ་དང་པུ་ཊིན་གཉིས་ཀྱིས་ཀྱང་། ཨ་རིའི་ལྐོག་ཏུ་ངན་ཇུས་གཤམ་རོགས་བྱེད་པར་འཚམས་འདྲི་ཡོད། ཅེས་གསུངས་ཏེ། ཨུ་རྒྱ་ཀོ་གསུམ་གྱིས་ཨ་རིའི་ལྡོག་ཕྱོགས་སུ་ལངས་བར་སྐྱོན་བརྗོད་དང་ཟུར་ཟ་གནང་འདུག

རྒྱ་ནག་གིས་གོ་སྒྲིག་བྱས་པའི་འཛམ་གླིང་ཆེན་གཉིས་པ་མཇུག་བསྒྲིལ་ནས་མི་ལོ་ ༨༠ འཁོར་བ་ཟེར་བའི་དུས་དྲན་སྐབས་གནམ་སྡེ་སྒོ་མོ་ཆེའི་ཐང་གཞུང་དུ། རྒྱ་ནག་བཅིངས་གྲོལ་དམག་མི་ཟེར་བས་རུ་སྒྲིག་དང་། མཚོ་དམག་དང་། ས་དམག མཁའ་དམག དེ་བཞིན་དཔུང་དམག དྲག་དམག་བཅས་ཀྱི་གོ་མཚོན་དང་། མེ་སྒྱོགས། མཚོན་ཆའི་རིགས་འགྲེམས་སྟོན་བྱས་ཡོད་ཅིང་། རྒྱ་ནག་གིས་འཛམ་གླིང་གི་དཔོན་རིགས་ཉི་ཤུ་ལྷག་ལ་མིག་སྔར་ DF-61 རྟགས་ཅན་དང་DF-41 རྟགས་ཅན་གྱི་མེ་ཤུགས་འཕུར་མདའ། རྒྱག་ཐག་རིང་པོར་བགྲོད་ནུས་པའི་མེ་ཤུགས་འཕུར་མདའ། དེ་བཞིན་སྒྱོགས་རྡོའི་མེ་ཤུགས་འཕུར་JL-3 རྟགས་ཅན་དང་། DF-31AG རྟགས་ཅན་གྱི་རྡུལ་ཕྲན་མཚོན་ཆ་སོགས་ཚུད་པའི།  རྒྱ་ནག་གི་ས་མཚོ་གནམ་གསུམ་གྱི་དམག་དོན་གྱི་མཚོན་ཆ་རིགས་འགྲེམས་སྟོན་བྱས་ཏེ། རྒྱ་ནག་གི་དམག་དོན་གྱི་སྟོབས་ཤུགས་གསལ་སྟོན་བྱེད་ཐབས་དང་། རྒྱལ་ཁབ་ཁག་གི་མགོ་ཁྲིད་ཚོར་རྒྱ་ནག་གི་དམག་དོན་ལ་ཡིད་ཆེས་སྐྱེད་ཐབས་བྱས་ཡོད་པ་རེད།

གནད་དོན་དེའི་ཐད་ཉི་ཧོང་བདེ་སྲུང་བློན་ཆེན་སྐུ་ཞབས་ཡོ་ཤི་མ་ས་ཧ་ཡ་ཤི་(Yoshimasa Hayashi ) ལགས་ཀྱིས། ཉི་ཧོང་ལ་རྡུལ་མཚོན་གྱིས་དྲག་རྒོལ་བྱས་པ་དེ་ཞི་བདེ་ཡི་ཆེད་དུ་ཡིན་པའི་འགྲེལ་བཤད་རྒྱག་མུས་ཡིན་ཡང་། རྒྱ་ནག་གིས་ད་ལྟ་རྙོག་གླེང་མང་དག་ཅིག་བཟོ་མུས་ཡིན་པ་དེས། ཉི་ཧོང་གིས་བདེ་སྲུང་ལས་དོན་ཐད་གོམ་སྟབས་གསར་པ་ཞིག་སྤོ་དགོས་སྐོར་དང་། ཐའེ་ཝན་གྱིས་ཀྱང་དེ་རིང་རྒྱ་ནག་གཞུང་གི་དམག་དོན་གྱི་འཇིགས་སྐུལ་ཡོང་བར་དོགས་ནས་མཚོ་གླིང་ཁུལ་དུ་འགོག་སྲུང་བྱེད་མུས་ཡིན་འདུག

ཕྱི་ལོ་ ༢༠༡༨ དང་  ༢༠༡༩ ལོར་ཀེམ་དང་རྒྱ་ནག་གི་ཞི་ཅིན་ཕིན་གཉིས་ཐེངས་འགར་ཐུག་འཕྲད་བྱས་པ་མ་ཟད། ཕྱི་ལོ་ ༢༠༡༨ ལོར་ཀེམ་ཇུང་ཨན་སྔོན་ཆད་ཁོའི་ཕ་རྒན་ཀེམ་ཇུང་ཨེལ་རྒྱ་ནག་ནང་སྐྱོད་བྱེད་ཀྱི་མེ་འཁོར་ནང་བསྡད་དེ། ཁུ་སིམ་སིམ་གྱིས་རྒྱ་ནག་པེ་ཅིན་དུ་ཕྱིན་ཡོད་ཅིང་། སྐབས་དེར་རྒྱ་ནག་གཞུང་གིས་ཀེམ་ལ་མཐོང་ཆེན་གྱིས་ཉིན་མ་མང་པོར་མེ་འཁོར་གྱི་འགྲུལ་བཞུད་བཀག་ནས། ཀེམ་གྱི་རྒྱ་ནག་གི་འགྲུལ་བཞུད་ལ་སྣེ་ལེན་ཟབ་རྒྱས་བྱས་ཡོད་ལ། ཕྱི་ལོ ༢༠༡༥ ལོར་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་མི་ལོ་ ༧༠ འཁོར་བའི་དུས་དྲན་སྐབས་པུ་ཊིན་རྒྱ་ནག་ཏུ་ཕྱིན་ཡོད་ཀྱང་། ཀེམ་ད་ལན་ཐེངས་དང་པོར་རྗེས་དྲན་དེར་ཞུགས་པའི་མུར་ཁོ་པའི་བུ་མོ་ཡང་ལྷན་དུ་འཁྲིད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

ཆུ་ཚོད་ ༡༢ སྔོན་ལ།
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

ཆུ་ཚོད་ ༡༣ སྔོན་ལ།
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese