མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་དང་ལྷན་དུ་སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་འཇོག་བཞིན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་བའི་སྟེང་སྐར་རྟགས་ཅན་གྱི་དྲི་བ་དང་འབྲེལ་ནས་བོད་རྒྱ་འབྲེལ་མོལ་དང་གཏན་འཇགས་ཐབས་བྱུས་ཚོགས་ཆུང་། སྒོ་རྒྱབ་ཀྱི་འབྲེལ་མོལ་སོགས་ཀྱི་གནས་སྟངས་སྐོར་ལ་གླེང་སློང་གནང་སོང་།

སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ལས་ཉིན་ལྔ་པ་འཚོགས་བཞིན་པ། ཐད་གཏོང་གི་པར། ༢༠༢༥།༠༩།༡༥

དེ་རིང་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༠ པའི་ལས་ཉིན་ལྔ་བའི་ཐོག བོད་མི་མང་སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས་སྐར་རྟགས་ཅན་གྱི་དྲི་བ་ཨང་ ༣ པའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་འགན་འཁྲི་གཙོ་བོ་ཞིག་ནི་བོད་རྒྱའི་དཀའ་རྙོག་སེལ་ཐབས་དེ་ཡིན་པར་དེའི་ཐོག་ལོ་མང་ཐབས་བྱུས་སྣ་མང་གནང་ཡོད། དཔེར་ན་ ༢༠༢༤ ལོར་བཀའ་ཤག་སྐབས་ ༡༦ པའི་སྲིད་སྐྱོང་གི་འགན་འཁྲིས་ཨ་རིའི་གྲོས་ཚོགས་སུ་བོད་དོན་ཁྲིམས་འཆར་ Resolve Tibet Act གཏན་འབེབས་གནང་ཡོད། དེའི་ནང་དོན་དུ་ལོ་རྒྱུས་ཐོག་བོད་རྒྱ་ནག་གི་ཆ་ཤས་ནམ་ཡང་མིན་པ་མ་ཟད་བོད་ཅེས་པ་ནི་ཆོལ་ཁ་གསུམ་ཡིན་པར་བསྐྱར་ནན་འཁོད་ཡོད་པ་དེར་བོད་རྒྱལ་ཁབ་གཙོ་བོ་གཞིར་བཞག་གི་ལས་དོན་གལ་ཆེན་ཞིག་ཆགས་ཡོད། དེ་ཙམ་མ་ཡིན་པའི་ ༢༠༠༢ ནས་འགོ་འཛུགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཆེད་ད་བར་བོད་རྒྱ་འབྲེལ་མོལ་ཐེངས་དགུ་གནང་ཡོད། འོན་ཀྱང་ ༢༠༡༠ ནས་ད་བར་རྒྱ་ནག་གཞུང་གིས་ཟོལ་མེད་ཀྱི་ཁ་ཡ་མ་བྱས་པར་འབྲེལ་མོལ་སླར་གསོ་མེད་པར་ལོ་ ༡༥ ཕྱིན་ཡོད་ན་ཞེས་དང་། སྐར་རྟགས་ཅན་གྱི་དྲི་བའི་ཁྲོད། བཀའ་ཤག་ངོས་ནས་དེ་ལ་བསམ་ཚུལ་དང་གཟིགས་ཚུལ་གང་ཡོད་དམ་དང་།  བཀའ་ཤག་སྐབས་ ༡༦ པའི་དུས་ཡུན་རྫོགས་ལ་ཉེ་བ་ཡིན་པར་བོད་རྒྱ་འབྲེལ་མོལ་ཐབས་བྱུས་ཚོགས་ཆུང་གི་ལས་དོན་གྱི་གནས་བབས་ད་ལྟ་ག་པར་ལ་སླེབས་ཡོད་དམ།  རྒྱལ་སྤྱིའི་སྟེང་ཆབ་སྲིད་འཕོ་འགྱུར་རྐྱེན་པས་ད་ལམ་རྒྱལ་ཁབ་མང་པོས་རྒྱ་ནག་ལ་ལྟ་ཚུལ་དང་ཚོར་སྣང་སྔར་དང་མི་འདྲ་བའི་ཞན་པོ་ཆགས་ཡོད། དེ་ནི་རྒྱལ་སྤྱིའི་སྙན་གྲགས་ཅན་སྒྲིག་འཛུགས་ཀྱི་སྙན་ཐོ་ཁག་དང་། རྒྱལ་ཁབ་མཉམ་འབྲེལ་གྱིས་རྒྱ་ནག་ལ་གདོང་ལེན་ཆེད་འཛུགས་ཀྱི་ལས་གཞི་དང་སྒྲིག་འཛུགས་ཁག་ནས་མངོན་གསལ་མཚོན་ཐུབ། རྒྱལ་སྤྱིའི་ཆབ་སྲིད་འཕོ་འགྱུར་དུས་ཀྱི་འགྱུར་བ་གཞིར་བཞག་གི་ད་ཆ་བོད་མིའི་སྒྲིག་འཛུགས་ངོས་ནས་ཀྱང་བོད་རྒྱ་འབྲེལ་མོལ་དེ་ལ་འགྱུར་བཅོས་ཤིག་དགོས་པར་གཟིགས་ཀྱི་ཡོད་དམ་ཞེས་པ་བཅས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལན་འདེབས་ལྟར་ན། དྲི་བའི་ནང་བོད་དོན་ཁྲིམས་འཆར་ཞེས་འཁོད་པ་དེ་བོད་དོན་ཁྲིམས་ཡིག་ཡིན་དགོས།  ད་ལྟའི་ཆར་རྒྱ་ནག་གི་འགོ་འཁྲིད་ཚོས་བོད་ཐོག་མཁྲེགས་འཛིན་གྱི་སྲིད་བྱུས་འཛིན་སྟངས་ལ་བལྟས་ན་རེ་བ་དེ་ཙམ་མ་མཐོང་ནའང་། སྒོ་རྒྱབ་ཀྱི་འབྲེལ་བ་འཇོག་བཞིན་ཡོད། མ་འོངས་རྒྱ་ནག་གི་འགོ་འཁྲིད་བསམ་ཤེས་ཅན་བྱུང་བའམ། རྒྱ་ནག་ནང་འགྱུར་བ་ཆེན་པོ་འགྲོ་བཞིན་པ་དང་། རྒྱལ་སྤྱིའི་ཆབ་སྲིད་འཁྲུག་པོའི་ཁྲོད་བོད་དོན་ཐབས་རྩོད་ལ་གོ་སྐབས་དང་གདོང་ལེན་ཇི་ཡོད་ཐབས་བྱུས་ལྡན་པའི་སྒོ་ནས་གོམ་པ་རྒྱབ་བཞིན་ཡོད་ཅེས་དང་། བོད་རྒྱ་འབྲེལ་མོལ་ཐབས་བྱུས་ཚོགས་ཆུང་དེ་གཏན་འཇགས་ཐབས་བྱུས་ཚོགས་ཆུང་ལ་བསྒྱུར་ཟིན་པ་ལྟར་གཏན་འཇགས་ཐབས་བྱུས་ཚོགས་ཆུང་ལ་གོ་དགོས་ན། ཚོགས་ཆུང་དེའི་ལས་དོན་དགོས་དམིགས་ལྟར་སྐབས་བསྟུན་ཞུ་སྒོ་ཁག་ཞུ་མུས་ཡིན། དེ་ལྷག་ལན་ཞུ་ཐབས་མ་མཆིས། དེ་བཞིན་བོད་རྒྱ་འབྲེལ་མོལ་དང་ཞི་མོལ་བརྒྱུད་བོད་རྒྱའི་དཀའ་རྙོག་གསལ་དགོས་ཀྱི་ཡོད་སྟབས། དྲི་བ་དང་པོའི་ལན་དུ་གསལ་བ་ལྟར་སྐབས་དུས་སོ་སོའི་གནས་སྟངས་ལ་བསྟུན་ནས་ཐབས་བྱུས་འགྱུར་བ་གཏོང་དགོས་པ་ཡོང་སྲིད་པ་བཅས་འཁོད་འདུག

སྐར་རྟགས་ཅན་གྱི་དྲི་བ་དང་འབྲེལ་ནས་སྤྱི་འཐུས་ཁག་ཅིག་གིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དེར་ནུས་པ་ཡོད་མེད་དང་། བོད་རྒྱ་འབྲེལ་མོལ་གྱི་འགན་དེ་དགའ་ལྡན་ཕོ་བྲང་དང་བཀའ་ཤག་གཉིས་ཀྱི་ནང་ནས་གང་གིས་འཁུར་གྱི་ཡོད་མེད། བོད་རྒྱ་འབྲེལ་མོལ་གྱི་སྒོ་རྒྱབ་ཀྱི་འབྲེལ་བ་ག་འདྲ་ཡིན་མིན། བོད་རྒྱ་འབྲེལ་མོལ་དང་ཐབས་བྱུས་གཏན་འཇགས་ཚོགས་ཆུང་གཉིས་ལ་ཁྱད་པར་ཡོད་མེད་བཅས་ཀྱི་ཐོག་འཕྲོས་དོན་དྲི་བ་བཏོན་པར་སྲིད་སྐྱོང་མཆོག་ནས། བོད་རྒྱ་ཞི་མོལ་དངོས་སུ་བྱུང་བའི་སྐབས་སུ་གོམ་པ་གང་འདྲ་རྒྱག་དགོས་མིན་གྱི་གནས་སྟངས་ཤིག་ཆགས་ཡོང་གི་རེད། དེའི་བར་དུ། ཕྱི་ལོ་ ༢༠༠༢ ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་མཇུག་སྐྱོང་མུ་མཐུད་གནས་བསྡད་ཡོད། བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དེ་ནུས་མེད་གཏོང་མིན་གྱི་སྐད་ཆ་ད་ལྟ་བསླེབ་ཀྱི་མེད། སྐབས་དེ་དུས་ང་ཚོས་གནས་སྟངས་ལ་བལྟས་ཏེ་བལྟ་དགོས་རྒྱུ་ཞིག་རེད། ད་ལྟ་བོད་རྒྱ་འབྲེལ་མོལ་གྱི་འབྲེལ་བ་སླར་གསོ་ཡོང་མ་ཡོང་གི་གནས་སྟངས་ཐོག་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་སྙན་སེང་ཞུས་པའི་ལམ་སྟོན་བཞིན་གོམ་པ་རྒྱག་བཞིན་ཡོད། ད་ལྟའི་ཆར་མི་འགྲོ་སུ་འགྲོ་དགོས་མིན་ཐད་སྲིད་སྐྱོང་གིས་འགན་འཁུར་བཞིན་ཡོད། གལ་སྲིད་བོད་རྒྱ་ཞི་མོལ་དངོས་སུ་མགོ་བཙུགས་ཐུབ་པའི་གནས་སྟངས་བྱུང་ཚེ། སྐབས་དེར་སྐུ་ཚབ་དང་དམིགས་བསལ་སྐུ་ཚབ་ཀྱི་མཚན་གནས་གང་དགོས་ཡང་། ༸གོང་ས་མཆོག་ནས་བསྐོ་བཞག་གནང་རྒྱུ་རེད། གཏན་འཇགས་ཐབས་བྱུས་ཚོགས་ཆུང་ནང་དུ་དགའ་ལྡན་ཕོ་བྲང་གི་འཐུས་མི་ཡོད་པ་རེད། ༸གོང་ས་མཆོག་ལ་སྙན་སེང་ཞུ་སྐབས་སྲིད་སྐྱོང་དང་འབྲེལ་ཡོད་གཉིས་བཅར་གྱི་ཡོད། ༸གོང་ས་མཆོག་ནས་བཀའ་གང་གནང་བ་བཀའ་དྲུང་ཡིག་ཚང་དུ་ཉར་གྱི་ཡོད། དེའི་ཐོག་གཏན་འཇགས་ཐབས་བྱུང་ཚོགས་ཆུང་གིས་བགྲོ་གླེང་བྱེད་བཞིན་ཡོད། བོད་རྒྱ་འབྲེལ་མོལ་གྱི་སྒོ་རྒྱབ་ཀྱི་འབྲེལ་བའི་ཐོག་ང་ཚོས་ཧ་ཅང་གཟབ་གཟབ་བྱེད་བཞིན་ཡོད། རིམ་པ་ཁ་ཤས་ཤིག་བརྒྱུད་ནས་འགྲོ་བཞིན་ཡོད། སྒོ་རྒྱབ་ཀྱི་འབྲེལ་བ་གང་ཡོད་ཀྱང་སྲིད་སྐྱོང་གི་བཀའ་འཁྲོལ་འོག་འགྲོ་བཞིན་ཡོད། བཀའ་འཁྲོལ་མེད་པའི་སྒོ་རྒྱབ་གང་ལའང་ངོས་འཛིན་བྱེད་ཀྱི་མེད། སྒོ་རྒྱབ་ཀྱི་འབྲེལ་བའི་ཉེན་ཁ་དང་གཟབ་གཟབ་བྱེད་དགོས་སར་གྲོས་བསྡུར་རིམ་པ་མང་པོ་བྱེད་བཞིན་ཡོད་ལ། རྒྱལ་སྤྱི་དང་རྒྱ་ནག་ནང་གི་མངོན་གསལ་ཡོད་མེད་ཀྱི་གནས་སྟངས་ཚང་མའི་ཐོག་བསམ་བློ་བཏང་ནས་བགྲོ་གླེང་བྱེད་ཀྱི་ཡོད། བོད་རྒྱ་འབྲེལ་མོལ་དང་གཏན་འཇགས་ཐབས་བྱུས་ཚོགས་ཆུང་གཉིས་ལ་གྲུབ་ཆའི་ཐོག་ནས་ཁྱད་པར་ཡོད་ལ། བོད་རྒྱ་འབྲེལ་མོལ་ཚོགས་ཆུང་གིས་བོད་རྒྱ་འབྲེལ་མོལ་རྐྱང་བའི་ཐོག་ལས་ཀ་བྱེད་དགོས་པ་རེད། གཏན་འཇགས་ཐབས་བྱུས་ཚོགས་ཆུང་གིས་བོད་རྒྱ་འབྲེལ་མོལ་དང་འབྲེལ་བའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཡིག་ཆ་སོགས་གྲ་སྒྲིག་བྱེད་བཞིན་ཡོད། བོད་རྒྱ་འབྲེལ་མོལ་ཐོག་ཐད་ཀར་འབྲེལ་བ་མེད་ཀྱང་ཐབས་བྱུས་ཐོག་ལས་ཀ་བྱེད་བཞིན་ཡོད། མ་འོངས་བར་གཏན་འཇགས་ཐབས་བྱུས་ཚོགས་ཆུང་ཤུགས་ཆེ་རུ་གཏོང་དགོས་པའི་གནས་བབ་འདུག  ཅེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༦ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༦ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese