མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྟོང་བཙན་རྐང་སྤོལ་རྩེད་འགྲན་ཐེངས་དང་པོ་རྩེ་ཡི་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༩/༢༢
Share on FacebookShare on TwitterShare on EmailShare on Whatsapp

རང་ལོ་ ༡༥ མན་གྱི་ན་ཆུང་བྱིས་པ་ཚོ་ཆུང་དུས་ནས་རྐང་སྤོལ་ལ་དོ་དབྱིངས་ཡོང་ཆེད་བོད་མིའི་སློབ་གྲྭ་ཁག་དྲུག་ནས་ཕོ་མོ་གཉིས་ཀྱི་རུ་ཁག་བཅུ་གཉིས་དང་སློབ་སྟོན་པ་བཅས་ཁྱོན་མི་གྲངས་ ༢༠༠ ཙམ་གྱིས་སྟོང་བཙན་རྐང་སྤོལ་རྩེད་འགྲན་ནང་མཉམ ཞུགས་བྱས་འདུག

ཕྱི་ཚེས་ ༢༡ ནས་ ༢༨ བར་ཉིན་གྲངས་དགུའི་རིང་དྷ་རམ་ས་ལར་སྟོང་བཙན་རྐང་སྤོལ་རྩེད་འགྲན་འཚོག་གི་འདུག

 ཁ་སང་ཕྱི་ཚེས་ ༢༡ ནས་ ༢༨ བར་ཉིན་གྲངས་་དགུའི་རིང་བཞུགས་སྒར་ཁུལ་དུ་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་གོ་སྒྲིག་འོག ཧི་མ་ཅལ་མངའ་སྡེའི་ཁུལ་དུ་ཡོད་པའི་རང་ལོ་ ༡༥ མན་གྱི་སློབ་གྲྭ་ཁག་གི་བུ་དང་བུ་མོའི་་སྟོང་བཙན་རྐང་སྤོལ་འགྲན་ཚོགས་ཞེས་པ་ཞིག་འཚོག་བཞིན་འདུག ཁ་སང་དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་བྱམས་པ་ཕུན་ཚོགས་ལགས་ཕེབས་ཡོད་འདུག་ལ། སྟོང་བཙན་རྐང་སྤོལ་འགྲན་ཚོགས་ཐེངས་དང་པོའི་ཐོག་སློབ་གྲྭ་ཁག་དྲུག་གི་ཕོ་མོའི་རྐང་སྤོལ་རུ་ཁག་ ༡༢ མཉམ་ཞུགས་བྱས་འདུག  

དེའི་ཐད་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་བྱང་ཆུབ་རྒྱལ་མཚན་ལགས་ཀྱིས་འདི་གའི་གསར་འགོད་པར་ཁ་པར་བརྒྱུད། ད་ལན་སྟོང་བཙན་རྐང་སྤོལ་རྩེད་འགྲན་དེ་འཚོག་དགོས་པའི་དམིགས་ཡུལ་ནི། སློབ་མ་རྣམས་ལ་རྐང་སྤོལ་རྨང་གཞི་ཡར་རྒྱས་གཏོང་ཐབས་དང་། ལོ་ན་ཆུང་བའི་སློབ་མ་རྣམས་ལ་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་བཞིན་རྩེད་འགྲན་གྱི་སྡིངས་ཆ་བསྐྲུན་ཆེད་ཡིན་ཞིང་། རྒྱལ་ཡུམ་ཆེན་མོ་རྗེས་དྲན་གྱི་རྩེད་འགྲན་ལྟ་བུར་མཚོན་ན། བཙན་བྱོལ་བོད་མིའི་རྐང་སྤོལ་རྩེད་འགྲན་གྱི་སྡིངས་ཆ་ཆེ་ཤོས་ཤིག་ཡིན་ཡང་། ལོ་ན་ཆུང་བའི་སློབ་མ་རྣམས་ལ་འདི་ལྟ་བུའི་སྡིངས་ཆ་ཞིག་མེད་པས། རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་བཞིན་རྩེད་འགྲན་གྱི་ཁྲིམས་སྒྲིག་རང་བཞིན་ལྡན་པའི་སྡིངས་ཆ་ཞིག་ལོ་ན་ཆུང་བ་རྣམས་ལ་བསྐྲུན་ཐུབ་ན་ཕུགས་རྒྱང་རིང་པོ་ལ་ཕན་ཐོགས་ཡོད་པའི་ཁར། ལོ་ན་ཆུང་བ་རྣམས་ལ་གོ་སྐབས་ཡག་པོ་ཞིག་བསྐྲུན་ཐུབ་པའི་དམིགས་ཡུལ་བཟུང་ཡོད། ཅེས་བརྗོད་བྱུང་། 

ཡང་ཁོང་གིས། ད་ལན་གྱི་རྩེད་འགྲན་དེ་དབུས་འཕྲོད་བསྟེན་ལས་ཁུངས་བརྒྱུད། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རོགས་དངུལ་གནང་བ་དང་། དེ་བཞིན་སྒེར་གྱི་སྦྱིན་བདག་ཁ་ཤས་ཤིག་ཡོད་ལ། ཁྱོན་འགྲོ་སོང་ཆེད་ཧིན་སྒོར་འབུམ་བཅུ་གཅིག་ལྷག་ཅིག་ཡོད་པ་རེད། ད་ལོར་སྟོང་བཙན་གྱི་རྩེད་འགྲན་དེ་ཐེངས་དང་པོ་ཡིན་པས། རྗེས་མ་ནས་ཡར་རྒྱས་གཏོང་དགོས་རིགས་ཡོད་ཀྱང་། ཕྱོགས་ཡོངས་ནས་གྲ་སྒྲིག་གང་ཡོང་ཡོང་ཞིག་བྱས་ཡོད་ལ། རྩེད་འགྲན་དེའི་ཤན་འབྱེད་པ་རྣམས་ཧི་མ་ཅལ་མངའ་སྡེའི་རྐང་སྤོལ་མཐུན་ཚོགས་(HPFA)ནས་ཆེད་དུ་གདན་འདྲེན་ཞུས་ཡོད། ཅེས་དང་། ཡང་ཁོང་གིས། ད་ལན་གྱི་རྩེད་འགྲན་དེ་ད་ལན་ཐེངས་པོ་དང་པོ་ཡིན་ཡང་། ཕྱིས་སུ་སྐད་གྲགས་ཆེ་ཇེར་དང་དར་ཁྱབ་ཇེ་ཆེར་འགྲོ་དུས། རྩེད་འགྲན་ཁྲོད་མཉམ་ཞུགས་བྱེད་མཁན་ཇེ་མང་དུ་འགྲོ་ཡི་རེད་སེམས་ཀྱི་འདུག་ལ། སྦྱོང་བརྡར་དང་རྩེད་འགྲན་གྱི་རྣམ་པའང་ཇེ་ཡག་ཏུ་འགྲོ་ཡི་རེད་སེམས་ཀྱི་འདུག རྩེད་འགྲན་དེ་་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་གཅིག་པུ་མིན་པར་སློབ་གྲྭ་ཁག་གིས་མཉམ་རུབ་ཀྱིས་ཤུགས་རྒྱག་པ་ཡིན་ན། རྩེད་ཐང་དང་རྩེད་རིགས་ཀྱི་རྣམ་པ་སོགས་ཀྱི་ཐོག་ནས་ཡར་རྒྱས་གཏོང་ཐུབ་ཀྱི་རེད། ཅེས་སོགས་བརྗོད་བྱུང་། 

ཉིན་གྲངས་དགུའི་རིང་དྷ་སྟེང་བོད་ཁྱིམ་དང་དྷ་ཤོད་བོད་ཁྱིམ་གྱི་རྩེད་ཐང་དུ་རྩེད་འགྲན་བྱས་དང་བྱེད་མུས་ཡིན་པའི་སྟོང་བཙན་རྐང་སྤོལ་རྩེད་འགྲན་ཁྲོད། དྷ་སྟེང་བོད་ཁྱིམ་དང་། གོ་པལ་པུར་བོད་ཁྱིམ། སུ་ཇ་བོད་ཁྱིམ། མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ། སིམ་ལ་སམ་བྷོ་ཊ། དྷོ་ལན་ཇི་སམ་བྷོ་ཊ་བཅས་ཀྱི་ཕོ་མོ་གཉིས་ཀྱི་རུ་ཁག་བཅུ་གཉིས་དང་སློབ་སྟོན་པ་བཅས་ཁྱོན་མི་གྲངས་ ༢༠༠ ཙམ་གྱིས་མཉམ ཞུགས་གནང་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

༢༠༢༦/༡༡/༠༧
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

༢༠༢༦/༡༡/༠༧
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦
ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་། Photo: Studio Incendo
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་སླར་ཡང་ལོ་བཅུ་ཡི་ཁྲིམས་ཐག་བཅད། 

༢༠༢༦/༡༡/༠༦
པར་༧དཔལ་ས་སྐྱ་ཁྲི་འཛིན་པ་ ༤༤ མཆོག་གི་ངོ་དེབ་ལས་བླངས།
Mobile App

༧དཔལ་ས་སྐྱའི་ཁྲི་འཛིན་ ༤༤ པའི་ཁྲི་སྟོན་མཛད་སྒོ་འཚོགས།

༢༠༢༦/༡༡/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese