མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོར་ཆོལ་གསུམ་དཔའ་བོ་དཔའ་མོ་མཉམ་འཛོམས་ཀྱི་ཚོགས་འདུ་ཞིག་འཚོག་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp

༸སྐུའི་གོ་སྟོན་དང་བསྟུན་བདེ་སྲུང་ལས་ཁུངས་ཀྱིས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་མི་ཟུར་བ་དང་། གློ་སྒྲིག་འཛུགས་སོགས་ཆོལ་གསུམ་དཔའ་བོ་དཔའ་མོ་མཉམ་འཛོམས་ཀྱི་ཚོགས་འདུ་ཞིག་སྐོང་ཚོགས་གནང་རྒྱུ་ཡིན་འདུག

པར་བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས། ༢༠༢༥།༩།༡༧

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་པའི་ལས་ཉིན་བདུན་པའི་སྐབས། བོད་མིའི་སྒྲིག་བདེ་སྲུང་ལས་ཁུངས་ཀྱི་ཕྱི་ལོ་ ༢༠༢༤ ཟླ་ ༤ ཚེས ༡ ནས་ཕྱི་ལོ་ ༢༠༢༥ ཟླ་ ༣ ཚེས་ ༣༡ བར་གྱི་ལོ་འཁོར་ལས་སྡོམ་སྙིང་བསྡུས་ཀྱི་ཐད་བགྲོ་གླེང་དང་དྲི་བ་དྲི་ལན་སྐབས། བོད་ནང་གཉེན་འཕྲད་དུ་སྐྱོད་མཁན་རྣམས་ལ་ལམ་སྟོན་དང་། དེ་བཞིན་འདི་ལོར་༸སྐུའི་གོ་སྟོན་སྲུང་གཙིའི་ཆ་ཤས་སུ་བོད་ཀྱི་དཔའ་བོ་དཔའ་མོའི་ལྷན་འཛོམས་ཤིག་ཀྱང་འཚོག་འཆར་ཡོད་པའི་མུར། ཚོགས་འདུའི་སྐུ་མགྲོན་གཙོ་བོར་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་བུ་དང་། ལྷ་སྲས་རྒྱ་ལོ་དོན་འགྲུབ་ཀྱི་བུ་གཉིས་མགྲོན་འབོད་གནང་རྒྱུ་ཡིན་འདུག

བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། དེང་སང་ཕྱི་རྒྱལ་གྱི་བོད་པ་ཁག་ཅིག་བོད་ནང་གཉེན་འཕྲད་དུ་འགྲོ་མཁན་ཆགས་ཡོད། ཁ་ཤས་ལོ་མང་པོའི་རིང་ནང་མི་དང་ཁ་བྲལ་བའི་གནས་སྟངས་ཐོག་འགྲོ་བའི་གོ་སྐབས་བྱུང་ཡོད་ལ། དེའི་ཁྲོད་ཀྱི་ཁ་ཤས་ཤིག་གིས་གོ་སྐབས་དེ་བེད་སྤྱོད་ལོག་པར་གཏོང་བཞིན་པ་ཤིག་ཆགས་ཡོད། དེའི་ཐོག་འབྲེལ་ཡོད་དོན་གཅོད་ལས་ཁུངས་དང་ཕྱི་དྲིལ་ལས་ཁུངས་ཀྱིས་དོ་སྣང་བྱེད་བཞིན་ཡོད། སྔོན་མའི་གྲོས་ཚོགས་སྐབས་སུ་སྙན་སེང་ཞུས་པ་བཞིན་ཕྱི་དྲིལ་བཀའ་བློན་དང་བདེ་སྲུང་བཀའ་བློན་སོགས་འབྲེལ་ཡོད་ལས་བྱེད་རྣམས་མཉམ་འཛོམས་ཐོག བོད་ནང་གཉེན་འཕྲད་འགྲོ་ཕྱོགས་ཀྱི་ལམ་སྟོན་རགས་ཟིན་ཞིག་བཀའ་ཤག་ལ་ཕུལ་ཡོད་པ་དང་། བཀའ་ཤག་གིས་བཀའ་འཁྲོལ་ཐོབ་སྟེ་ས་གནས་མགོ་འཛིན་ལས་ཁུངས་དང་ས་གནས་དོན་གཅོད་ལས་ཁུངས་ཁག་ཏུ་ཕུལ་ཟིན། ལམ་སྟོོན་དེས་ནུས་པ་གང་འདྲ་ཐོན་ཡོད་མེད་བཤད་ཚོད་ཁག་པོ་རེད། བཀོད་ཁྱབ་བཏང་རྗེས་བཀའ་ཤག་གིས་ལམ་སྟོན་དེ་ལག་བསྟར་འགྲོ་ཡི་ཡོད་མེད་ཐོག་བགྲོ་གླེང་བྱུང་། དེ་བཞིན་ས་གནས་ཁག་ཏུ་ཐེངས་མང་པོར་དེའི་སྐོར་ལ་མུ་མཐུད་དུ་ཞུ་དགོས་པ་བཤད་ཡོད། ད་ལན་རྒྱ་གར་དང་ཕྱི་རྒྱལ་གྱི་སྤྱི་འཐུས་རྣམ་པ་འདིར་འཛོམས་ཡོད་པར་བསྟུན། བཀའ་ཤག་གི་བཀོད་ཁྱབ་དེ་ཚོགས་དྲུང་ལས་ཁུངས་སུ་ཕུལ་ཡོད་ཀྱང་། སང་ཉིན་འདྲ་བཤུས་གྲངས་ ༤༥ བཟོས་ཏེ་སྤྱི་འཐུས་སོ་སོར་ཕུལ་རྒྱུ་ཡིན། སྤྱི་འཐུས་རྣམ་པས་འབྲེལ་བ་ཡོད་སའི་ས་གནས་དང་སྤྱི་ཚོགས་ཁྲོད་དུ་ཐུགས་འགན་བཞེས་རོགས་ཞུ་རྒྱུ་ཡིན། ཞེས་གསུངས་སོང་།

ཡང་ཁོང་མོས། དེ་བཞིན་བརྒྱུད་ལམ་འདི་བརྒྱུད་ནས་བོད་ནང་དུ་གཉེན་འཕྲད་དུ་མ་ཕེབས་ཞུ་ཐུབ་ཀྱི་མ་རེད། ཡིན་ནའང་རྒྱ་ནག་གུང་ཁྲན་ཏང་གི་བེད་སྤྱོད་ཀྱི་ལག་ཆར་མ་འགྱུར་བ་ཞིག་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད། རྒྱ་གར་གཙོས་བོད་ནང་གཉེན་འཕྲད་དུ་འགྲོ་མཁན་རྣམས་ཀྱིས་ངེས་པར་དུ་བདེ་སྲུང་ལས་ཁུངས་སུ་འབྲེལ་བ་བྱེད་ནས་འགྲོ་ན་ཡག་པོ་རེད་མ་གཏོགས། དེ་མིན་གྱི་མི་སྒེར་ལ་དཀའ་ངལ་འཕྲད་མི་སྲིད་པ་མ་རེད། དེ་འདྲའི་རིགས་ཀྱི་གནས་ཚུལ་བྱུང་ཚེ་བདེ་སྲུང་ལས་ཁུངས་ཀྱིས་ཀྱང་གང་ཡང་བྱེད་ཐུབ་ཀྱི་མ་རེད། ད་ལྟའི་ཆར་དེ་འདྲའི་རིགས་ཀྱི་གནས་སྟངས་ཡོང་བསྡད་ཡོད། དེའི་ཐོག་ས་གནས་མགོ་འཛིན་ལས་ཁུངས་དང་དོན་གཅོད་ཁང་བཅས་ཀྱིས་ངེས་པར་དུ་མཁྱེན་པ་བྱེད་རོགས། གཉེན་འཕྲད་ཀྱི་གནས་ཚུལ་སྐོར་བདེ་སྲུང་ལས་ཁུངས་ལ་ཕུལ་དགོས་པ་གང་ཡང་མེད། བདེ་སྲུང་ལས་ཁུངས་ཀྱིས་གནས་ཚུལ་གྱི་བརྒྱུད་ལམ་བཙལ་བ་གང་ཡང་མ་རེད། བོད་དུ་གཉེན་འཕྲད་དུ་འགྲོ་བའི་གནས་ཚུལ་བདེ་སྲུང་ལས་ཁུངས་སུ་བཤད་ཚེ། རྗེས་སུ་དཀའ་ངལ་བྱུང་ཚེ་བདེ་སྲུང་ལས་ཁུངས་ཀྱིས་གསལ་བཤད་བྱེད་པའི་ལམ་ཁ་ཆགས་ཀྱི་ཡོད་ལ། རྒྱལ་ཁབ་ཁག་གི་གཞུང་གི་གཟིགས་ཕྱོགས་ཐོག་ཁྱད་པར་གཏན་གཏན་ཡོང་གི་རེད། ཅེས་གསུངས་སོང་།

དེ་བཞིན་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། རྒྱ་ནག་གུང་ཁྲན་ཏང་བཙུགས་ནས་ལོ་དྲུག་ཅུ་འཁོར་བའི་མཛད་སྒོའི་ཐོག་ཕྱི་རྒྱལ་གྱི་བོད་པ་ཁག་ཅིག་བོད་ཀྱི་སྐུ་ཚབ་བྱས་ཏེ་ཕྱིན་ཡིན་ཟེར་བའི་གནས་ཚུལ་སོགས་ཀྱི་ཐོག བདེ་སྲུང་ལས་ཁུངས་ནས་དོ་སྣང་བྱེད་བཞིན་ཡོད་ཅིང་། བཀའ་ཤག་ལའང་དུས་ཐོག་ཏུ་ཞུས་ཏེ་ལམ་སྟོན་ཞུས་ཡོད། ཁོང་ཚོ་བོད་པའི་སྐུ་ཚབ་ཆགས་ཀྱི་ཡོད་མེད་རྒྱ་ནག་གཞུང་གིས་གསལ་ཤོས་ཤེས་ཀྱི་ཡོད་པ་རེད། དེང་སང་ཁག་ཅིག་གིས་མཛའ་འབྲེལ་ཚོགས་པ་ཟེར་བ་དེ་འདྲ་བཙུགས་ཡོད། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུ་ཁྲིད་ཀྱི་ཐུགས་རྗེ་བཀའ་དྲིན་ཁོ་ནར་བརྟེན་ནས། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱིས་མཇུག་སྐྱོང་བྱས་ཏེ་དམངས་གཙོའི་སྐུ་ཚབ་འདིར་བཞུགས་བསྡད་ཡོད། དེ་ལས་གཞན་པའི་སྐུ་ཚབ་ཞིག་ལ་ངོས་ལེན་རྩ་བ་ཉིད་ནས་བྱེད་ཐབས་མེད། སྐུ་ཚབ་ཡིན་ཟེར་བ་དེ་ཧམ་བཤད་དང་སོ་སོའི་ཁེ་ཕན་ཞིག་བྱེད་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། ཅེས་དང་། ༸གོ་སྟོན་དང་འབྲེལ་ནས་བདེ་སྲུང་ལས་ཁུངས་ཀྱིས་༸གོང་ས་མཆོག་གི་དགོངས་གཞི་དང་བོད་སྤྱིའིི་རྩ་དོན་དང་འབྲེལ་བའི་ལས་གཞི་སྤེལ་རྒྱུ་བགྲོ་གླེང་བྱུང་སྟེ། བོད་བསྟན་སྲིད་དང་མི་རིགས་ཀྱི་ཆེད་དུ་བློས་བཏང་བྱེད་མཁན་མང་པོ་ཞིག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ད་དུང་འཚོ་བཞུགས་ཡོད་མཁན་ཁག་ཅིག་ཡོད་པ་རེད། ཁོང་རྣམ་པར་བཀའ་དྲིན་རྗེས་དྲན་དང་ལྷན་འཛོམས་ཡོང་ཆེད། ༸གོ་སྟོན་དང་བསྟུན་ནས་བོད་ཀྱི་དཔའ་བོ་དཔའ་མོའི་ལྷན་འཛོམས་ཞེས་པ་བྱ་རྒྱུ་བྱས་པ་རེད། དེའི་ཁྲོད་དུ་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་མི་ཟུར་བ་དང་། གློ་སྒྲིག་འཛུགས། མི་སྒེར་གྱི་ཐོག་ནས་མཉམ་ཞུགས་བྱེད་མཁན་གྱི་ཐོ་བསྡུས་ཡོད།  སྐབས་དེའི་སྐུ་མགྲོན་དུ་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱི་བུ་དང་། སྐུ་ངོ་རྒྱ་ལོ་དོན་འགྲུབ་ཀྱི་བུ་སོགས་གདན་འདྲེན་གྱིིས་ཆོལ་གསུམ་དཔའ་བོ་དཔའ་མོ་མཉམ་འཛོམས་ཐོག་རྒྱལ་ཞེན་དང་ཆིག་སྒྲིལ་གྱི་ནུས་པ་འཕེལ་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ཅེས་གསུངས་སོང་།

ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མི་རྣམས་བོད་ནང་བསྐྱོད་ཕྱོགས་ཐད་ལམ་སྟོན་དོན་ཚན་བདུན་གནང་ཡོད་པའི་ནང་། ༡། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་དང༌། ལས་ཁུངས་མ་ལག་གི་ལས་བྱེད་པ་ལས་ཐོག་རྣམས་དང་། ལས་འགན་འཁྱུར་བ་རྣམས་ཀྱིས་བདེ་སྲུང་ལས་ཁུངས་ལ་སྙན་གསན་མ་ཞུས་པར་བོད་ནང་བསྐྱོད་ཐལ་མེད་པ་དགོས་རྒྱུ། ༢། བོད་མི་སྒེར་པ་སུ་ཡིན་རུང་བོད་དང་རྒྱ་ནག་ཏུ་བསྐྱོད་པར་བོད་མིའི་སྒྲིག་འཛུགས་ནས་དགག་ཆ་མེད་ནའང་། རང་རང་གནས་ཡུལ་གྱི་སྐུ་ཚབ་དོན་གཅོད་དམ་ས་གནས་འགོ་འཛིན་ལ་ངོ་ཐུག་གམ། གློག་འཕྲིན་ནམ་ཁ་པར་བརྒྱུད་ཕྱོགས་བསྐྱོད་འཆར་གཞི་སྙན་གསན་ཞུ་དགོས་པ་དང་། སྐུ་ཚབ་དོན་གཅོད་དམ་ས་གནས་འགོ་འཛིན་ལ་ཞུ་སྟབས་འགྲིག་མིན་བྱུང་ཚེ། ཐད་ཀར་བདེ་སྲུང་ལས་ཁུངས་ལ་སྙན་གསན་ཞུ་འཐུས། སྙན་གསན་མེད་རིགས་ལ་བོད་མིའི་སྒྲིག་འཛུགས་ནས་ངོས་སྦྱོར་རྒྱབ་གཉེར་དང་མཐུན་འགྱུར་རོགས་རམ་སྦྱོར་སྤྲོད་མི་བྱེད།

༣། རྒྱ་ནག་གཞུང་ནས་བོད་ནང་བསྐྱོད་རྒྱུའི་ཐོངས་མཆན་སྤྲོད་སྐབས་ཆ་རྐྱེན་སྣ་ཚོགས་འཇོག་བཞིན་པ་དང་། ལྷག་པར་དེང་སྐབས་རྒྱ་གཞུང་གི་བཀོད་བྱུས་འོག་མི་ཉུང་ཤས་ལ་བོད་རིགས་སམ་བོད་འབྲེལ་གྱི་མིང་ཐོག་ནས་ཚོགས་པ་བཟོ་རུ་བཅུག་སྟེ། ཚོགས་པ་དེ་རིགས་ཀྱི་རྒྱབ་གཉེར་མེད་པར་ཐོངས་མཆན་མི་སྤྲོད་པའམ། ཚོགས་པ་འདྲ་མིན་གྱི་མིང་ཐོག་ནས་བོད་དུ་གནས་སྐོར་དང་། ལྟ་སྐོར། མཁས་པའི་འགྲུལ་བཞུད་ཟེར་བ་སོགས་གོ་སྒྲིག་བྱེད་བཞིན་པ་དེ་དག་ནི་ཕ་རོལ་པོའི་ཆབ་སྲིད་ཀྱི་དགོས་མཁོར་དམིགས་པའི་ངན་བྱུས་ཡིན་ངེས་ལ་སོང་། ཚོགས་པ་དེ་དག་ནང་མཉམ་ཞུགས་སམ། དེ་རིགས་ཀྱི་བསླུ་བྲིད་འོག་མ་ཚུད་པ་དགོས་གལ།  ༤། རྒྱ་གཞུང་གི་བསླུ་བྲིད་འོག་ནས་བོད་ནང་སྐྱོད་མཁན་རྣམས་མཐའ་གཅིག་ཏུ་བོད་ཀྱི་རྩ་དོན་ལངས་ཕྱོགས་དོར་ཟིན་པར་ཁ་ཚོན་གཅོད་མི་ནུས་ནའང་། བོད་ནས་ཚུར་འཁོར་རྗེས་རྒྱ་གཞུང་གི་སྲིད་ཇུས་ལངས་ཕྱོགས་བརྒྱུད་བསྒྲགས་དང་། བོད་མིའི་ཁེ་ཕན་ལ་གནོད་པའི་ལས་ཀ་བྱེད་མཁན་བྱུང་ན། བོད་མི་རིགས་དང་། བོད་མིའི་སྒྲིག་འཛུགས་ལ་རྒྱབ་གཏོད་བྱས་པར་ངོས་འཛིན་བྱེད་དགོས་པ་ཡིན་པས། དེ་རིགས་གང་ན་སུ་ཡོད་ལ་བོད་མི་ཚང་མས་སྐབས་མཚམས་འབྲེལ་ཡོད་ལ་གནས་ཚུལ་སྙན་གསན་དང་། ཐེར་འདོན་གདོང་ལེན་དགོས་གལ།

༥། རྒྱ་གཞུང་གིས་བོད་ནང་སྐྱོད་མཁན་སྒེར་སོ་སོར་མཉམ་ལས་མཉམ་འབྲེལ་དང་། མུ་མཐུད་འབྲེལ་འཇོག་དགོས་ལུགས་སོགས་དངུལ་དངོས་ཀྱི་བསླུ་བྲིད་དང་། དབང་ཤེད་དང་། སྡིགས་བསྐུལ། ཐ་ཚིག་སྒྲོག་པ་སོགས་ཀྱི་སྒོ་ནས་ཁས་ལེན་འདྲ་མིན་བྱེད་དུ་འཇུག་རྒྱུའི་གཡོ་བྱུས་འོག་ཏུ་མ་ཚུད་པར་རང་ཚུགས་བརྟན་པོར་འཛིན་དགོས་རྒྱུ་གལ་ཆེན་ཡིན་པས། བོད་ནང་ཐོན་བསྐྱོད་མ་བྱས་གོང་དུ་འབྲེལ་ཡོད་ནས་ལམ་སྟོན་ལེན་ཐབས་བྱེད་དགོས་ཤིང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་རང་རིགས་རྣམས་ཀྱིས་གནས་ཚུལ་དེ་རིགས་སྔོན་འགོག་སླད། རྒྱ་ནག་ཏུ་བཅའ་སྡོད་སོ་སོའི་གཞུང་ཚབ་ལ་འབྲེལ་གཏུག་གི་ཁ་པར་ཨང་གྲངས་སོགས་སྔོན་ཚུད་གྲ་སྒྲིག་ཨང་གསར་དགོས་གལ།   ༦། རྒྱ་གཞུང་གི་བསླུ་བྲིད་ཀྱི་ཆ་རྐྱེན་ལ་ཁས་ལེན་བྱེད་ཐལ་ཤོར་ཚེ། གནས་ཡུལ་རྒྱལ་ཁབ་ལ་ཕྱིར་འཁོར་རྗེས་བསུན་པོ་དང་གནོན་ཤུགས་འདྲ་མིན་སྤྲད་རྒྱུའི་ལམ་ཁ་བཤངས་པ་ལྟ་བུ་ཡིན་སྟབས། དེ་འདྲའི་དཀའ་ངལ་ཇི་བྱུང་སྐབས་མཚམས་སོ་སོར་བདེ་སྲུང་ལས་ཁུངས་ལ་སྙན་གསན་ཞུས་ཏེ་རྒྱ་གཞུང་གི་རྒྱ་རྙི་ལས་ཐར་ཐབས་བྱེད་དགོས། འོལ་ཚོད་བྱས་ནས་བསྡད་པའམ་ཡང་ན་ལྐོག་འབྲེལ་བྱས་ན། འབྱུང་འགྱུར་རང་ཉིད་ལ་གནས་ཡུལ་རྒྱལ་ཁབ་ཀྱི་ཁྲིམས་ཐོག་ནས་དཀའ་ངལ་ཅི་རིགས་འཕྲད་སྲིད།

༧། དེང་སང་རྒྱ་གཞུང་གིས་བཙན་བྱོལ་བོད་མི་ཚོར་རྩ་དོན་ལས་འགུལ་དང་ཆབ་སྲིད་ལས་འགུལ་ནང་མཉམ་ཞུགས་མི་ཆོག་པ་དང༌། རྒྱ་གཞུང་ལ་མཉམ་འབྲེལ་དང་མཐུན་འགྱུར་དགོས་ལུགས་རྒྱལ་མཚམས་བརྒལ་ནས་གནོན་ཤུགས་སྤྲོད་བཞིན་པ་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་གྱི་ཡོད་སྟབས། དེ་ལྟའི་གནོན་ཤུགས་ཡོང་སྐབས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བློ་སྤོབས་ཆེན་པོས་དཔང་རྟགས་དང་བཅས་ཡོངས་བསྒྲགས་བྱེད་ཐུབ་ན་རབ་དང་། དེ་མིན་སོ་སོའི་གནས་ཡུལ་གཞུང་ངམ། སྐུ་ཚབ་དོན་གཅོད། ས་གནས་འགོ་འཛིན། བདེ་སྲུང་ལས་ཁུངས་བཅས་གང་རུང་ལ་གནས་ཚུལ་ཁུངས་འཕེར་འདོན་སྤྲོད་བྱེད་གལ་ཆེ་བ། ཞེས་བཀོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༢༠ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese