མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱི་དྭང་བླངས་ཞུ་གཏུག་ཚན་པར་འཛམ་གླིང་རྒྱལ་ཁབ་ ༡༩ ནང་ཚོགས་མི་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲིལ་བཀའ་བློན་མཆོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐར་རྟགས་ཅན་གྱི་དྲི་བ་ལྔ་ལ་ལན་འདེབས་གནང་སྐབས། འཛམ་གླིང་རྒྱལ་ཁབ་ ༡༩ ནང་དྭང་བླངས་ཞུ་གཏུག་ལས་འགུལ་བ་ཁྱོན་ ༧༩༠ ཡོད་པ་གསུངས་སོང་།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་བཅུ་བའི་ལས་ཉིན་གསུམ་པ། བོད་མིའི་སྒྲིག་འཛུགས་ཀྱི་ཐད་གཏོང་ནས་པར་བླངས།་༢༠༢༥།༩།༡༢

དེ་རིང་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་གསུམ་པའི་སྟེང་། བོད་མི་མང་སྤྱི་འཐུས་དངོས་གྲུབ་རྡོ་རྗེ་ལགས་ཀྱིས་བཀའ་ཤག་སྐབས་བཅུ་དྲུག་ནས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་རྒྱལ་སྤྱིའི་སྡིངས་ཆར་བོད་དོན་ལས་འགུལ་འདྲ་མིན་སྤེལ་ཆེད་དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་རུ་ཁག་ཅིག་གསར་འཛུགས་གནང་བ་དེ་འབྲེལ་སྐར་རྟགས་ཅན་གྱི་དྲི་བ་ལྔ་བཏོན་འདུག་ཅིང་། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་སྐར་རྟགས་ཅན་གྱི་དྲི་བ་དག་ལ་ལན་འདེབས་གནང་སོང་།

སྐར་རྟགས་ཅན་དྲི་བའི་ཁྲོད།  ད་བར་རྒྱལ་ཁབ་ག་ཚོད་ཀྱི་ནང་གསར་འཛུགས་གནང་ཐུབ་པའི་གྲངས་ཐོ་དང་། རུ་ཁག་རེ་རེའི་ནང་དང་བླངས་ཚོགས་མི་ཇི་ཡོད་ཀྱི་གྲངས་ཐོ་ཁ་གསལ་དགོས་རྒྱུ། དྭང་བླངས་རུ་ཁག་དེ་དག་ནས་ད་བར་གྲོས་ཚོགས་འཐུས་མི་གཙོས་ཆབ་སྲིད་མི་སྣ་ཇི་ཙམ་མཇལ་འཕྲད་ཞུ་ཐུབ་ཡོད་པ་དང༌། རུ་ཁག་རེ་རེ་ནས་གལ་གནད་ཅན་གྱི་གྲུབ་འབྲས་གཉིས་རེ་གསལ་བཤད་ཡོང་བ། ད་བར་གསར་འཛུགས་མ་ཐུབ་པའི་རྒྱལ་ཁབ་ཁག་གི་གྲངས་ཐོ་དང་། གསར་འཛུགས་མ་ཐུབ་པའི་རྒྱུ་མཚན་ཇི་ཆགས་གསལ་བཤད་ཡོང་བ། དྭང་བླངས་རུ་ཁག་གི་ལས་དོན་བྱེད་ཕྱོགས་སྤྱི་མཚུངས་ཡོང་ཆེད་སྤྱི་ལ་ཁྱབ་པའི་ལམ་སྟོན་ཇི་ཡོད་གསལ་བཤད་ཡོང་བ། དྭང་བླངས་རུ་ཁག་གི་ཚོགས་མི་རྣམས་བོད་དོན་འཐབ་རྩོད་པ་དང་བོད་དོན་རྒྱབ་སྐྱོར་བ་གང་ཡིན་ནམ་ཞེས་པ་བཅས་འདུག

ཕྱི་དྲིལ་བཀའ་བློན་མཆོག་གི་ལན་འདེབས་ལྟར་ན།  བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་དྭང་བླངས་བོད་དོན་ཞུ་གཏུག་ཚན་པར་རྒྱ་གར་ནང་ཚོགས་མི་ ༢༥༡ དང་། བལ་ཡུལ་ནང་ ༩། འབྲུག་ ༢། ཨོ་སི་ཊོ་ལི་ཡ་ ༡༡༡། ཐའེ་ཝན་ ༤། ནེའུ་ཛི་ལནཌ་ ༡། ཨ་རི་ ༡༣༩། ཁེ་ན་ཌ་ ༦༣། འཇར་མ་ནི་ ༢༡། ཨི་ཊ་ལི་ ༢། ལེག་ཊེན་ཤ་ཀྲེན་ ༢། སུད་སི་ ༣༩། ཨོ་སི་ཀྲི་རི་ཡ་ ༢༠། ཨིན་ཡུལ་ ༢༦། པོ་ལནཌ་ ༧། སུ་ཝེ་ཌན་ ༨། ཕ་རན་སི་ ༤༥། སྦེལ་ཇམ་ ༢༥། ནེ་རྡར་ལནཌ་ ༡༥ བཅས་འཛམ་གླིང་རྒྱལ་ཁབ་ ༡༩ ནང་ཚོགས་མི་ཁྱོན ༧༩༠ ཡོད་འདུག

ཕྱི་ལོ་ ༢༠༢༣ ནས་ད་སྔའི་བར་དྭང་བླངས་བོད་དོན་ཞུ་གཏུག་གི་ཚོགས་མི་རྣམས་ཀྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་དོན་ཞུ་གཏུག་གཟའ་འཁོར་ཞེས་པའི་ལས་འགུལ་སྤེལ་ཏེ། རྒྱ་གར་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་ཞུས་ཡོད་པ་དང་། མའོ་སོར་ནང་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་། བོད་རྒྱའི་རྩོད་རྙོག་སེལ་ཐབས་སུ་མུ་མཐུད་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས། ཨོ་གླིང་དུ་ཕྱི་སྲིད་བློན་ཆེན་དང་གྲོས་ཚོགས་འཐུས་མི་ ༣༥ མཉམ་དུ་༸སྐུའི་ཡང་སྲིད་སྐོར་རྒྱ་ནག་གཞུང་གིས་ཐེ་ཇུས་བྱེད་པར་བཀག་འགོག་ཆེད་སྲིད་ཇུས་གཏན་འབེབས་ཡོང་ཐབས་ཀྱི་འབོད་སྐུལ་ཞུས། ཧྥ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་མཇལ་འཕྲད་ཀྱིས་བོད་ནང་གི་གནས་སྟངས་སྐོར་ཞུ་གཏུག་བྱས། ཨོ་སི་ཀྲི་རི་ཡའི་གྲོང་ཁྱེར་ཚོགས་འདུ་སྐབས་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་དང་མཉམ་དུ་བོད་དོན་གླེང་མོལ་བྱས། ཁེ་ན་ཌ་ཨོ་ཊ་ཝ་གྲོང་ཁྱེར་དུ་གྲོས་ཚོགས་འཐུས་མི་དང་ཆབ་སྲིད་ཚོགས་པའི་གནད་ཡོད་མི་སྣ་དང་མཇལ་འཕྲད་ཀྱིས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞུ་གཏུག་བྱས། དབྱིན་ཡུལ་ཕྱི་སྲིད་ལྷན་ཁང་གི་ཚོགས་མི་མཇའ་འཕྲད་ཀྱིས་བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྐོར་གྱི་གནས་སྟངས་སྐོར་ལ་ཞུ་སྐུལ་བྱས། སྦེལ་ཇེམ་དུ་ཡུ་རོབ་གྲོས་ཚོགས་འཐུས་མི་ཁག་ཅིག་དང་ཆབ་སྲིད་མི་སྣར་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་བྱས། སུད་སི་ཇི་ནི་ཝ་རུ་བོད་ཀྱི་རིག་གནས་དགའ་སྟོན་ཞེས་པའི་བྱེད་སྒོ་སྤེལ་སྐབས་སུད་སི་གྲོས་ཚོགས་འཐུས་མི་གཉིས་ལ་བོད་ནང་གི་གནས་སྟངས་སྐོར་ཞུ་གཏུག་བྱས། འཇར་མན་བོད་ཁང་གི་བོད་ཀྱི་དུས་སྟོན་སྐབས་འཇར་མན་དང་། ཨོ་སོ་ཀྲི་རི་ཡ། སུད་སི་བཅས་ཀྱི་དྭང་བླངས་ཞུ་གཏུག་པ་རྣམས་ཀྱིས་མང་ཚོགས་ལ་དྭང་བླངས་ཞུ་གཏུག་ལས་འགུལ་སྐོར་གོ་རྟོགས་སྤེལ།   ནི་རྡར་ལན་ཌི་ནང་གི་ཝི་ཐི་ནམ་གཞུང་ཚབ་ཁང་དང་ཕྱི་སྲིད་ལས་ཁུངས་ལ་སྤྲུལ་སྐུ་ཧཱུྃ་དཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་གནད་དོན་ཐད་དྲང་བདེན་དགོས་པའི་རེ་འདུན་བཏོན་པ་སོགས་ཀྱིས་གནད་ཡོད་མི་སྣ་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་གཏུག་སོགས་གནང་ཡོད་འདུག

གཞན་ཡང་། ཞུ་གཏུག་ཚན་པ་དེའི་ལས་དོན་གནང་ཕྱོགས་ནི། དྭང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་ངོ་བོ་དང་ལས་འགན། འབྲེལ་ལམ་ཞུ་ཕྱོགས་སོགས་ཀྱི་ལམ་སྟོན་ཡིག་ཆ་གཏན་འབེབས་ཡོད་ཅིང་། དེའི་ཁྲོད་སྐུ་ཚབ་དོན་ཁང་རྣམས་ནས་སོ་སོའི་ཁྱབ་ཁོངས་དྭང་བླངས་ཞུ་གཏུག་ལས་འགུལ་བ་རྣམས་ལ་འབྲེལ་ལམ་དང་མཉམ་ལས། རྒྱབ་སྐྱོར་དང་ལམ་སྟོན་སོགས་ཀྱི་སྐོར་གསལ་ཡོད་པའི་ཐོག ལམ་སྟོན་ཡིག་ཆ་དེ་དག་དབུས་ལས་ཁུངས་ནས་དུས་ནས་དུས་སུ་དགོས་ངེས་བསྐྱར་བཅོས་ཀྱིས་སྐུ་ཚབ་དོན་ཁང་སོ་སོར་ཁུངས་འབུལ་ཞུ་བཞིན་ཡོད་པ་དང་། དྭང་བླངས་བོད་དོན་ཞུ་གཏུག་གི་ཚོགས་མི་རྣམས་བོད་མི་ཡིན་འདུག

སྐར་རྟགས་ཅན་གྱི་དྲི་བ་དང་འབྲེལ་ནས་སྤྱི་འཐུས་ཁག་ཅིག་ནས་དྭང་བླངས་ཞུ་གཏུག་ཚོགས་མི་རྣམས་ཀྱི་ལས་འགུལ་སྤེལ་བར་འགྲོ་གྲོན་གཞུང་གིས་གཏོང་གི་ཡོད་མེད་དང་། དྭང་བླངས་ཞུ་གཏུག་པའི་ལས་འགུལ་སྤེལ་ཕྱོགས། ཞུ་གཏུགས་ཀྱི་ཕན་ཐོགས་བཅས་ཀྱི་སྐོར་ལ་དྲི་བ་བཏོན་པར་ཕྱི་དྲིལ་བཀའ་བློན་མཆོག་ནས། དྭང་བླངས་ཞུ་གཏུག་ཚོགས་མི་རྣམས་ཀྱི་ལས་འགུལ་སྤེལ་བར་བོད་མིའི་སྒྲིག་འཛུགས་ཀྱིས་འགྲོ་གྲོན་བཏང་མེད། ཞུ་གཏུག་གི་ལས་འགུལ་གང་སྤེལ་ཡང་དྭང་བླངས་ཐོག་ནས་སྤེལ་གྱིན་ཡོད། བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་ཡིག་ཆ་ནང་དྭང་བླངས་ཞུ་གཏུག་གི་ཚོགས་མི་རྣམས་ཀྱིས་ལས་འགུལ་གང་སྤེལ་ཡང་རང་དབང་ཆ་ཚང་ཡོད་པ་རེད། ཡིན་ནའང་ལས་འགུལ་གང་ཞིག་སྤེལ་བཞིན་ཡོད་ཀྱང་། དོན་གཅོད་ཁང་དང་ཞུ་གཏུག་ཚན་པའི་ཤེས་པའི་ཐོག་ནས་ལས་འགུལ་སྤེལ་ཚེ་ནུས་པ་ལྡན་པ་ཡོང་གི་ཡོད་པའི་ལམ་སྟོན་གསལ་བོ་འཁོད་ཡོད། ད་ལྟ་བར་དུ་དྭང་བླངས་ཞུ་གཏུག་པའི་ཚོགས་འདུ་ཐེངས་གསུམ་འཚོགས་ཐུབ་ཡོད་ཅིང་། དེའི་ནང་དུ་ཚོགས་མི་བརྒྱ་མཉམ་ཞུགས་བྱས་ཏེ། བོད་མིའི་སྒྲིག་འཛུགས་སོགས་ཀྱི་ཐོག་གོ་རྟོགས་སྤེལ་ཡོད་ལ། དེ་བཞིན་ས་གནས་ཁག་མང་པོའི་ནང་དུ་ཟབ་སྦྱོང་སོགས་ཀྱི་ཐོག་ཕན་ཐོགས་བྱུང་ཡོད། ཅེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩
Mobile App

སྤྱི་འཐུས་གྲུབ་ཆ་བསྐྱར་བཅོས་ཀྱི་བསམ་འཆར།

༢༠༢༦/༠༥/༢༧
སྲིད་སྐྱོང་མཆོག་གིས་ལས་ཡུན་སྐབས་གསར་བའི་མིང་གཞུང་དུ་ཐོ་འགོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༧
Front Slider

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
TTT
Mobile App

སྤེན་པ་ཚེ་རིང་མཆོག་གིས་སྐབས་གཉིས་པའི་སྲིད་སྐྱོང་གི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༥/༢༧
འཇར་མན་གྱི་རྒྱལ་ས་བྷར་ལིན་དུ་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་འཇར་འཁོད་བོད་རིགས་ཚོགས་པ་དང་བོད་ཀྱི་ཟློས་གར་ཚོགས་པ་ཟུང་འབྲེལ་གྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་འཁྲབ་སྟོན་དང་གཟིགས་འབུལ་ཞུ་བཞིན་པ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༦།༥།༢༤
Mobile App

ཕྱི་ལོ་ ༢༠༢༦ ལོའི་བྷར་ལིན་སྣ་མང་རིག་གཞུང་དུས་སྟོན་ཐོག་བོད་པར་སྤྱི་ཡོངས་ཀྱི་འཁྲབ་སྟོན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese