མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐའེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་གསར་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་ས་གནས་ཁག་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་ཀྱིས་༸གོང་ས་མཆོག་གི་བྱམས་བརྩེའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ་བོད་དོན་ལ་རྒྱབ་སྐྱོར་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ཡིན་འདུག

ཐའེ་ཝན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་གསར་འཛུགས་གནང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༥།༩།༣

ཁ་སང་བོད་ཀྱི་མང་གཙོའི་དུས་དྲན་ཐེངས་ ༦༥ པ་དང་བསྟུན། ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ། ཐའེ་ཝན་ས་གནས་ཁག་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་ཞེས་པ་ཞིག་གསར་དུ་དབུ་འབྱེད་གནང་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་ཐའེ་ཝན་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ Wu Pei-Yi ལགས་དང་། ཐའེ་ཝན་སྐུ་ཚབ་དོན་གཅོད་འབའ་པ་སྐལ་བཟང་རྒྱལ་ལགས། བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས། ཐའེ་ཝན་ས་གནས་གྲོས་ཚོགས་འཐུས་མི་ ༡༤ ། འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་གཞུང་ཁོངས་མིན་པའི་ཚོགས་པ་ཁག ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་མཉམ་ཞུགས་གནང་ཡོད་འདུག དེ་བཞིན་སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དྲ་ལམ་བརྒྱུད་ནས་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་འགྲེལ་བརྗོད་དང་འབྲེལ། བོད་མི་ཡོངས་ཀྱིས་༧གོང་ས་མཆོག་གི་འཁྲུངས་སྐར་དང་བསྟུན་ནས་བྱམས་བརྩེའི་ལོ་སྲུང་གཙི་བྱེད་བཞིན་ཡོད་པས། ཐའེ་ཝན་ས་གནས་ཁག་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་ཀྱིས་༧གོང་ས་མཆོག་གི་བཀའ་དགོངས་བཞིན་བོད་དོན་ཐོག་མུ་མཐུད་དུ་རྒྱབ་སྐྱོར་གནང་སྐྱོང་ཡོང་སྐོར་གསུངས་འདུག

དེའི་སྐོར་ལ་བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་འབྲེལ་མཐུད་ཁང་གི་དྲུང་ཆེ་བཀྲ་ཤིས་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། བོད་དང་ཐའེ་ཝན་འགྲོ་བ་མིའི་ཐོབ་ཐང་ཁང་གིས་ཐའེ་ཝན་གྱི་ས་གནས་ཁག་ཏུ་ཕྱིན་ཏེ་ས་གནས་གྲོས་ཚོགས་འཐུས་མི་དང་མཉམ་དུ་ས་གནས་སུ་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་། བོད་ནང་གི་ཛ་དྲག་གི་གནས་སྟངས། བཙན་བྱོལ་ནང་གི་བོད་དོན་འཐབ་རྩོད་ཀྱི་གནས་བབ་སོགས་ཐོག་བོད་དོན་ཞུ་གཏུགས་བྱས་པ་རེད།  ང་ཚོས་ཐའེ་ཝན་ས་གནས་ཁག་གི་གྲོས་ཚོགས་དང་། མི་མང་། གཞོན་སྐྱེས་རྣམས་ལ་བོད་དོན་གོ་རྟོགས་ཆེད་དུ་དམིགས་ཏེ་ལས་གཞི་སྤེལ་བ་རེད། ད་ལྟའི་ཆར་ས་གནས་གྲོས་ཚོགས་འཐུས་མིའི་ཁྲོད་དུ་གཞོན་སྐྱེས་མང་པོ་ཞིག་གི་ཚོར་བ་རྣོ་བའི་ཐོག་ནས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག ཐེངས་འདིར་ཐའེ་ཝན་གྱི་གྲོང་ཁྱེར་ ༡༥ ཡི་ས་གནས་གྲོས་ཚོགས་འཐུས་མི་ ༤༠ ཙམ་གྱིས་མོས་མཐུན་ཐོག་དེབ་བསྐྱལ་བྱས་ཏེ་ཚོགས་པ་འདི་གསར་འཛུགས་གནང་ཐུབ་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

ཐའེ་ཝན་ས་གནས་ཁག་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་ཀྱི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་ནང་། ཐའེ་ཝན་གྱི་ས་གནས་ཁག་གི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་འགྲོ་བ་མིའི་ཐོབ་ཐང་དང་། དམངས་གཙོ། རང་དབང་བཅས་ལ་བློ་སེམས་བརྟན་པོའི་ཐོག་ནས་ཐའེ་ཝན་ས་གནས་ཁག་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་ཞེས་པ་དབུ་འབྱེད་ཁྱབ་བསྒྲགས་བྱས་པ་ཡིན།

ང་ཚོས་བོོད་ནང་གདུག་རྩུབ་དང་མནར་གཅོད་མྱོང་བཞིན་པའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་བྱེད་ཀྱི་ཡོད་ཅིང་། རང་དབང་དང་། དམངས་གཙོ། འགྲོ་བ་མིའི་ཐོབ་ཐང་གི་འཐབ་རྩོད་ལ་རྒྱབ་སྐྱོར་བརྟན་པོ་བྱེད་ཀྱི་ཡོད། ང་ཚོས་འགྲོ་བ་མིའི་ཆེ་མཐོང་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་བརྩི་བཀུར་བྱས་པའི་ཐོག་ནས་དོན་དངོས་ཀྱི་ཞི་བདེ་དང་དྲང་བདེན་ཞིག་ཐོབ་པར་ཡིད་ཆེས་བྱེད་ཀྱི་ཡོད།

ཐའེ་ཝན་མི་མང་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མུ་མཐུད་མ་འོངས་བའི་འཛམ་གླིང་ཞི་བདེ་དང་བྱམས་བརྩེའི་ལམ་སྟོན་གནང་བའི་རེ་བ་བྱེད་བཞིན་ཡོད། ཕྱི་ལོ་ ༢༠༢༥ ཟླ་༧ ཚེས་༢ ཉིན་༧གོང་ས་མཆོག་ནས་རྒྱལ་དབང་སྐུ་ཕྲེང་བཅོ་ལྔ་བའི་ཕེབས་ངེས་ཡིན་པ་དང་། ཡང་སྲིད་ཀྱི་ལས་དོན་དགའ་ལྡན་ཕོ་བྲང་ཁོ་ནར་ཡོད་པའི་གསལ་བསྒྲགས་གནང་བར་དགའ་བསུ་ཞུ་རྒྱུ་ཡིན།དེ་ནི་རྒྱ་ནག་གཞུང་གིས་ཁྲིམས་འགལ་གྱིས་ཐེ་གཏོགས་བྱེད་ཐབས་ལ་ལན་འདེབས་གསལ་ཤོས་དང་ཤུགས་ཆེ་ཤོས་དེ་ཆགས་ཡོད།

ཕྱི་ཟླ་ ༧ ཚེས་ ༥ ཉིན་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་བཀའ་སློབ་སྩལ་བའི་ནང་། སྐུ་གཟུགས་གསལ་ཐང་ཡིན་པ་དང་། མི་མང་ལ་མུ་མཐུད་ཞབས་འདེགས་ཞུ་རྒྱུའི་འདོད་པ་ཡོད་ཅེས་གསུངས་པ་དེས་ང་ཚོ་ཡང་ཧ་ཅང་དགའ་ཚོར་ཆེན་པོ་བྱུང་། འདི་ནི་བོད་མི་ཡོངས་ཀྱི་བཀྲ་ཤིས་སྨོན་འདུན་ཡིན་པ་མ་ཟད། འཛམ་གླིང་ཡོངས་ཀྱི་དྲང་བདེན་དང་ཞི་བདེར་འབད་བརྩོན་བྱེད་མཁན་ཚང་མའི་རེ་བ་ཞིག་ཀྱང་ཡིན། ང་ཚོས་༧གོང་ས་མཆོག་གི་རང་དབང་དང་བྱམས་བརྩེའི་ཐུགས་འགན་ལ་རྒྱབ་སྐྱོར་བྱེད་པའི་ཡིད་ཆེས་བྱེད་ཀྱི་ཡོད།

ཐའེ་ཝན་ས་གནས་ཁག་གི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་མཐུན་ཚོགས་ཀྱིས་༸གོང་ས་མཆོག་གིས་སློབ་སྟོན་གནང་བའི་བྱམས་བརྩེའི་སྙིང་སྟོབས་རྒྱུན་འཁྱོངས་བྱས་ཏེ་རྒྱལ་སྤྱིའི་ཚོགས་སྡེ་དང་མཉམ་དུ་བོད་དོན་ལ་རྒྱབ་སྐྱོར་དང་། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། རང་དབང་དང་དམངས་གཙོའི་ལམ་བུར་མཉམ་དུ་མདུན་སྐྱོད་བྱ་རྒྱུ་ཁས་ལེན་བྱས་ཡོད། ཅེས་བཀོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༦ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese