མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏན་འཇགས་ཐབས་ཇུས་ཚོགས་ཆུང་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གསལ་བཤད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་མང་གཙོའི་ལུང་པའི་ནང་མི་སྒེར་གྱི་བསམ་ཚུལ་བརྗོད་པའི་རང་དབང་ཡོད་པ་བཞིན་མི་སྒེར་གྱི་བསམ་ཚུལ་ལ་བཀའ་ཤག་དང་གཏན་འཇགས་ཐབས་ཇུས་ཚོགས་ཆུང་ནས་འགན་འཁུར་དགོས་ཀྱི་མེད་སྐོར་གསུངས་སོང་།

གཏན་འཇགས་ཐབས་ཇུས་ཚོགས་ཆུང་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གསལ་བཤད་གནང་། ཐད་གཏོང་ནས་བླངས།

དེ་རིང་ཕྱི་ཚེས་ ༡༣ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བཞི་པའི་སྟེང་། གཏན་འཇགས་ཐབས་ཇུས་ཚོགས་ཆུང་དང་འབྲེལ་ནས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༢ པའི་ཐོག་དྲི་བ་དྲིས་ལན་གནང་ཡོད་ཅིང་། སྐབས་དེར་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་དེ་འབྲེལ་འཕྲོས་དོན་དྲི་བ་དྲིས་སོང་།

དེ་འབྲེལ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་གཉིས་པ་དང་འབྲེལ་ནས་འཕྲོས་དོན་དྲི་བ་དྲིས་པར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་གནང་བ་ལྟར་ན། བོད་རྒྱ་གྲོས་མོལ་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་དང་གཏན་འཇགས་ཐབས་ཇུས་ཚོགས་ཆུང་གི་ཚོགས་མི་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། མགྲོན་འབོད་ཞུས་པ་ལྟར་སྒེར་ངོས་ནས་ཕེབས་ཏེ། མང་གཙོའི་ལུང་པ་ཚང་མའི་ནང་སྒེར་གྱི་དགོངས་ཚུལ་གསུང་བའི་རང་དབང་ཡོད་པ་དང་། དེ་ལ་བརྟེན་ནས། ཁོང་གིས་གསུངས་པའི་བཀའ་མོལ་ལ་བཀའ་ཤག་ངོས་ནས་བསམ་ཚུལ་གང་ཡང་ཞུ་རྒྱུ་མེད་ཅིང་། ལྷག་པར་དུ། ཁོང་སྒེར་གྱིས་གསུངས་པའི་བཀའ་མོལ་ལ་བཀའ་ཤག་དང་གཏན་འཇགས་ཐབས་ཇུས་ཚོགས་ཆུང་གིས་འགན་འཁུར་དགོས་པའི་གནད་འགོག་མཐོང་མེད་སྐོར་གསལ་འདུག

མང་ཚོགས་ལ་གསུངས་པ་ནང་བཞིན་གཏན་འཇགས་ཐབས་ཇུས་ཚོགས་ཆུང་ནང་ལ་ལམ་སྟོན་དེ་འདྲ་གནང་ཡོད་མེད་དང་འབྲེལ་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ལམ་སྟོན་དེ་འདྲ་རྩ་བ་ནས་མེད་པས། མི་སྒེར་གྱི་དགོངས་ཚུལ་རེད། འོན་ཀྱང་། གཏན་འཇགས་ཐབས་ཇུས་ཚོགས་ཆུང་ནང་ཁོང་སྒེར་གྱི་དགོངས་ཚུལ་ཡོད། འདིར་ང་ཚོར་གཏན་འཇགས་ཐབས་ཇུས་ཚོགས་ཆུང་གི་སློབ་སྟོན་པའི་ངོ་བོའི་ཐོག་ནས་འབྲེལ་བ་བཏགས་ཡོང་གི་ཡོད་པ་རེད། སློབ་སྟོན་པའི་ནང་ལ་བསམ་ཚུལ་འདྲ་མིན་ཡོང་ཆོག་གི་རེད། ང་ཚོ་ཚོགས་ཆུང་འཚོག་སྐབས་ཚང་མས་ངས་ལབ་ཚད་འགྲིག་གི་འདུག་གསུང་མཁན་རྐྱང་རྐྱང་ཡིན་ན། ཚོགས་ཆུང་དགོས་ཀྱི་མི་འདུག་པཱ། མི་གཅིག་གིས་ཐག་བཅད་པ་ཡིན་ནའང་འགྲིག་གི་རེད་བཱ། བསམ་ཚུལ་མི་འདྲ་བ་ཡོང་གི་ཡོད་པ་རེད། ཡིན་ནའང་ག་རེར་བདག་པོ་རྒྱག་དགོས་ཀྱི་འདུག་དང་མི་འདུག ཐག་ག་རེ་གཅོད་དགོས་ཀྱི་ཡོད་པ་དེ་དག་འགན་ཡོད་མཁན་གྱིས་ཐག་གཅོད་ཀྱི་ཡོད་པ་རེད། འདི་བརྒྱུད་རིམ་ཞིག་གིས་ཐག་གཅོད་ཀྱི་ཡོད་པ་མ་གཏོགས་གང་ཟག་ལ་ཐག་གཅོད་རྒྱུའི་དབང་ཚད་མེད་པ་རེད། སྤྱི་ཚོགས་ནང་ལ་བོད་མིའི་སྒྲིག་འཛུགས་ཀྱི་སློབ་སྟོན་པའི་འགན་འཁུར་ནས་སྒེར་གྱི་བསམ་ཚུལ་བཤད་ཆོག་མིན་བཤད་ཚེ། སྒེར་གྱི་བསམ་ཚུལ་བཤད་ཆོག་གི་རེད། མང་གཙོ་རེད། བཤད་ཆོག་གི་རེད། ཚོགས་འདུ་སོགས་ཀྱི་སྔོན་ནས་བཤད་དུས་ནས་བཟུང་སྤྱི་བའི་འགན་ཞིག་ཡོད་པ་རེད། འདི་ངའི་སྒེར་གྱི་བསམ་ཚུལ་ཡོད་ཟེར་ནས་ཕལ་ཆེར་གསུངས་ཡོད་ཀྱི་རེད། ང་སྤྱིར་བཏང་གིས་ཚང་མ་ཉན་རྒྱུའི་དུས་ཚོད་རག་གི་མི་འདུག དེར་བརྟེན་ང་ཚོས་ངོས་འཛིན་ཞུ་སྟངས་དེ་འདྲ་ཡིན། ཞེས་བཀའ་ལན་གནང་སོང་།

རྒྱ་ནག་གི་མཁྲེགས་འཛིན་སྲིད་ཇུས་ཀྱི་འོག་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་དང་ལྷན་དུ་འབྲེལ་མོལ་འདོར་དགོས་མིན་སྐོར་ལ་སྲིད་སྐྱོང་མཆོག་གིས། ངས་གྲོས་ཚོགས་ནང་དུ་ཐེངས་མང་ཞུས་ཡོད། ད་ལྟ་ང་ཚོར་སྒོ་རྒྱབ་ཀྱི་འབྲེལ་བ་ཞིག་འགྲོ་ཡི་ཡོད་ཀྱང་རེ་བ་ཆེན་པོ་མེད་ཅེས་ཞུས་དང་ཞུ་མུས་ཡིན། ཞེས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་དང་ལྷན་དུ་འབྲེལ་བ་མུ་མཐུད་ནས་འཇོག་དགོས་པ་དེ་གནད་འགག་ཆེན་པོ་ཡིན་པ་དང་། མ་འོངས་པར་གོ་སྐབས་ག་དུས་ཡོང་གྲབས་ཡོད་མེད་གཏན་འཁེལ་མེད་སྟབས། ད་ལྟ་བར་དུ་འབྲེལ་བ་བཞག་པ་དང་། ད་ལྟའི་རྒྱ་ནག་གི་སྲིད་གཞུང་མཉམ་དུ་རེ་བ་དོར་དགོས་ཀྱི་རེད་ཟེར་བ་ནི་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་མིན་པ་དང་། གལ་སྲིད་རེ་བ་འདོར་དགོས་ཀྱི་ཡོད་ན་རྒྱ་ནག་དང་ལྷན་དུ་འབྲེལ་བ་བྱ་རྒྱུ་སོགས་ཆ་ཚང་མཚམས་འཇོག་རྒྱུ་ལས་མེད་སྐོར་སོགས་གསུངས་སོང་།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འཇགས་ཐབས་ཇུས་ཚོགས་ཆུང་དང་འབྲེལ་ནས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༢ པའི་ཁྲོད་དྲི་བ་བཞི་ཡོད་པ་ནི། གོང་གསལ་གསུང་བཤད་དེར་བཀའ་ཤག་ནས་ཐུགས་སྣང་བྱུང་ཡོད་དང་མེད། གལ་ཏེ་བྱུང་ཡོད་ཚེ་དགོངས་ཚུལ་ཇི་ཡོད་དང་། སློབ་སྟོན་པས་གོང་དུ་གསུངས་པའི་གནད་དོན་དེ་དག་གཏན་འཇགས་ཐབས་བྱུས་ཚོགས་འདུའི་སྐབས་ལམ་སྟོན་གནང་བ་བྱུང་ཡོད་དང་མེད། བཀའ་ཤག་དང་ཚོགས་ཆུང་གི་སློབ་སྟོན་པས་གསུངས་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཟིན་དགོས་པའི་རྒྱུ་མཚན་དག་གཅིག་འགྱུར་ཡིན་ནམ། ཡང་ན་ཐ་དད་ཡིན་མིན་གསལ་བཤད་ཡོང་བ། སློབ་སྟོན་པས་གསུངས་མོལ་དེས་མང་ཚོགས་མགོ་བོ་རྨོངས་གཞིར་མི་འགྱུར་རམ་ཞེས་བཀའ་འདྲི་ཞུས་ཡོད་འདུག

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་ ༡༠ པའི་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༢ པའི་ལན། གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་སློབ་སྟོན་པ་ཞིག་ནས་བོད་ཀྱི་མ་འོངས་མདུན་ལམ་འཚོལ་ཞིབ་ཅེས་པ་གཅིག་ལ་གསུང་བཤད་གནང་བའི་ནང་། “ད་ལྟ་རྒྱ་ནག་དམར་པོའི་སྲིད་གཞུང་མཁྲེགས་འཛིན་ཅན་དེའི་མཉམ་དུ་མིང་དང་དོན་མཚུངས་པའི་འབྲེལ་བ་ཞིག་དང་ཞི་མོལ་ཞིག་དང་ཞི་འགྲིགས་ཤིག་ཡོང་ཡས་གི་རེ་བ་རྩ་བ་ནས་མི་འདུག་བསམ་གྱི་འདུག ང་ཚོའི་ཕྱོགས་ནས་ད་ལྟའི་སྲིད་གཞུང་དེའི་མཉམ་དུ་གནད་དོན་དེ་འདྲ་ཞིག་ཡོང་རྒྱུ་ལ་རེ་བ་དེ་དོར་དགོས་ཀྱི་འདུག་”ཅེས་དང་། ཡང་ཁོང་གིས་ “དབུ་མའི་ལམ་གྱི་སྲིད་བྱུས་གཞི་བཞག་སའི་གནས་བབ་དེ་རྒྱ་ནག་གུང་གྲན་ཏང་གི་སྲིད་གཞུང་དེའི་དབང་སྒྱུར་དེ་མུ་མཐུད་དེ་གནས་ཀྱི་ཡོད་པ་ལ་གཞི་བཞག་ནས་དབུ་མའི་ལམ་གྱི་སྲིད་བྱུས་དེ་ཟིན་པ་རེད། གནས་བབ་གཞན་གྱི་ཐོག་ལ་ང་ཚོར་སྲིད་བྱུས་གང་ཡང་ཡོད་མ་རེད། གྲ་སྒྲིག་གང་ཡང་ཡོད་མ་རེད། དངོས་ཡོད་གནས་ཚུལ་ཐོག་ལ་བལྟས་པ་ཡིན་ན་རྒྱ་ནག་ནང་ལ་ཡིན་པ་ཡིན་ན་ཡང་འགྱུར་བ་འགྲོ་བཞིན་པ་དང་འགྲོ་སྲིད་པ་ཡིན་པ་དེ་གསལ་པོ་རེད། ང་ཚོ་ལ་གྲ་སྒྲིག་དང་འཆར་གཞི་གང་ཡང་མེད་པ་འདྲ་པོ་མཐོང་གི་འདུག” ཅེས་སོགས། ཞི་འགྲིག་གི་རྨང་གཞིའི་ཆོད་སེམས་དང་། དབུ་མའི་ལམ་གྱི་སྲིད་བྱུས་འཛིན་དགོས་དོན། མ་འོངས་བོད་ཀྱི་འཐབ་རྩོད་ཀྱི་གྲ་སྒྲིག་བཅས་ཀྱི་ཐད། ༸རྒྱལ་བའི་ལམ་སྟོན་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དང་མི་འདྲ་བའི་འགྲེལ་བཤད་ཐད།

སྲིད་སྐྱོང་ལ་བཏང་མཁན་བྱུང་ཡང་སྒེར་གྱི་དགོངས་ཚུལ་ཡིན་ཙང་བསམ་ཚུལ་གང་ཡང་མ་བྱུང་བ་དང་། དོ་བདག་སྒེར་གྱིས་མཉམ་ཞུགས་གནང་བར་ལམ་སྟོན་ཡང་ཞུ་དགོས་དོན་མེད། དེ་བཞིན་བཀའ་ཤག་གིས་དབུ་མའི་ལམ་གྱི་སྲིད་ཇུས་འཛིན་དགོས་པའི་རྒྱུ་མཚན་རྣམས་ད་བར་ཡོངས་གྲགས་ཐོག་ཡིག་ངག་གཉིས་ནས་གསལ་བཤད་བྱས་ཟིན་པ་ཡིན་ཞིང་། བཀའ་ཤག་གི་ལངས་ཕྱོགས་དང་མ་མཐུན་པའི་རིགས་དྲི་བ་ནང་ནས་ཁ་གསལ་ཡིན་པ་མོས་མཐུན་མེད་ཅེས་དང་། མང་ཚོགས་ཀྱིས་བཀའ་ཤག་གི་གང་བཤད་པ་དེ་དག་ལའང་ཐུགས་སྣང་གནང་ན་མགོ་བོ་རྨོངས་མི་དགོས་པའི་གནས་སྟངས་ཡིན་པ་བཅས་འཁོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༢༡ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༣ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese