མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་གཞུང་གིས་ངོ་དེབ་དང་ཡུ་ཊུབ་ཚུད་པའི་སྤྱི་ཚོགས་དྲ་གནས་ ༢༦ བཀག་སྡོམ་བྱས།

བོད་ཀྱི་དུས་བབ།
༢༠༢༥/༠༩/༠༥
Share on FacebookShare on TwitterShare on EmailShare on Whatsapp

སྤྱི་ཚོགས་དྲ་གནས་ངོ་དེབ་དང་ཡུ་ཊུབ་སོགས་ཀྱིས་དུས་ཐོག་ཏུ་ཐོ་འགོད་བྱས་མེད་པའི་རྐྱེན་གྱིས་དེ་རིང་ནས་བཟུང་བལ་ཡུལ་གཞུང་གིས་བཀག་སྡོམ་བྱས་ཡོད་འདུག

སྤྱི་ཚོགས་དྲ་གནས་ཁག་ཅིག

བལ་ཡུལ་ནང་གི་ངོ་དེབ་དང་། ཡུ་ཊུབ། ཨིན་སི་ཌ་གྷ་རམ་ (Instagram) ཚུད་པའི་སྤྱི་ཚོགས་དྲ་གནས་ ༢༦ ཙམ་གྱིས་བལ་ཡུལ་གྱི་བརྡ་འཕྲིན་དང་འབྲེལ་ལམ་ལས་ཁུངས་ (Ministry of Communication and Information Technology) སུ་དུས་ཐོག་ཐོ་འགོད་བྱས་མེད་པར་བརྟེན། དེ་རིང་ཕྱི་ཚེས་ ༥ ཉིན་ནས་བཟུང་བལ་ཡུལ་གཞུང་གིས་སྤྱི་ཚོགས་དྲ་གནས་ ༢༦ དངོས་སུ་བཀག་ཡོད་འདུག

དེའི་ཐད་བལ་ཡུལ་གྱི་གསར་འགོད་མཐུན་ཚོགས་ཀྱིས། གཞུང་གིས་ཐབས་ལམ་གཞན་སྤྲད་མེད་པའི་ཐོག་སྤྱི་ཚོགས་དྲ་གནས་བཀག་སྡོམ་བྱས་པའི་ཐག་གཅོད་དེས་སྨྲ་བརྗོད་རང་དབང་དང་གསར་འགོད་རང་དབང་ལ་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད། རྩ་ཁྲིམས་ལྟར་ཆ་འཕྲིན་གྱི་ཐོབ་ཐང་ལའང་ཤུགས་རྐྱེན་ཐེབས་ཡོད། དེར་བརྟེན་སྤྱི་ཚོགས་དྲ་གནས་བཀག་སྡོམ་གྱི་ཐག་གཅོད་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་དང་། སྲིད་གཞུང་གིས་གསར་འགོད་རང་དབང་དང་སྨྲ་བརྗོད་རང་དབང་ལ་བརྩི་བཀུར་བྱས་ཏེ་བཀག་སྡོམ་གྱི་ཐག་གཅོད་དེ་འཕྲལ་དུ་ཕྱིར་འཐེན་བྱེད་དགོས་པའི་དགོས་འདུན་བཏོན་འདུག

ཡུལ་དེའི་བརྡ་འཕྲིན་དང་འབྲེལ་ལམ་ལས་ཁུངས་ཀྱིས། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༢༨ ཉིན་ནས་བདུན་ཕྲག་གཅིག་ནང་ཚུད་དུ་སྤྱི་ཚོགས་དྲ་གནས་ལས་ཁུངས་ཀྱིས་ཐོ་འགོད་བྱ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད་ཀྱང་། ངོ་དེབ་སོགས་སྤྱི་ཚོགས་དྲ་གནས་ཚོས་ཐོ་འགོད་བྱས་མེད་སྐོར་བརྗོད་འདུག

བལ་གཞུང་གི་ཐག་གཅོད་དེའི་རྐྱེན་གྱིས་ཡུལ་དེའི་ནང་གནས་སྡོད་བྱེད་མཁན་ཡུལ་མི་ས་ཡ་མང་པོས་སོ་སོའི་ཕ་མ་དང་། སྤུན་གཉེན་སོགས་ལ་འབྲེལ་འདྲིས་བྱེད་པར་དཀའ་ངལ་འཕྲད་བཞིན་ཡོད་འདུག་ལ། བལ་ཡུལ་གྱི་གསར་འགོད་པ་རྒན་པ་རི་ཇལ་ (Pralhad Rijal) ལགས་ཀྱིས། བལ་ཡུལ་གྱི་གཞོན་སྐྱེས་ས་ཡ་ ༧ ལྷག་ཕྱིའི་རྒྱལ་ཁབ་ཁག་ཏུ་ལས་ཀ་དང་མཐོ་རིམ་སློབ་སྦྱོང་བྱེད་བཞིན་ཡོད་པས། ཐག་གཅོད་དེའི་རྐྱེན་གྱིས་གཞོན་སྐྱེས་དེ་དག་གིས་རང་ཁྱིམ་དུ་ཡོད་པའི་སོ་སོའི་ནང་མི་དང་གྲོགས་པོ་རྣམས་ལ་འབྲེལ་བ་བྱེད་པར་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༨ པའི་ནང་བལ་ཡུལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཕྱིའི་རྒྱལ་ཁབ་དང་རྒྱལ་ནང་གི་སྤྱི་ཚོགས་དྲ་གནས་རྣམས་ཀྱིས་ཐོ་འགོད་ངེས་པར་དུ་བྱ་དགོས་པའི་བཀའ་རྒྱ་བཏང་ཡོད་འདུག་ལ། ཟླ་དེའི་ཕྱི་ཚེས་ ༢༨ ནས་ཕྱི་ཟླ་ ༩ ཚེས་ ༤ ནང་ཚུད་དུ་ཐོ་འགོད་བྱ་དགོས་པའི་གསལ་བསྒྲགས་ཀྱང་སྤེལ་ཡོད་འདུག་ལ། དེ་རིང་འདི་གའི་གསར་འགོད་པས་བལ་ཡུལ་ནང་གནས་སྡོད་བྱེད་མཁན་ཁག་ཅིག་ལ་སྐད་ཆ་དྲིས་དུས་དེ་རིང་ནས་སྤྱི་ཚོགས་དྲ་གནས་དེ་དག་སྒོ་འབྱེད་ཐུབ་ཀྱི་མེད་སྐོར་བརྗོད་བྱུང་།

ཕྱི་ལོ་ ༢༠༢༣ ཟླ་ ༡༡ ནང་བལ་ཡུལ་གཞུང་གིས་སྤྱི་ཚོགས་དྲ་གནས་ཊིག་ཊོག་ (TikTok) བཀག་སྡོམ་བྱས་ཡོད་ཀྱང་། ཕྱིས་སུ་ཊིག་ཊོག་གིས་བལ་ཡུལ་གཞུང་ལ་ཐོ་འགོད་བྱས་ཏེ་འདས་ལོའི་ཕྱི་ཟླ་ ༨ པའི་ནང་བསྐྱར་དུ་བེད་སྤྱོད་གཏོང་ཐུབ་པ་ཆགས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༦ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༠ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese