མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙིའི་མཛད་སྒོ་འཚོགས་སོང་།

བོད་ཀྱི་དུས་བབ།
༢༠༢༥/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp

དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙིའི་མཛད་སྒོར་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས། དགོན་པའི་སློབ་གསོ་དང་། ཁྱིམ་ཚང་སློབ་གསོ། སློབ་གྲྭའི་སློབ་གསོ་གསུམ་གྱི་ཐོག་ཤུགས་སྣོན་བརྒྱབ་སྟེ་བོད་པའི་རིག་གཞུང་དང་སྐད་ཡིག་ལ་དགའ་ཞེན་བསྐྲུན་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།

དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་དབུས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་གོ་སྒྲིག་ཞུས་པའི་དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙིའི་མཛད་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༩།༡༨

ལོ་ལྟར་ཕྱི་ཟླ་ ༩  ཚེས་ ༡༨ ཉིན་དབུ་མའི་ལམ་གྱི་ཉིན་མོར་སྲུང་གཙི་ཞུ་ཡི་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་ (Centre for Middle Way Initiative) གི་གོ་སྒྲིག་འོག དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙིའི་མཛད་སྒོ་འཚོགས་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་དང་། དམིགས་བསལ་སྐུ་མགྲོན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ། རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཞོན་དབུས་པའི་ཚོགས་མི་ཁག སློབ་ཕྲུག་ཁག་ཅིག་དང་ཕ་མ་སོགས་ཚང་འཛོམས་གནང་སོང་།

ད་ལན་གྱི་མཛད་སྒོའི་སྟེང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་ཕྱི་ལོ་ ༢༠༢༥ ལོའི་རྒྱ་གར་རྒྱལ་ཡངོས་འཛིན་རིམ་བཅུ་པའི་སློབ་མ་གྲངས་ ༡༢ དང་འཛིན་རིམ་བཅུ་གཉིས་པའི་སློབ་མ་གྲངས་ ༥ བཅས་བོད་ཡིག་ཡིག་རྒྱུགས་ཁྲོད་བརྒྱ་ཆ་ ༩༨ ཡན་ལོན་པའི་རྩེ་ཕུད་སློབ་མ་ཁྱོན་ ༡༧ ལ་ཧིན་སྒོར་འབུམ་གཅིག་གི་བྱ་དགའ་དང་ཕྱག་འཁྱེར་གནང་སོང་།

མཛད་སྒོའི་སྟེང་ཐོག་མར་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཞོན་བསྟན་འཛིན་བཤེས་གཉེན་ལགས་ཀྱིས། དབུ་མའི་ལམ་གྱི་ཉིན་མོ་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་གཞུང་འབྲེལ་སྲིད་བྱུས་སུ་གཏན་འབེབས་གནང་བའི་ཉིན་མོ་ཞིག་ཡིན་པར་སོང་། ལོ་ལྟར་དེ་རིང་གི་ཉིན་མོ་འདི་གལ་ཆེན་དོན་ཆེན་དུ་བརྩིས་ནས་སྲུང་གཙི་ཞུས་དང་ཞུ་མུས་ཡིན། དབུ་མའི་ལམ་གྱི་སྲིད་ཇུས་གལ་ཆེན་པོ་རེད། འོན་ཀྱང་། དེ་དང་མཉམ་དུ་རྩ་ཆེ་བའི་བོད་ཀྱི་ཆོས་དང་རིག་གཞུང་ཉར་ཚགས་བྱ་དགོས་པ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེ་དག་གང་མགྱོགས་སེལ་བའི་ཐབས་ལམ་གལ་ཆེན་པོ་ཆགས་ཀྱི་ཡོད་པར་བརྟེན། ཚོགས་པའི་ངོས་ནས་ལོ་ལྟར་དེའི་ཐོག་འབད་བརྩོན་ཞུ་བཞིན་ཡོད་ལ། ང་ཚོས་ཕྱོགས་མཐའ་ཁག་ཏུ་ཡོད་པའི་བོད་མི་དང་རྒྱ་མི། དེ་བཞིན་ཕྱིའི་རྒྱལ་ཁབ་ཀྱི་མི་རིགས་འདྲ་མིན་ལ་ད་ལྟའི་བོད་ཀྱི་གནས་སྟངས་དང་། ད་ལྟའང་རྒྱ་ནག་གིས་བོད་ནང་གི་བོད་མི་རྣམས་ལ་འགྲོ་བ་མིའི་ཐོབ་ཐང་མེད་པའི་ཐོག བོད་ཀྱི་སྐད་ཡིག་དང་རིག་གཞུང་། ངོ་བོ་སོགས་རྩ་མེད་གཏོང་ཐབས་བྱས་དང་བྱེད་མུས་ཡིན་པ་སོགས་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་འགྲེལ་བརྗོད་བྱས་ནས་བོད་དོན་གོ་རྟོགས་ངེས་པར་དུ་སྤེལ་དགོས་གལ་ཆེ། ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་གཙང་མ་ཡིན་པའི་ངོས་འཛིན་ཞུས་པའི་ཐོག་ནས་ད་ལྟའི་གནས་སྟངས་ལ་དཔག་པའི་ང་ཚོའི་དབུ་མའི་ལམ་དེ་འོས་ཤིང་འཚམ་པའི་སྲིད་ཇུས་རེད། ད་ལྟ་བར་དུ་འགྲེལ་བརྗོད་ཞུས་པ་དེའང་བོད་མིའི་སྒྲིག་འཛུགས་ཀྱི་ཡིག་ཆ་གང་ཡོད་པ་གཞིར་བཟུང་གིས་འགྲེལ་བརྗོད་བྱེད་ཀྱི་ཡོད་ལ། དབུ་མའི་ལམ་གྱི་ཉིན་མོ་འདི་གལ་ཆེན་པོ་ཡིན་པའི་ངོས་འཛིན་ཞུས་པའི་ཐོག་ནས་མི་རེ་ངོ་རེའི་ཐོག་ནས་བོད་ཀྱི་གནས་སྟངས་དེ་རྒྱལ་སྤྱིའི་སྤྱི་ཚོགས་སྟེང་འགྲེམས་སྤེལ་བྱ་རྒྱུ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་སྲུང་སྐྱོབ་བྱེད་པ་བརྒྱུད་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞིག་ཆགས་ཀྱི་ཡོད་རེད་བསམ་གྱི་འདུག སླར་ཡང་ཚང་མ་ལ་དབུ་མའི་ལམ་གྱི་ཉིན་མོ་བཟང་ཞུ་རྒྱུ་ཡིན། ཞེས་སོགས་འགྲེལ་བརྗོད་གནང་སོང་།

རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཞོན་བསྟན་འཛིན་བཤེས་གཉེན་ལགས་ཀྱི་དབུ་མའི་ལམ་གྱི་ཉིན་མོ་སྲུང་གཙི་དང་འབྲེལ་ནས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༩།༡༨

རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དྲུང་ཆེ་ཀུན་དགའ་ནོར་བུ་ལགས་ཀྱིས་དབུ་མའི་ལམ་གྱི་ཉིན་མོའི་བསྒྲགས་གཏམ་ཞིག་སྒྲོག་སྦྱངས་གནང་སོང་བ་དང་། དེའི་ནང་དུ། དབུ་མའི་ལམ་གྱི་ཉིན་མོ་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་གཞུང་འབྲེལ་སྲིད་བྱུས་སུ་གཏན་འབེབས་གནང་བའི་ཉིན་མོ་ཞིག་ཡིན་པར་སོང་། དེ་རིང་གི་ཉིན་མོ་འདི་གལ་ཆེ་དོན་ཆེན་དུ་བརྩིས་ནས་སྲུང་བརྩི་ཞུ་དགོས་པའི་ཉིན་མོ་ཞིག་ཆགས་ཡོད། དེར་བརྟེན་དེ་རིང་འཛམ་གླིང་ས་ཕྱོགས་གང་སར་དབུ་མའི་ལམ་གྱི་ཉིན་མོ་སྲུང་བརྩི་ཞུ་མཁན་ཡོངས་ལ་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ངོས་ནས་བཅོས་མིན་གྱི་འཚམས་འདྲི་ཞུ་རྒྱུ་ཡིན། དབུ་མའི་ལམ་ནི་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་བོད་རྒྱའི་དཀའ་རྙོག་ཞི་བའི་ལམ་ནས་སེལ་ཐུབ་པ་དང༌། བོད་རྒྱ་མི་རིགས་གཉིས་འདྲ་མཉམ་དང་གཅིག་ཕན་གཅིག་གྲོགས་ཀྱིས་བརྟན་ལྷིང་མཉམ་གནས་ཡོང་ཆེད་འདོན་གནང་མཛད་པའི་ཐབས་ལམ་ཞིག་དང༌། བཙན་བྱོལ་བོད་གཞུང་མང་ནས་མང་གཙོའི་ལམ་སྲོལ་གྱི་ཐོག་ནས་གོ་བསྡུར་རིམ་པར་བྱས་ཏེ་གཏན་ལ་ཕབ་པའི་སྲིད་བྱུས་ཤིག་ཡིན། དེ་ནི་བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་དབང་སྒྱུར་བའི་བོད་ཀྱི་ད་ལྟའི་གནས་བབ་ཁས་ལེན་མི་བྱེད་པ་དང་། ཡང་བོད་ཀྱི་ལོ་རྒྱུས་དངོས་དོན་རང་བཙན་ཡིན་པ་དེ་ཡང་རྩོད་གླེང་མི་བྱེད་པར་དེ་གཉིས་ཀྱི་དབུས་ཏེ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་ནང་ཆོལ་གསུམ་བོད་རིགས་ཡོངས་རྫོགས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་ཐོབ་ཐབས་བྱ་རྒྱུའི་སྲིད་བྱུས་དང་ཐབས་ལམ་ལ་དབུ་མའི་ལམ་ཞེས་བརྗོད། དེ་བཞིན་༧སྐུའི་ཕྱག་དེབ་གསར་པ་ ༼བོད་དང་བོད་མིའི་མགྲིན་ཚབ་༽ ནང་དུའང་བསྐྱར་དུ་གང་ཉིད་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་འགྲེལ་བརྗོད་གནང་ཡོད་པ་ལྟར། འདི་ལྟ་བུའི་སྲིད་བྱུས་ཤིག་གི་གལ་ཆེན་རང་བཞིན་ངོས་འཛིན་བྱ་རྒྱུ་གལ་ཆེན་ཡིན་པ་སྨྲ་མི་དགོས། ཞེས་གསལ་འདུག

 ཡང་བསྒྲགས་གཏམ་ནང་། བོད་དོན་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་འདི་དངོས་ཡོད་གནས་ཚུལ་དང་མཐུན་ཞིང༌། ད་ལྟའི་དུས་རབས་འདིར་གཅིག་ལ་གཅིག་བརྟེན་མ་བྱས་པར་ཁེར་རྐྱང་སྡོད་ཐབས་མེད་པའི་གནས་སྟངས་དང་། སྐད་ཡིག་གཅིག་དང་གོམས་སྲོལ་གཅིག མདོར་ན་བོད་རིགས་ཡོངས་རྫོགས་རང་སྐྱོང་གཅིག་གི་འོག་ཏུ་ཚུད་ནས་མི་རིགས་ཀྱི་ལས་དོན་འཛིན་སྐྱོང་སྤེལ་གསུམ་ཚགས་ཚུད་དང་རྒྱུན་འཁྱོངས་ཡོང་རྒྱུར་ཕན་པ། དཔལ་འབྱོར་དང༌། དངོས་པོའི་ཡར་རྒྱས། དེང་རབས་ཀྱི་དཔལ་ཡོན་ཡར་རྒྱས་ཡོང་རྒྱུར་ཕྱི་དངོས་པོའི་ཕན་ཡོན་ཡོད་པ་དང་། བོད་དོན་བདེན་མཐའ་གསལ་ཐབས་ཀྱི་གཞི་རྒྱ་ཆེ་བའི་ལས་དོན་ཁག་ལ་རྒྱལ་སྤྱིའི་ནང་རྒྱབ་སྐྱོར་ཐོབ་དང་ཐོབ་བཞིན་པ་རྒྱུན་གནས་ཡོང་བར་ཕན་པ་ཡོད་པ། ལྷག་པར་བོད་ནང་ལེགས་བྱང་དང་། ཁོར་ཡུག མི་རིགས་ཀྱི་ངོ་བོ་དང་བཅས་པ་རྩ་གཏོར་འགྲོ་གཞིའི་ཛ་དྲག་གི་དཀའ་ངལ་ལས་སྐྱོབ་ཐུབ་པའི་ཕན་པ་ཡོད་པ་སོགས་མདོ་དོན་དབུ་མའི་ལམ་གྱི་སྲིད་བྱུས་ལ་མོས་མཐུན་རྒྱབ་སྐྱོར་གནང་མཁན་ཚོས་རྒྱུ་མཚན་གྱི་ལམ་ནས་སྲིད་བྱུས་འདི་ལ་རྒྱབ་སྐྱོར་དང༌། མོས་མཐུན། གོ་རྟོགས་རྙེད་པ་བཅས་གནང་ནས་དུས་རྒྱུན་ནས་མི་རིགས་གཞན་དང༌། རང་རེའི་མི་མང་རྣམས་ལ་གོ་རྟོགས་སྤེལ་ཐབས་གནང་ནས་གང་མགྱོགས་གཞིས་བྱེས་མཉམ་འཛོམས་ཀྱི་སྐྱིད་པའི་ཉི་མ་ཤར་བར་བརྩོན་པ་མི་དོར་བའི་སྒོ་ནས་ནུས་པ་འདོན་སྤེལ་གནང་དགོས། དེ་བཞིན་སྐབས་བདུན་པའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་ངོས་ནས་ད་ལོ་༧སྐུའི་དགུང་གྲངས་དགུ་བཅུར་ཕེབས་པའི་བྱམས་བརྩེ་ལོ་སྲུང་བརྩིའི་ཆེད། རྒྱ་གར་དང་བལ་ཡུལ་གཙོའི་ཡུ་རོབ་ཁུལ་དང་ཨ་རི། ཐའེ་ཝན། ཁེ་ན་ཌ་བཅས་སུ་གཞུང་འབྲེལ་ཕྱོགས་སྐྱོད་ཀྱིས་ས་གནས་དང་། ལྷག་པར་དུ་གང་སར་བཞུགས་པའི་རྒྱ་རིགས་དང་ཕྱི་རྒྱལ་མི་རིགས་གཞན་རྣམས་ལ་དབུ་མའི་ལམ་གྱི་སྲིད་བྱུས་གོ་རྟོགས་སྤེལ་རྒྱུ་དང་། ༧སྐུའི་ཕྱག་དེབ་གསར་པ་༼བོད་དང་བོད་མིའི་མགྲིན་ཚབ་༽ས་ཕྱོགས་གང་སར་འགྲེམས་སྤེལ་ཞུ་རྒྱུ་ཡིན་ལགས། འཛམ་གླིང་གི་ཡུལ་གྲུ་གང་སར་གནས་པའི་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ས་གནས་རྒྱུན་ལས་ཁག་གི་ངོས་ནས་ཀྱང་མི་མང་གི་རེ་འདུན་བཞིན་འོས་འདེམས་བྱུང་བ་ལྟར་རྣམ་ཀུན་ཞུ་སྒོའི་ཐད་ལྷག་བརྩོན་རྒྱུན་བསྲིངས་དགོས་པའི་འབོད་སྐུལ་དང་བསྒྲགས་དབུ་མའི་ལམ་གྱི་ཉིན་མོར་བོད་རིགས་སྤུན་ཟླ་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ཞེས་སོགས་གསལ་འདུག

དམིགས་བསལ་སྐུ་མགྲོན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་མཆོག་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་ཡིན་པའི་སྐོར་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༩།༡༨

དམིགས་བསལ་སྐུ་མགྲོན་ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་སློབ་སྤྱི་པ་སངས་ཚེ་རིང་ལགས་ཀྱིས། བོད་ཀྱི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་བྱ་རྒྱུ་གལ་ཆེན་པོ་རེད་ཟེར་བའི་སྐད་ཆ་རྙིང་པ་རེད། ཡིན་ནའང་སྐད་ཡིག་སྲུང་སྐྱོབ་དང་། རིག་གཞུང་མི་ཉམས་རྒྱུན་འཛིན་གྱི་ཆེད་དུ་མི་སྒེར་དང་། ཚོགས་པ་ཁག དེ་བཞིན་གཞུང་གི་ངོས་ནས་ག་རེ་གནང་དགོས་ཀྱི་ཡོད་པ་དེ་དག་གནད་འགག་ཆེན་པོ་ཞིག་ཆགས་ཀྱི་ཡོད་རེད་བསམ་གྱི་འདུག དེང་སང་ང་ཚོས་འདི་གལ་ཆེན་པོ་ཡིན་པ་དང་། འདི་གཅེས་སྐྱོང་དང་རྒྱུན་འཛིན་བྱ་དགོས་པའི་སྐོར་ལ་བཀའ་མོལ་གསུངས་བསྡད་པ་མ་གཏོགས་དོན་ངོ་མར་ཏོག་ཙམ་འཐུས་ཤོར་འགྲོ་ཡི་ཡོད་པའི་རྣམ་པ་ཧ་ཅང་གི་གསལ་པོ་རེད། དཔེར་ན་དེ་རིང་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱ་གར་རྒྱལ་ཡོངས་ཀྱི་ཡིག་རྒྱུགས་ནང་སློབ་ཚན་མང་པོ་ཡོད་པའི་ཁྲོད། ཆེད་མངགས་བོད་ཡིག་ཟུར་འདོན་བྱས་ནས་བྱ་དགའ་གསོལ་རས་དང་ཆེ་མཐོང་གནང་བ་འདེ་ནི་དོན་དངོས་སུ་ཆེ་མཐོང་དང་ངོས་འཛིན་བྱེད་སྟངས་ཤིག་རེད་བསམ་གྱི་འདུག དེ་ལས་གལ་ཆེ་བ་སོ་སོའི་མི་ཚེའི་ནང་ནམ་ཞག་རྒྱུན་དུ་ནས་བོད་ཀྱི་སྐད་ཡིག་དྭངས་མ་རྒྱག་རྒྱུ་གལ་ཆེན་ཡིན་པ་དང་། དེང་སང་འཁྲུག་ཆ་དོད་པའི་དུས་སྐབས་འདིར་སྤྱི་ཚོགས་དྲ་ལམ་ནང་སྐད་ཆ་ཤོད་མཁན་རྣམས་ཀྱིས་སྐད་ཆ་ཤོད་པའི་སྐབས་ཚིག་བེད་སྤྱོད་གཏོང་སྟངས་ཐོག་ཡིད་གཟབ་གནང་དགོས་པ་དང་། མི་རེ་ངོ་རེས་བོད་སྐད་དྭངས་མ་བསྐྱོན་པ་ལས་སྐད་ཡིག་འདྲེས་མ་རྒྱག་མི་དགོས་པའི་ཐད་འབད་བརྩོན་ཤུགས་ཆེན་བྱ་དགོས་པ་དང་ཐ་སྙད་བེད་སྤྱོད་གཏོང་སྟངས་ཐད་དོ་སྣང་བྱེད་དགོས་པའི་གནས་སྟངས་ཤིག་ལ་སླེབས་འདུག ཚང་མས་ཤེས་ཀྱི་ཡོད་ཀྱང་སྐབས་རེར་སྣང་མེད་ཤོར་བ་སོགས་རྒྱུ་རྐྱེན་འདྲ་མིན་ལ་བརྟེན་ནས་རིམ་བཞིན་གོམས་འདྲིས་ཐེབས་རྒྱུའི་ཉེན་ཁ་ཡོད་པས་བོད་སྐད་དྭངས་མ་བསྐྱོན་རྒྱུའི་ཐད་ཤུགས་སྣོན་རྒྱག་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

སློབ་སྤྱི་པ་སངས་ལགས་ཀྱིས། ད་ལྟའི་ཆར་ང་ཚོའི་སྤྱི་ཚོགས་ལ་དཀའ་ངལ་མང་པོ་ཡོད་པ་རེད། དཀའ་ངལ་མང་པོའི་ནང་ནས་དཀའ་ངལ་གཅིག་དེ་སློབ་གྲྭ་ཁག་དང་དགོན་སྡེ་ཁག་ལ་འཛུལ་ཞུགས་བྱེད་མཁན་གྱི་གྲངས་འབོར་དེ་མར་ཟགས་ཡོད་པ་རེད། དེ་སྤྱི་ཚོགས་ཀྱི་འགྱུར་བ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པར་སོང་། སྤྱི་ཚོགས་ཀྱི་འཕོ་འགྱུར་འདི་རང་བཞིན་གྱིས་འགྲོ་ཡི་ཡོད་པས། གཞུང་གིས་འགྱུར་བ་དེ་བཀག་ཐུབ་རྒྱུ་དེ་ཧ་ལམ་ཡོང་གི་མ་རེད་ལ་ཡོང་སྲིད་ཀྱི་མ་རེད། འོན་ཀྱང་། ང་ཚོ་འཐབ་རྩོད་ཀྱི་མི་རིགས་ཤིག་ཆགས་ཀྱི་ཡོད་པ་རེད། མ་འོངས་པར་དབུ་མ་དང་རང་བཙན་འཐབ་རྩོད་ཀྱི་ཐོག་ནས་ཐབས་ལམ་གང་རུང་ཞིག་བརྒྱུད་ཐབས་ལམ་ཞིག་འཐོན་པ་ཡིན་ན་ང་ཚོ་བོད་ལ་ལོག་གི་ཡིན་ཞེས་པའི་སེམས་ཤུགས་འདི་དགོས་ཀྱི་རེད་བསམ་གྱིི་འདུག  ཅེས་དང་། ད་ལྟའི་ཆར་དུས་ཚོད་ཀྱི་འགྱུར་བ་ཐེབས་ནས་ཕྲུ་གུའི་གསོ་སྐྱོང་བྱེད་སྟངས་ཐད་འཐུས་ཤོར་འགྲོ་ཡི་ཡོད་པའི་རྣམ་པ་ཞིག་འདུག དེར་བརྟེན་དགོན་པའི་སློབ་གསོ་དང་། ཁྱིམ་ཚང་སློབ་གསོ། སློབ་གྲྭའི་སློབ་གསོ་གསུམ་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་ཡོད་ལ། སློབ་གསོ་གསུམ་པོ་མཉམ་རུབ་དང་གཅིག་ཕན་གཅིག་རོགས་བྱས་ཏེ་སོ་སོའི་མི་རིགས་ཀྱི་ངོ་བོ་ནི་བོད་པ་ཡིན་པའི་ཚོར་བ་སྤྲོད་ཐུབ་རྒྱུ་དང་། བོད་པའི་རིག་གཞུང་དང་སྐད་ཡིག་ལ་དགའ་ཞེན་སྐྱེ་རྒྱུར་རེ་བ་ཞིག་ཡོད་པས། སློབ་གསོ་གསུམ་པོའི་ཐོག་ལ་ཤུགས་སྣོན་རྒྱག་ཐུབ་ན་ཕན་ཐོགས་ཡོང་ངེས་རེད། ཅེས་སོགས་གསུངས་སོང་།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས། དབུ་མའི་ལམ་ནི་ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་གྱི་སྲིད་ཇུས་ཤིག་རེད། དེ་ཡང་ངས་ནམ་ཞག་རྒྱུན་དུ་ཞུས་པ་བཞིན་མི་ཁ་ཤས་ཤིག་གིས་ཐག་བཅད་ནས་བཟོས་པ་མ་རེད། དེ་ཡང་སྤྱི་ཚོགས་ནང་ལོགས་ལ་དེ་འདྲའི་ཐོག་ལ་འགྲེལ་བཤད་རྒྱག་པར་ཐོག་མར་སོ་སོས་མགོ་འཚོས་པ་དགོས་ཀྱི་ཡོད་པ་རེད། ཉིན་ཤས་གོང་ལ་འཇར་མ་ནིའི་གསར་འགོད་པ་ཁ་ཤས་ཤིག་ངའི་སར་ལས་ཁུངས་སུ་བཅར་ནས་སྤྱི་ཡོངས་ཀྱི་དྷ་རམ་ས་ལའི་ས་གནས་ཀྱི་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐོར། ང་ཚོའི་འཐབ་རྩོད་སྐོར་ལ་བཅར་འདྲི་ཞུ་བར་ཕེབས་སོང་། སྐབས་དེ་དུས་དབུ་མའི་ལམ་གྱི་བརྒྱུད་རིམ་ཆ་ཚང་དབྱིན་སྐད་ཐོག་ཁོང་རྣམ་པར་འགྲེལ་བཤད་བརྒྱབ་པ་ཡིན། དེའི་སྐོར་ངས་ཞུ་དགོས་དོན་ནི་ད་ལྟའི་དུས་ཚོད་འདི་ལ་དམིགས་བསལ་གྱིས་འཛམ་གླིང་གི་འགྱུར་བ་འགྲོ་སྟངས་ལ་དཔག་པའི་གོམས་པ་སྤོ་དགོས་ཀྱི་འདུག ངས་ག་དུས་ཡིན་ཡང་འདི་ལབ་ཀྱི་ཡོད་ལ་ལབ་པ་ཙམ་མིན་པར། ངས་ས་གནས་མགོ་འཛིན་གྱི་འགན་འཁྱེར་བའི་ཐོག་ནས་རྒྱ་གར་གྱི་ཆབ་སྲིད་མི་སྣ་དང་། ཡུལ་མི་དཀྱུས་མ་སོགས་ལ་འབྲེལ་བ་མང་པོ་ཡོང་གི་འདུག ཅེས་གསུངས།

སྐུ་མགྲོན་གཙོ་བོ་དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་མཆོག་གིས་དབུ་མའི་ལམ་གྱི་སྐོར་ལ་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༩།༡༨

དཀོན་མཆོག་མིག་དམར་ལགས་ཀྱིས། ད་ལྟའི་དུས་ཚོད་འདིར་ཚང་མས་བསམ་བློ་གཏོང་སྟངས་དེ་ཐོག་མར་སོ་སོའི་སྐོར་ལ་བསམ་བློ་གཏོང་གི་འདུག རྒྱལ་ཁབ་ཅིག་གི་དབུ་ཁྲིད་ཡིན་ནའང་། དང་པོ་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་ལ་བསམ་བློ་གཏོང་གི་འདུག དེར་བརྟེན་འདི་འདྲའི་ཆབ་སྲིད་ཀྱི་འགྱུར་ལྡོག་ཅིག་གི་ནང་ལོགས་ལ་ང་ཚོས་གོམས་པ་གང་འདྲ་སྤོ་ཡི་ཡིན་ནམ། གང་ལྟར་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་འཛམ་གླིང་རྒྱལ་ཁབ་དང་དབུ་ཁྲིད་གང་འདྲ་ཞིག་ཡིན་རུང་ཁོང་ཚོས་རྒྱུ་མཚན་ཞིག་མཐོང་ནས་ང་ཚོར་རྒྱབ་སྐྱོར་བྱེད་ཀྱི་ཡོད། རྒྱུ་མཚན་ཞིག་མེད་ན་ཁོང་ཚོས་རྒྱབ་སྐྱོར་ཏན་ཏན་བྱེད་ཀྱི་མ་རེད་བསམ་གྱི་འདུག ང་ཚོའི་ནང་དམིགས་བསལ་གྱིས་ན་གཞོན་ཚོས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་བརྒྱུད་རིམ་ཆ་ཚང་ཤེས་ཀྱི་ཡོད་ན་སྐད་ཡིག་མི་འདྲ་བའི་ཐོག་ནས་འགྲེལ་བཤད་རྒྱག་ཐུབ་ཀྱི་རེད་ལ། རང་བཞིན་གྱིས་མི་རིགས་གཞན་ལ་གོ་རྟོགས་སྤེལ་ཐུབ་ཀྱི་རེད། ད་ལྟ་དབུ་མའི་ལམ་གྱི་རྒྱུན་ལས་རྣམས་ཀྱིས་སློབ་གྲྭ་ཁག་དང་མཐོ་སློབ་ཁག ཚོགས་སྡེ་ཁག་འདྲ་མིན་ལ་དབུ་མའི་ལམ་གྱི་སྐོར་ལ་གོ་རྟོགས་སྤེལ་རྒྱུའི་ཐོག་ལ་ཧུར་ཐག་འབད་ཐག་གནང་གི་ཡོད་པ་རེད། དེ་བཞིན་འདི་ལ་ང་ཚོའི་ངོས་ནས་རྒྱབ་སྐྱོར་བྱ་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་ཆགས་ཀྱི་འདུག ཅེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༥ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese