མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གློག་བརྙན་གསའ་གཟེངས་རྟགས་མི་འདྲ་བ་བཞིའི་ནང་མིང་འདོན་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་རྒྱལ་ཡོངས་སྐབས་གཉིས་པའི་དོམ་སེར་གློག་བརྙན་གཟེངས་རྟགས་ནང་བོད་ཀྱི་གློག་བརྙན་གསའ་ལ་གློག་བརྙན་རྩེ་གྲས་དང་། འཁྲབ་ཁྲིད་པ་རྩེ་གྲས། འཁྲབ་རོགས་རྩེ་གྲས། རོལ་དབྱངས་རྩེ་གྲས་བཅས་ཀྱི་བྱ་དགའི་མིང་འདོན་གནང་འདུག

གློག་བརྙན་གསའ་ཡི་མདུན་ངོས།

ཟླ་འདིའི་ཕྱི་ཚེས་ ༡༢ ནས་ཉིན་གྲངས་གཉིས་རིང་རྒྱ་ནག་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ། རྒྱ་ནག་གི་སྐབས་གཉིས་པའི་དོམ་སེར་གློག་བརྙན་གཟེངས་རྟགས་མཛད་སྒོ་འཚོགས་གཏན་ཁེལ་ཡོད་ཅིང་།  ཐེངས་འདིའི་དུས་སྟོན་ཐོག་རྒྱལ་ཁབ་དང་ས་གནས་ ༡༢༦ ཡི་གློག་བརྙན་བརྩམས་ཆོས་མི་འདྲ་བ་ ༥༣༤༣ མཉམ་ཞུགས་བྱས་ཡོད་པའི་ནང་ནས་གློག་བརྙན་བརྩམས་ཆོས་ ༡༢༥ བདམས་ཡོད་པ་དང་། དེའི་ནང་གློག་བརྙན་དང་། བརྙན་འཕྲིན་ཟློས་གར། དངོས་བཤུས་གློག་བརྙན། འགུལ་རིས་བཅས་ཀྱི་བརྩམས་ཆོས་རྩེ་ཕུད་གྲངས་ ༢༧ ལ་བྱ་དགའ་སྤྲོད་རྒྱུ་ཡིན་པ་ལྟར།  བོད་ཀྱི་གློག་བརྙན་གསའ་ལ་གློག་བརྙན་རྩེ་གྲས་དང་།  འདས་པོ་པདྨ་ཚེ་བརྟན་ལགས་ལ་འཁྲབ་ཁྲིད་པ་རྩེ་གྲས། ཚེ་བརྟན་བཀྲ་ཤིས་ལགས་ལ་འཁྲབ་རོགས་རྩེ་གྲས། གདུགས་དཀར་ཚེ་རིང་ལགས་ལ་རོལ་དབྱངས་རྩེ་གྲས་བཅས་མིང་འདོན་གནང་ཡོད་འདུག

བོད་ཀྱི་གློག་བརྙན་གསའ་ནི་གློག་བརྙན་འཁྲབ་ཁྲིད་པ་དམ་པ་པདྨ་ཚེ་བརྟན་ལགས་ཀྱི་བོད་སྐད་གློག་བརྙན་བརྒྱད་པ་དེ་ཡིན་ཞིང་། བརྩམས་ཆོས་དེ་ཕྱི་ལོ་ ༢༠༢༠ ལོའི་རིམས་ནད་ཀྱི་སྐབས་སུ་འབྲི་མགོ་བཙུགས་ཤིང་། ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡༠ པ་ནས་བཟུང་ཕབ་སྐྲུན་བྱེད་མགོ་བཙུགས་ཡོད་འདུག གློག་བརྙན་འདིའི་ནང་མི་དང་སྲོག་ཆགས་གཉིས་ཇི་ལྟར་མཉམ་དུ་འཚོ་སྡོད་བྱེད་པའི་སྐོར་གྱི་གཏམ་རྒྱུད་བཤད་ཡོད་པ་དང་། གློག་བརྙན་ཕབ་སྐྲུན་བྱ་ཡུལ་ནི་རི་དྭགས་གསའ་རྒྱུན་དུ་འཚོ་སྡོད་བྱ་སའི་ཡུལ་དངོས་ཏེ། མགོ་ལོག་རྨ་སྟོད་ཀྱི་སྟོང་རི་མཚོ་རྒན་ཉེ་འདབས་ནས་ཕབ་སྐྲུན་བྱས་པ་ཞིག་ཡིན་འདུག  གློག་བརྙན་འདིའི་ནང་དུ་བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་སྦྱིན་པ་དང་ཚེ་བརྟན་བཀྲ་ཤིས། ཞོང་ཙི་ཆིས་བཅས་ཀྱིས་གཙོ་འཁྲབ་གནང་ཡོད་འདུག་

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༣ ནས་ཕྱི་ཟླ་ ༦ ཚེས་ ༥ བར་ཐའེ་པེ་རྩོམ་རིག་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་དམ་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་བརྩམས་ཆོས་ཁག་ཅིག་བསྟན་ཡོད་པ་དང་། ཕྱི་ལོ་ ༢༠༢༤ ཟླ་ ༣ ཚེས་ ༡༠ ཉིན་ཨེ་ཤ་ཡའི་གློག་བརྙན་གཟེངས་རྟགས་ཆེན་མོའི་ཐོག་བོད་ཀྱི་གློག་བརྙན་གསའ་ལ་གློག་བརྙན་འཁྲབ་གཞུང་རྩེ་གྲས་དང་བརྙན་ལེན་རྩེ་གྲས་ཀྱི་བྱ་དགའ་ཐོབ་ཡོད་ཅིང་། ཕྱི་ལོ་ ༢༠༢༤ ཟླ་ ༢ པའི་ནང་ཧྥ་རན་སི་ཝེ་སོལ་ཨེ་ཤེ་ཡའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ (Vesoul International Film Festival of Asian Cinema) ཐེངས་ ༣༠ པའི་སྟེང་གློག་བརྙན་རྩེ་གྲས་ཀྱི་བྱ་དགའ་ཐོབ། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ནང་རྒྱ་ནག་ཧའེ་ནན་གླིང་ཕྲན་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ལྔ་པའི་སྟེང་གློག་བརྙན་འཁྲབ་ཁྲིད་པ་རྩེ་གྲས་ཀྱི་གསེར་གྱི་བྱ་དགའ་ཐོབ། ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་ཊོག་ཡོའི་གློག་བརྙན་དུས་སྟོན་ཐེངས་ ༣༦ པའི་ (The 36th Tokyo International Film Festival) སྟེང་གློག་བརྙན་རྩེ་གྲས་ཀྱི་བྱ་དགའ་ཐོབ། དེ་བཞིན་ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༧ ཚེས་ ༢༥ ཉིན་ཨེ་ཊ་ལི་རྒྱལ་ཁབ་ཀྱི་ལི་ཌོ་(Lido) གླིང་ཕྲན་དུ། རྒྱལ་སྤྱིའི་གློག་བརྙན་བཟོ་སྐྲུན་མཐུན་ཚོགས་ (International Federation of Film Producers Association) ཀྱིས་གོ་སྒྲིག་བྱས་པའི་སྐབས་ ༨༠ པའི་ཝེ་ནི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ (80th Venice International Film Festival) སྟེང་གཟིགས་འབུལ་ཞུས་ཡོད་འདུག

བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་དམ་པ་་པདྨ་ཚེ་བརྟན་ལགས་ནི་ཕྱི་ལོ་ ༡༩༦༩ ལོར་མདོ་སྨད་ཁྲི་ཀ་ནས་སྐྱེས་ཤིང་། གློག་བརྙན་འཁྲབ་ཁྲིད་པ་དང་། རྩོམ་པ་པོ། ལོ་ཙཱ་བ་བཅས་ཡིན་ལ། ཕྱི་ལོ་ ༢༠༠༢ ལོར་པེ་ཅིན་གློག་བརྙན་སློབ་གླིང་དུ་གློག་བརྙན་སྐོར་ལ་ཆེད་སྦྱོང་གནང་རྗེས། འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་བཅས་ཀྱི་ལས་ཀ་གཅིག་ལྕོགས་སུ་གནང་། ཁོང་གིས་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་དང་། འཚོལ། ཁྱི་རྒན། གཡང་མདའ། ཐར་ལོ་སོགས་གློག་བརྙན་རིགས་ ༡༤ ལྷག་འཁྲབ་འཁྲིད་གནང་སྟེ་བོད་ཕྱི་ནང་གཉིས་ནས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཁག་ནས་གཟེངས་རྟགས་ཁག་ཅིག་ཀྱང་ཐོབ་སྟེ། བོད་པ་རང་གིས་བཟོས་པའི་གློག་བརྙན་གྱིས་རྒྱལ་སྤྱིའི་སྐད་གྲགས་ཅན་གྱི་གློག་བརྙན་ཁྲོམ་རའི་ནང་གོམ་པ་དང་པོ་སྤོས་ཡོད་པ་རེད། དེ་བཞིན་ཁོང་གི་གློག་བརྙན་ཐར་ལོ་དང་ཁྱི་རྒན། ལག་དམར། དབུགས་ལྒང་བཅས་ལ་རྒྱལ་སྤྱིའི་ཝཱ་ནེ་སི་ (Venice) དང་། ཨ་རིའི་བྷིར་ཀི་ལིན་ (Brooklyn)། ཐའེ་ཝན་དང་རྒྱ་ནག་གི་གློག་བརྙན་དུས་སྟོན་སོགས་ཀྱི་ཐོག་གཟེངས་རྟགས་བྱ་དགའ་ཐོབ་སྟེ། རྒྱལ་སྤྱིའི་སྟེང་པདྨ་ཚེ་བརྟན་ལགས་ནི་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པའི་ཚབ་མཚོན་མི་སྣ་ལྟ་བུར་གྱུར་ཡོད་ལ། ཁོང་གི་གློག་བརྙན་གྲགས་ཅན་ཐར་ལོ་ལ་རྒྱ་ནག་དང་རྒྱལ་སྤྱིའི་གཟེངས་རྟགས་མི་འདྲ་བ་ ༡༢ ཐོབ་ཡོད་འདུག ཡིད་སྐྱོ་བ་ཞིག་ལ་ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༨ ཉིན་གྱི་དགོང་མོར་བོད་ཀྱི་རྒྱལ་ས་ལྷ་སར་གློ་བུར་དུ་སྐུ་གྲོངས་ཡོད་པ་རེད།

                                                                  གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

ཆུ་ཚོད་ ༥ སྔོན་ལ།
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

ཆུ་ཚོད་ ༦ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༨ སྔོན་ལ།
The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༩/༠༣
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

༢༠༢༦/༠༩/༠༣
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

༢༠༢༦/༠༩/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese