མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དང་ཧི་མ་ལ་ཡའི་འབྲེལ་ལམ་སྐོར་གྱི་ཚོགས་ཆེན་དབུ་འཛུགས་གནང་སོང་། 

བོད་ཀྱི་དུས་བབ།
༢༠༢༥/༠༩/༠༣
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་མཆོག་གིས་ཚོགས་འདུའི་ཐོག་ཚང་མས་ལོ་རྒྱུས་ཀྱི་དོན་དངོས་གླེང་སྟེ་རྫུན་གཏམ་འཁྱོག་བཤད་རིགས་ཡོ་བསྲང་དང༌། བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཆོས་རིག་གཅིག་གྱུར་གྱི་ལ་ཞེན་ཟབ་མོས་༸རྒྱལ་བསྟན་མི་རིགས་དང་བཅས་ནམ་ཡང་ཉམས་པ་མེད་པའི་ཞབས་འདེགས་ལ་བརྩོན་གལ་ཆེ་ཞེས་གསུངས།

བོད་དང་ཧི་མ་ལ་ཡའི་འབྲེལ་ལམ་སྐོར་གྱི་ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༩།༣

དེ་རིང་ཕྱི་ཚེས་ ༣ ནས་ ༧ བར་ཉིན་གྲངས་ལྔའི་རིང་གངས་ཅན་སྐྱིད་གཤོངས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་བཅས་མཉམ་འབྲེལ་གྱི་གོ་སྒྲིག་འོག ༧རྒྱལ་བའི་གོ་སྟོན་སྲུང་གཙི་དང་འབྲེལ་ནས་བོད་དང་ཧི་མ་ལ་ཡའི་འབྲེལ་ལམ་སྐོར་གྱི་ཚོགས་ཆེན་དབུ་འཛུགས་གནང་སོང་།

ཚོགས་ཆེན་གྱི་དབུ་འབྱེད་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་གཙོས། ཧི་མ་ལ་ཡའི་མཁས་དབང་། བོད་ཀྱི་ལོ་རྒྱུས་སྨྲ་བའི་མཁས་པ། ཉམས་ཞིབ་པ། ཚོགས་བཅར་བ་ ༨༠ དང་། མཐོ་སློབ་ཁག་ནས་སློབ་མ་ ༣༠ ཙམ་ཟུར་ཉན་དུ་ཆེད་བཅར་ཞུས་ཡོད་འདུག

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་ཞིག་བསྩལ་བའི་ནང་། ད་ལམ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གཙོས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་བཅས་ཐུན་མོང་ནས་དེང་སྐབས་བོད་ཀྱི་ཆོས་རིག་གཉན་འཕྲང་གི་དུས་སྐབས་ཏེ་ཕ་རོལ་ཕྱོགས་ནས་བོད་ཀྱི་ཆོས་དང་། སྐད་ཡིག་རིག་གཞུང་ལོ་རྒྱུས་སོགས་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་རྣམ་པ་མཐའ་དག་ཞི་དྲག་ཐབས་ལམ་སྣ་ཚོགས་ཀྱིས་རྨེག་མེད་བཟོས་དང་བཟོ་བཞིན་ཡོད་པའི་གནས་སྟངས་ལ་གཞིགས་ཏེ་འདི་གར་བོད་དང་ཧི་མ་ལ་ཡའི་འབྲེལ་ལམ་ཞེས་པའི་ཚོགས་ཆེན་གལ་ཆེ་ཞིག་གྲ་སྒྲིག་སྐོང་འཚོགས་བྱེད་བཞིན་ཡོད་པ་དེར་བོད་དང་རྒྱ་བལ་འབྲུག་གསུམ་ནས་བཙན་པོའི་གདུང་རྒྱུད་ཁྲི་ཆེན་དང་རྒྱལ་པོ། ཇོ་བོ་དང་ནོ་ནོ་སོགས་དང༌། བོད་དང་ཧི་མ་ལ་ཡའི་ས་ཁུལ་ནས་ཡིན་པའི་ལོ་རྒྱུས་མཁས་པ་བརྒྱ་ཕྲག་ཚོགས་ཞུགས་ཀྱིས་ཉིན་ལྔའི་རིང་བགྲོ་གླེང་གཏམ་བཤད་བྱ་རྒྱུ་ཤིན་ཏུ་ལེགས་པས་ཚང་མར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཡོད། ཚོགས་འདུའི་ཐོག་ཚང་མས་ལོ་རྒྱུས་ཀྱི་དོན་དངོས་གླེང་སྟེ་རྫུན་གཏམ་འཁྱོག་བཤད་རིགས་ཡོ་བསྲང་དང༌། བོད་དང་ཧི་མ་ལ་ཡའི་རི་རྒྱུད་ཆོས་རིག་གཅིག་གྱུར་གྱི་ལ་ཞེན་ཟབ་མོས་༸རྒྱལ་བསྟན་མི་རིགས་དང་བཅས་ནམ་ཡང་ཉམས་པ་མེད་པའི་ཞབས་འདེགས་ལ་བརྩོན་གལ་ཆེ་བ་ཡིད་འཇགས་འཚལ། ཞེས་གསུངས་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༩།༣

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཚོགས་འདུའི་ངོ་སྤྲོད་གསུང་བཤད་གནང་གྲུབ་མཚམས་སུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསུང་འཕྲིན་ཕེབས་པ་ནང་བཞིན་རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་མུས་ཡིན་པ་དང་། དངོས་ཡོད་མ་ཡིན་པ་མང་པོ་ཞིག་འཛམ་བུ་གླིང་ནང་བསྒྲགས་ཀྱི་ཡོད། ལྷག་པར་དུ་བོད་དང་རྒྱ་ནག་གི་འབྲེལ་བ། བོད་དང་སོག་པོའི་འབྲེལ་བ། བོད་དང་ལི་ཡུལ་གྱི་འབྲེལ་བ། བོད་དང་རྒྱ་གར་གྱི་འབྲེལ་བ། བོད་དང་བལ་ཡུལ་གྱི་འབྲེལ་བ། བོད་དང་འབྲུག་གི་འབྲེལ་བ་སོགས་དེ་འདྲའི་གནས་སྟངས་མང་པོ་ཞིག་ལོ་རྒྱུས་ནང་ཡོད་པ་དེ་དག་གོ་རྒྱུ་མེད་པ་ཆགས་རྒྱུའི་ཉེན་ཁ་ཞིག་ཡོང་གི་ཡོད་པར་བརྟེན། དེ་རིང་གོ་སྟོན་དང་སྟབས་བསྟུན་ནས་སྲིད་བྱུས་ཉམས་ཞིབ་ཁང་དང་། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་། ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་བཅས་ཐུན་མོང་གི་ཐོག་ནས་ཚོགས་འདུ་འདི་གོ་སྒྲིག་ཞུས་ཡོད་པ་རེད། གནམ་གཤིས་རྐྱེན་གྱིས་ལ་ཧོར་སྤི་ཏི་ནས་ཚོགས་བཅར་བ་ཁག་ཅིག་ཕེབས་ཐུབ་མེད་པ་དང་། ཨ་རུ་ན་ཅལ་དང་། འབྲུག འབྲས་ལྗོངས། བལ་ཡུལ། ལ་དྭགས་སོགས་ཧི་མ་ལ་ཡའི་རི་རྒྱུད་ཡོངས་སུ་རྫོགས་པ་ནས་སྐུ་ཚབ་མང་པོ་ཞིག་དང་། ལ་ཧོར་སྤི་ཏི་ཁུལ་ནས་ལོ་རྒྱུས་ཐོག་ལ་དོ་སྣང་བྱེད་མཁན་སློབ་ཕྲུག་ ༣༠། བྱུང་རབས་ཀྱི་མཁས་པ་ཁག་ཅིག ལོ་རྒྱུས་ཀྱི་སློབ་དཔོན་སོགས་ཚོགས་འདུར་མཉམ་ཞུགས་གནང་ཡོད་འདུག་ལ། ཚོགས་ཆེན་འདིའི་ཐོག་ནས་བོད་དང་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དང་སོག་པོ་ཙམ་མིན་པར་ལྷོ་ཕྱོགས་སུ་ཡོད་པའི་རྒྱ་གར་དང་འབྲེལ་བ་གང་ཡོད་པ་དེ་དག་གི་སྐོར་ལ་གོ་རྟོགས་གསལ་པོ་ཡོང་ཐུབ་རྒྱུའི་རེ་བ་རྒྱག་གི་ཡོད། ཅེས་གསུངས་བྱུང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༩།༣

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། དེ་རིང་མཁས་དབང་མང་་པོ་ཕེབས་ཡོད་པའི་ཐོག གཙོ་བོ་ཧི་མ་ལ་ཡའི་ཁུལ་དུ་ལོ་རྒྱུས་ཀྱི་ཉམས་ཞིབ་བྱེད་མཁན་གནད་ཡོད་མང་པོ་ཞིག་ཚོགས་བཅར་གནང་ཐུབ་འདུག ཚོགས་འདུ་དེ་འདྲ་ཞིག་འདུ་སྐོང་བྱེད་པ་ཐེངས་དང་པོ་རེད་བསམ་གྱི་འདུག དེར་བརྟེན་ཚོགས་འདུ་འདི་འདྲ་ཞིག་འདུ་སྐོང་གནང་རྒྱུའི་ཐོག་མའི་ཀུན་སློང་དང་། བར་དུ་འབྲེལ་བ་བྱ་རྒྱུ། དངོས་སུ་དེ་རིང་འཚོག་ཐུབ་རྒྱུའི་གོ་སྐབས་དང་སྐལ་བ་བཟང་པོ་ཞིག་བྱུང་བར་ཚང་མ་ལ་ལེགས་གསོལ་དང་བསྔགས་བརྗོད་ཞུ་ཡི་ཡིན། བོད་ལྟ་བུ་མཚོན་ན་ལོ་རྒྱུས་ཀྱི་གནས་བབ་ཀྱི་ཐོག་ནས་བཙན་པོའི་རྒྱལ་རབས་དབུ་བརྙེས་ནས་ལོ་ཉིས་སྟོང་ལྷག་འགྲོ་ཡི་ཡོད་པ་རེད། དེ་བཞིན་དུས་རབས་བདུན་པ་སྲོང་བཙན་དང་། དུས་རབས་བརྒྱད་པ་ཁྲི་སྲོང་གི་དུས་སྐབས་སུ་བོད་ཀྱི་ཆབ་སྲིད་དང་རིག་གཞུང་། ཆོས་དེ་ཚོའི་ཐོག་ལ་ཁྱབ་ཆེན་པོ་ཡོོད་པ་ལོ་རྒྱུས་ཀྱི་གནས་བབ་ཐོག་ནས་ཞིབ་འཇུག་བྱེད་ཐུབ། འོན་ཀྱང་། ད་ལྟའི་དུས་སུ་བོད་ཟེར་བ་དེ་རྒྱ་ནག་གིས་དབང་སྒྱུར་འོག་ལ་གནས་ཡོད་པ་ཞིག་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་གནས་ཡུལ་རྒྱ་གར་ཡོངས་ཀྱི་མཐུན་འགྱུར་ལ་བརྟེན་ནས་བཙན་བྱོལ་དུ་གནས་དགོས་པའི་གནས་སྟངས་བྱུང་བ་རེད། རྩ་བའི་ལོ་རྒྱུས་ཀྱི་གནས་བབ་ཀྱི་ཐོག་ནས་བལྟས་ན། ཆབ་སྲིད་དང་ལོ་རྒྱུས་ཀྱི་འབྲེལ་བ་ཡོད་པའི་དངོས་པོ་གང་དང་གང་ཡིན་རུང་འགྱུར་བ་འགྲོ་རྒྱུའི་གནས་སྟངས་ཆགས་ཡོད། དེ་བཞིན་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ཀྱི་ཐོག་ནས་ཀྱང་། སྐབས་དེ་དུས་འགན་ཁུར་མཁན་དང་འབྲེལ་ཡོད་ཚང་མས་དོ་སྣང་ཅུང་ཞན་དང་། འགན་ཁུར་བཞེས་སྟངས་ཀྱི་ཐོག་ནས་ཚགས་ཚུད་པོ་མ་བྱུང་བའི་གནས་སྟངས་ཀྱི་འོག་ནས་ང་ཚོ་བཙན་བྱོལ་དུ་གྱར་དགོས་པའི་གནས་སྟངས་ཆགས་པ་དེ་གསལ་རིས་མཐོང་གསལ་ཆགས་ཡོད། ཅེས་དང་། ཐེངས་འདིའི་ཚོགས་འདུའི་སྟེང་མཁས་དབང་མང་པོས་གསུང་བཤད་གནང་ནས་ལོ་རྒྱུས་ཀྱི་གནས་བབ་མི་འདྲ་བའི་ཉམས་ཞིབ་དང་། ལོ་རྒྱུས་བཤད་སྟངས་ཀྱི་ཐོག་ནས་ནམ་རྒྱུན་མ་གོ་བ་དང་མ་རྟོགས་པ་མང་པོ་ཡོད་པར་བརྟེན། དེ་དག་དངོས་སུ་གསལ་པོ་ཆགས་ཏེ་སྔར་ལས་ཉེ་པོ་ཡོང་ཐུབ་རྒྱུ་དང་། དོ་སྣང་ཡོང་ཐུབ་རྒྱུ། དེ་བཞིན་སོ་སོའི་ངོས་ནས་སེམས་ཤུགས་འཕར་མ་སྐྱེས་ཏེ་གཅིག་ཕན་གཅིག་གྲོགས་ཡོང་ཐུབ་རྒྱུའི་ས་བོན་ཆེན་པོ་ཆགས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༢༢ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese