མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་ཐེངས་གཉིས་པ་མགོ་འཛུགས་གནང་།  

བོད་ཀྱི་དུས་བབ།
༢༠༢༥/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཉིན་གྲངས་གཉིས་རིང་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ནོར་བུ་གླིང་ག་དང་། ཟློས་གར་ཚོགས་པ། མཉམ་ལས་བཟོ་གྲྭ། མི་སྒེར་སོགས་ཀྱི་བརྩམས་ཆོས་འགྲེམས་སྤེལ་གྱིས་བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་ཐེངས་གཉིས་པ་གནང་བཞིན་འདུག

སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་ནས་བོད་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཐེངས་གཉིས་པ་དབུ་འབྱེད་གནང་། ༢༠༢༥།༠༩།༢༤ དུས་བབ་ཀྱི་པར།

དེ་རིང་སྔ་དྲོར་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། དབུས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་ཀྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་ཐེངས་གཉིས་པ་མགོ་འཛུགས་གནང་ཡོད་ཅིང་། སྒོ་འབྱེད་མཛད་སྒོའི་ཐོག་༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གི་དབུས་དྷ་སའི་ཁུལ་གྱི་སྒྱུ་རྩལ་བ་དང་རྩོམ་པ་པོ། དོན་གཉེར་བ་ཅན་སོགས་ཕེབས་འདུག་ལ། འདི་ལོའི་ཚོང་ཁྲོམ་ཁག་ཉི་ཤུ་ལྷག་གིས་འགྲེམས་སྟོན་བྱེད་བཞིན་འདུག

སྐབས་དེར་ཡང་སྟེང་རིན་པོ་ཆེ་མཆོག་གིས་འདི་ག་གསར་ཁང་ལ། ད་ལན་གྱི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་འདིའི་སྟེང་དོ་སྣང་བྱ་དགོས་པ་དང་མཇལ་དགོས་པ་མང་པོ་ཞིག་འདུག བཟོ་རིག་སྒྱུ་རྩལ་དེ་དག་མཐོང་སྐབས་རེ་རེ་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་ཚོར་ཡོང་གི་འདུག་ལ། མཐོང་གི་ཡང་འདུག དེ་བཞིན་བོད་དང་འབྲེལ་བའི་ཆོས་དང་རིག་གཞུང་གི་ནང་དོན། དེ་དང་དེ་ལྟ་བུའི་དོན་ག་རེ་ཡིན་ནའང་སྒྱུ་རྩལ་དང་། རི་མོ་སོགས་ཐབས་མི་འདྲ་བའི་སྒོ་ནས་མཚོན་པར་བྱས་ཏེ། དེང་དུས་ཀྱི་མི་ལ་ངོ་སྤྲོད་དང་རིག་གཞུང་དར་སྤེལ་གཏོང་བའི་ལས་གཞི་སྤེལ་བར་ཡག་པོ་འདུག ཅེས་གསུངས་སོང་།

དྷ་ས་གཙུག་ལག་ཁང་དུ་བོད་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཐེངས་གཉིས་པ་གནང་བཞིན་པ། ༢༠༢༥།༠༩།༢༤ དུས་བབ་ཀྱི་པར།

དེའི་ཐད་ཆོས་རིག་ལས་ཁུངས་ཀྱི་རིག་གཞུང་ཚན་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། ཕྱི་ལོ་ ༢༠༢༤ ལོ་ནས་ཨ་རིའི་རོགས་ཚོགས་ཀྱི་དཔལ་འབྱོར་གྱི་མཐུན་འགྱུར་འོག བོད་པའི་སྒྱུ་རྩལ་བ་རྣམས་དང་སྒྱུ་རྩལ་བའི་ཚོགས་པ་དང་། མི་སྒེར་སོགས་ཀྱིས་བཏོན་པའི་སྒྱུ་རྩལ་བརྩམས་ཆོས་རྣམས་གཅིག་ནས་འགྲེམས་སྤེལ་ཐུབ་རྒྱུ་དང་། དྷ་ས་ལྟ་བུར་མཚོན་ན་ཕྱི་རྒྱལ་ཡུལ་གྲུ་ཀུན་ནས་སྐུ་མགྲོན་མང་པོ་ཞིག་ཕེབས་ཀྱི་ཡོད་སྟབས། བོད་པའི་རིག་གཞུང་དང་འབྲེལ་བའི་དངོས་རིགས་ངོ་སྤྲོད་བྱ་རྒྱུ། གཉིས་ནས་སྒྱུ་རྩལ་བ་དག་གིས་སོ་སོའི་བརྩམས་ཆོས་རྣམས་འགྲེམས་སྟོན་དང་སྦྲགས་ནས། ཁྱབ་བསྒྲགས་དང་འགྲེམས་སྤེལ་གྱི་སྡིངས་ཆ་ཞིག་བསྐྲུན་སླད་གོ་སྒྲིག་ཞུས་པ་ཞིག་རེད། ཅེས་བརྗོད་བྱུང་། 

ཡང་ཁོང་གིས།  འདི་ལོའི་བཟོ་རིག་སྒྱུ་རྩལ་འགྲེམས་སྟོན་ཁྲོད། ཚོང་ཁྲོམ་ཁག་ཉི་ཤུ་ཙམ་ཡོད་པའི་ཁྲོད། གཅིག་ཆོས་རིག་ལས་ཁུངས་ཀྱིས་གོ་སྟོན་སྐབས་རི་མོ་འགྲན་སྡུར་ཞིག་གོ་སྒྲིག་ཞུས་པའི་རི་མོ་རྣམས་འགྲེམས་སྟོན་བྱས་ཡོད་ལ། རི་མོ་དེ་དག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞི་དང་འབྲེལ་བ་ཡོད་པ་རྐྱང་རྐྱང་རེད། དེ་བཞིན་ཚོང་ཁྲོམ་གཞན་རྣམས་ཀྱི་ཁྲོད་ནོར་བུ་གླིང་ག་དང་། ཟློས་གར་ཚོགས་པ། མཉམ་ལས་བཟོ་གྲྭ། མི་སྒེར་སོགས་མང་པོ་ཞིག་གིས། རང་རང་གིས་བརྩམས་ཆོས་དང་ཐོན་རྫས་རྣམས་འགྲེམས་སྤེལ་བྱེད་ཀྱི་ཡོད་པ་རེད། ཅེས་བརྗོད་བྱུང་།

དྷ་ས་གཙུག་ལག་ཁང་དུ་བོད་ཀྱི་སྒྱུ་རྩལ་འགྲེམས་སྟོན་ཐེངས་གཉིས་པ་གནང་བཞིན་པ། ༢༠༢༥།༠༩།༢༤ དུས་བབ་ཀྱི་པར།

འདས་ལོའི་ཕྱི་ཟླ་ ༦ ཚེས་ ༢༢ ནས་ཉིན་གྲངས་གཉིས་རིང་ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། བོད་ཀྱི་སྒྱུ་རྩལ་བ་རྣམས་ལ་ཆེ་མཐོང་དང་སྒྱུ་རྩལ་ལས་རིགས་གོང་སྤེལ་གཏོང་སླད། བོད་ཀྱི་སྲོལ་རྒྱུན་དང་དེང་རབས་ཀྱི་བོད་ཀྱི་བཟོ་རིག་སྒྱུ་རྩལ་གྱི་འགྲེམས་སྟོན་ཐེངས་དང་པོ་དེ་གནང་བའི་ཁྲོད། བོད་སྨན་དང་། དཔེ་དེབ། ཆས་གོས། སྐུ་འདྲ། རུམ་གདན། ཐང་ག་སོགས་འགྲེམས་སྟོན་གནང་ཡོད་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese