མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པའི་སྤྱི་ཚོགས་ནང་དེབ་སྐྱེལ་བྱས་པའི་ཚོགས་པ་ཁག་ ༡༦༠ ནས་ ༡༧༠ བར་ཡོད་པ་རྣམས་ཀྱིས་གང་ཐུབ་ཀྱིས་རྒྱ་གར་གྱི་ཁྲིམས་ལྟར་ཕྱི་རྒྱལ་ནས་དངུལ་ལེན་ཆོག་པ་བཟོ་གལ་ཆེ་སྐོར་གསུངས་སོང་།

བོད་ཀྱི་དུས་བབ།
༢༠༢༥/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་པའི་ཚོང་པ་རྣམས་ཀྱིས་ཡུལ་ཁྲིམས་བརྩི་སྲུང་བྱ་རྒྱུ་གལ་ཆེན་ཡིན་པ་མ་ཟད་ཚོང་ལས་སྡེ་ཁག་དང་གཞུང་ཁོངས་མིན་པའི་ཚོགས་པ་ཁག་མུ་མཐུད་དུ་རྒྱུན་གནས་ཐུབ་པ་དང་རང་སྐྱ་འཕེར་བ་དགོས་གལ་ཆེ་སྐོར་གསུངས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྐབས་བཅོ་བརྒྱད་པའི་ཐོག་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༩།༨

དེ་རིང་ཕྱི་ཚེས་ ༨ ཉིན་དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་གོ་སྒྲིག་འོག་ལོ་འཁོར་ཚོགས་ཆེན་སྐབས་བཅོ་བརྒྱད་པ་འཚོགས་ཡོད་ཅིང་། སྐབས་དེར་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕེབས་འདུག་ལ། ལྡི་ལི་དང་། བྷིར་ (Bir)། དྷ་ས། བལ་ཡུལ་བཅས་ནས་ཚོགས་མི་ ༦༠ ལྷག་མཉམ་ཞུགས་གནང་འདུག

འདི་གའི་གསར་འགོད་པས་བོད་མིིའི་ཚོང་ལས་བདེ་ཚོགས་ཀྱི་ཚོགས་གཙོ་འཕྲིན་ལས་ནོར་བུ་ལགས་སུ་བོད་པའི་ཚོང་པ་ཚོར་དཀའ་ངལ་ག་རེ་འཕྲད་ཀྱི་ཡོད་མེད་དྲིས་པར་ཁོང་གིས། དེ་སྔ་ཚོང་པ་ཚོར་་དེབ་སྐྱེལ་ཡིག་ཆ་ཚད་ལྡན་མེད་པའི་རྐྱེན་གྱིས་དཀའ་ངལ་འཕྲད་ཡོད་ཀྱང་། ཕྱིས་སུ་བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་ལ་འབྲེལ་བ་བྱས་ཏེ་བོད་པའི་ཚོང་ལས་ཀྱི་དཀའ་ངལ་སེལ་ཐབས་བྱས་པ་སོགས་ལ་བརྟེན་ནས་བོད་པར་དཀའ་ངལ་མི་འདུག དཔལ་འབྱོར་འདུ་འགོད་སླད་ལས་གཞི་ལས་འཆར་འདྲ་མིན་སྤེལ་དང་སྤེལ་མུས་ཡིན་ལ། ཉེ་ཆར་བོད་ཀྱི་ཐེབས་རྩའི་མཐུ་འགྱུར་འོག བོད་པའི་ཚོང་པ་གསར་པ་ལྔ་ལ་འབུམ་གསུམ་རེ་ཕུལ་ཡོད། མ་འོངས་པར་དཔལ་འབྱོར་འདུ་འགོད་ཇི་ལྟར་བྱེད་དགོས་མིན་ཐད་གླེང་སློང་དང་། བོད་པའི་ཚོང་པ་ཚོར་དཔལ་འབྱོར་གྱི་དཀའ་ངལ་འཕྲད་སྐབས་སྐྱེད་ཀ་ཉུང་བའི་ཐོག་བུ་ལོན་གཡར་རྒྱུ་དང་། རོགས་རམ་བྱ་འཆར་ཡོད། དྷ་སར་ལྷ་ཚོགས་པ་དང་ (Yes+) སོགས་ཀྱིས་འཚིག་ཇ་བཟོ་རྒྱུ་སོགས་སྩལ་འདྲ་མིན་སློབ་ཀྱི་ཡོད་ཀྱང་། ཚོང་ལས་ཀྱི་གོ་རྟོགས་མེད་པ་རེད། དེར་བརྟེན་ཚོང་ལས་མགོ་འཛུགས་པར་ལམ་སྟོན་དང་རོགས་རམ་ཡོང་ཆེད་ (Incubation Centre) གསར་འཛུགས་བྱ་འཆར་ཡོད། ཅེས་སོགས་བརྗོད་བྱུང་།

ཚོགས་ཐོག་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་འདི་ལོ་རྟག་པར་ཚོགས་དགོས་ཀྱི་ཡོད་པའི་ཆ་རྐྱེན་ཚང་དགོས་པ་དང་། ད་ལྟའི་བཀའ་ཤག་གིས་མ་འོངས་པར་ཚོང་ལས་སྡེ་ཚན་གཅིག་པོ་མིན་པར་སྤྱི་ཡོངས་ནས་བོད་མིའི་སྒྲིག་འཛུགས་ཤིག་རྒྱུན་གནས་ཡོང་བར་གནས་ཡུལ་གཞུང་གི་ཁྲིམས་དང་སྒྲིག་གཞི་དེ་དག་སྲུང་གཙི་ལེགས་པོ་ཞུ་དགོས་པ་རེད། གཞུང་འབྲེལ་གྱི་ཐོག་ནས་ཀྱང་སྐབས་རེར་འཐུས་ཤོར་འགྲོ་བའི་གནས་སྟངས་ཡོང་གི་ཡོད་ལ། གཞུང་ཁོངས་མ་ཡིན་པའི་དགོན་སྡེ་ཁག་དང་། སྒེར་གྱི་ཚོགས་པ་ཁག་གིས་རྒྱ་གར་གཞུང་གི་ཁྲིམས་དང་ཏག་ཏག་མཐུན་མི་ཐུབ་པའི་རྐྱེན་གྱིས་དེབ་སྐྱེལ་གྱི་ལག་ཁྱེར་ཤོར་བ་དང་། ལྷག་པར་དུ་ཕྱི་རྒྱལ་རོགས་དངུལ་སྤྲོད་མཁན་ཡོད་ཀྱང་རོགས་དངུལ་ལེན་སའི་དེབ་སྐྱེལ་གྱི་ཆ་རྐྱེན་ཚད་ལྡན་ཚང་མེད་ཚེ་བྱ་རྒྱུ་གང་ཡང་མི་འདུག དེར་བརྟེན་དེབ་སྐྱེལ་བྱས་པའི་སྒྲིག་འཛུགས་ཁག་དང་། དེབ་སྐྱེལ་བྱས་པའི་ཚོང་ལས་སྡེ་ཚན་ཁག་གིས་གནས་ཡུལ་གཞུང་གི་ཡུལ་ཁྲིམས་དང་མཐུན་པ་ཞིག་གནང་དགོས་པ་རེད།  ཅེས་གསུངས་སོང་།

བོད་མིའི་ཚོང་ལས་བདེ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་སྐབས་བཅོ་བརྒྱད་པ་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༩།༨

ཡང་སྲིད་སྐྱོང་མཆོག་གིས། དེང་སང་དེེབ་སྐྱེལ་བྱས་པའི་སྒྲིག་འཛུགས་མང་པོ་ཞིག་ལ་དཀའ་ངལ་མང་པོ་འཕྲད་པ་དང་། བསྐྱར་ཞིབ་བྱེད་དགོས་པ་མང་པོ་ཡོད་པ་རེད། ད་དུང་རྒྱ་གར་གཞུང་གི་ཁྲིམས་དེ་ལ་བསྐྱར་བཅོས་དང་འགྱུར་བ་མང་པོ་ཞིག་འགྲོ་ཡི་ཡོད་པས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ད་ལོར་ཚོང་ལས་སྡེ་ཚན་ལ་(FCRA)ཡི་སྐོར་དང་། (Trust)དང་(Society) སོགས་ལ་དེབ་སྐྱེལ་བྱས་པ་རྣམས་ལ་རྒྱ་གར་གཞུང་གི་འབྲེལ་ཡོད་ལས་ཁུངས་ཀྱིས་ཟབ་སྦྱོང་སྤྲོད་འཆར་ཡོད་ལ། བོད་པའི་སྤྱི་ཚོགས་ནང་དེབ་སྐྱེལ་བྱས་པའི་ཚོགས་པ་ཁག་ ༡༦༠ ནས་ ༡༧༠ དབར་ཡོད་པའི་ནང་ནས་ཕྱེད་ཀ་ཞིག་ལ་རྒྱ་གར་གྱི་ཁྲིམས་གཞིར་བཟུང་གིས་ཕྱི་རྒྱལ་ནས་དངུལ་ལེན་ཆོག་པ་ངེས་པར་དུ་བཟོ་དགོས་ཀྱི་འདུག ང་ཚོའི་ངོས་ནས་ག་ཚོད་ཐུབ་ཐུབ་ཀྱིས་ཁྲལ་རྒྱག་དགོས་པ་དེ་དག་ཁྲིམས་དང་སྒྲིག་གཞི་གཞིར་བཟུང་གིས་འགྲོ་ཐུབ་པ་ཞིག་དགོས་གལ་ཆེ་བ་དང་། གཞུང་ཁོངས་མིན་པའི་ཚོགས་པ་ཁག་གིས་བོད་མིའི་སྒྲིག་འཛུགས་ཁོ་ནར་བརྟེན་མི་དགོས་པར་སོ་སོ་རང་སྐྱ་འཕེར་བ་བྱེད་དགོས་གལ་ཆེ་ལ། ཚོང་ལས་སྡེ་ཁག་དང་ཚོགས་པ་ཁག་མུ་མཐུད་དུ་རྒྱུན་གནས་ཐུབ་པ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད། མ་འོངས་པར་ཚོང་ལས་སྡེ་ཁག་གི་ངོས་ནས་བོད་པའི་སྤྱི་ཚོགས་ལ་ཞབས་ཕྱི་ཞུ་རྒྱུ་དང་རོགས་རམ་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese