མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ཟླ་གཉིས་རིང་སྤྱི་ཚོགས་དྲ་ལམ་ལ་སྔར་ལས་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དྲ་ལམ་དོ་དམ་ལས་ཁུངས་ཀྱིས་ཟླ་གཉིས་རིང་སྤྱི་ཚོགས་དྲ་ལམ་ཡོངས་ལ་སྔར་ལས་དམ་དྲག་ནན་པོ་བྱེད་ཀྱི་ཡོད་སྐོར་བསྒྲགས་ཡོད་པ་མ་ཟད་གྲགས་ཅན་གྱི་དྲ་རྒྱ་དང་སྤྱི་ཚོགས་དྲ་གནས་ཁག་ཅིག་ལ་ནག་ཉེས་ཕོག་ཡོད་སྐོར་བསྒྲགས་འདུག

རྒྱ་ནག་གི་དྲ་རྒྱ་དང་སྤྱི་ཚོགས་དྲ་གནས་ཁག་ཅིག དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་རྒྱ་ནག་དྲ་ལམ་དོ་དམ་ལས་ཁུངས་ (The Cyberspace Administration of China) ཀྱིས་ཟླ་ ༢ རིང་སྤྱི་ཚོགས་དྲ་ལམ་གྱི་ཁྲིམས་འགལ་བྱ་སྤྱོད་རིགས་ལ་ལྟ་རྟོག་དང་སྟངས་འཛིན་ནན་པོ་བྱེད་ཀྱི་ཡོད་སྐོར་བསྒྲགས་འདུག་ལ། ཁ་སང་ཕྱི་ཚེས་ ༢༣ ཉིན་པེ་ཅིན་དུ་ཡོད་པའི་བྷའེ་ཊི་ཌན་སི་ (ByteDance)སྟེ། རྒྱལ་མཚམས་ལས་བརྒལ་བའི་དྲ་འབྲེལ་ཚན་རྩལ་ཚོང་གཉེར་ཁང་དང་། ཚོང་གཉེར་ཁང་དེའི་གསར་འགྱུར་དྲ་བ་ (Jinri Toutiao) ཞེས་པའི་དེ་རིང་གི་གསར་འགྱུར་གནད་བསྡུས། དེ་བཞིན་རྒྱ་ནག་གི་དྲ་ལམ་ཚོང་གཉེར་ཁང་གྲགས་ཅན་ཨ་ལི་བྷ་བྷ་ (Alibaba) ཡི་དྲ་བཤེར་ཡོ་ཆས་ (UCWeb) བཅས་ཀྱིས་གནོད་འཚེ་ཅན་གྱི་གནས་ཚུལ་ཁྱབ་སྤེལ་བྱས་པའི་ཉེས་མིང་འོག་ཁྲིམས་དོན་ཉེས་ཆད་ཕོག་ཡོད་སྐོར་བསྒྲགས་འདུག གོང་གི་དྲ་རྒྱ་དེ་དག་སྒོ་འབྱེད་ཐུབ་ཀྱི་འདུག་ལ། ཉེས་ཆད་ག་རེ་བཅད་མིན་སོགས་ཀྱི་གནས་ཚུལ་གསལ་ཁ་མི་འདུག

རྒྱ་ནག་དང་རྒྱལ་སྤྱིའི་རང་བཞིན་གྱི་(Tik Tok) དང་། དེ་རིང་གི་གསར་འགྱུར་གནད་བསྡུས་ཞེས་པའི་གསར་ཁང་གི་བདག་པོ་བྷའེ་ཊི་ཌན་སི་ཚོང་གཉེར་ཁང་ཡིན་ཞིང་། གསར་ཁང་དེ་ལ་དུས་བཀག་ནང་ཚུད་དུ་གནོད་འཚེ་ཅན་གྱི་ནང་དོན་རིགས་ལ་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་ཡོད་པ་མ་ཟད། ནང་དོན་དེ་དང་འབྲེལ་ནས་འགན་འཁུར་བ་རྣམས་ལ་སྟངས་འཛིན་ནན་པོ་བྱ་རྒྱུའི་ཉེན་བརྡ་བཏང་ཡོད་འདུག དེ་བཞིན་ཨ་ལི་བྷ་བྷ་ཡི་དྲ་བཤེར་ཡོ་ཆས་ (UCWeb) ཀྱིས་ལོ་ན་མ་སོན་པའི་བྱིས་པ་ཡི་སྒེར་གྱི་གནས་ཚུལ་སྤེལ་བ་དང་། སེམས་ཁམས་ལ་གནོད་པའི་ཚིག་སྦྱོར་ངན་པ་སྤེལ་བ་སོགས་ཚོར་བ་སྐྱེན་པོ་དང་ངན་སེམས་ཅན་གྱི་བརྗོད་གཞི་སོགས་འདོན་སྤེལ་བྱས་ཡོད་པའི་ནག་ཉེས་བཙུགས་འདུག

གཞན་ཡང་རྒྱ་ནག་གཞུང་གི་དེ་འབྲེལ་གསར་འགྱུར་ནང་དུ་ཟླ་འདིའི་ནང་རྒྱ་ནག་གི་སྐད་གྲགས་ཆེ་བའི་སྤྱི་ཚོགས་དྲ་གནས་ཝའེ་པོའོ་ (Weibo) དང་། མགྱོགས་འཕྲིན་ (Kuaishou)། ཤའོ་ཧོང་ཧྲུའུ་ (Xiaohongshu) བཅས་ཀྱིས་གནས་ཚུལ་ལ་སྟངས་འཛིན་མ་བྱས་པའི་ནག་ཉེས་འོག་ཉེས་ཆད་བཅད་ཡོད་སྐོར་བརྗོད་འདུག

རྒྱ་ནག་གཞུང་གིས་དྲ་རྒྱའི་སྤྱི་ཚོགས་ཡར་རྒྱས་དང་བདེ་འཇགས་སྲུང་སྐྱོབ་དགོས་སྐོར་བརྗོད་དེ་དྲ་འབྲེལ་ཆ་འཕྲིན་ཞབས་ཞུའི་གཏན་འབེབས་ཞེས་པ་ཞིག་ཁ་གསལ་མ་ཡིན་པའི་ཐོག་ནས་གཏན་འབེབས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ཟླ་ ༦ ནས་རྒྱ་ནག་རྒྱལ་ཁབ་དྲ་ལམ་དོ་དམ་ཁང་གིས་སྤྱི་ཚོགས་དྲ་ལམ་གྱི་བདེ་འཇགས་སྐོར་ལ་སྒྲིག་ཡིག་གཉིས་ཏེ། ཆ་འཕྲིན་གླེང་སྟེགས་ལ་སྟངས་འཛིན་བྱེད་པའི་སྒྲིག་གཞི་དང་དྲ་འབྲེལ་ཚོགས་ཆུང་ལ་སྟངས་འཛིན་བྱེད་པའི་སྒྲིག་གཞི་ཟེར་བ་གཉིས་གཏན་འབེབ་བྱས་ཏེ་ལག་བསྟར་བྱེད་མགོ་བརྩམས་ཡོད་པ་དང་། སྒྲིག་གཞི་དེ་གཉིས་ནང་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ནང་དོན་མི་སྐུར་བ་དང་། གསང་བ་དང་འབྲེལ་བའི་ནང་ཁུལ་གྱི་དཔྱད་ཡིག་མི་སྐུར་བ། དམག་དོན་གྱི་དཔྱད་ཡིག་མི་སྐུར་བ། འཆལ་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་མི་བཤད་པ། རྒྱལ་ཁབ་ཀྱི་གསང་བ་དང་འབྲེལ་བའི་ཡིག་ཆ་མི་སྐུར་བ་སོགས་གསལ་ཡོད་པ་མ་ཟད། སྐད་འཕྲིན་ཚོགས་པ་དང་གླེང་སྟེགས་ཚོགས་པ། དངུལ་བརྒྱུད་སྤྲོད་ཚོགས་པ་སོགས་འཛུགས་མཁན་ཚོས་ངེས་པར་དུ་ཚོགས་པའི་ནང་གནས་ཚུལ་ཡོངས་ལ་ཁྲིམས་ཀྱི་འགན་འཁུར་དགོས་སྐོར་བཀོད་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

TT
Mobile App

རྒྱ་ནག་གཞུང་གིས་བདེ་ཆེན་རྫོང་དེ་ས་གནས་གཞན་ལ་གནས་སྤོ་བཞིན་འདུག

ཆུ་ཚོད་ ༡༦ སྔོན་ལ།
ཙན་བྱོལ་བོད་མིའི་འཕྲོད་བསྟེན་བསྐྱར་ཞིབ་ཀྱི་ཚོགས་འདུ་ཐེངས་ ༨ པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༨
Mobile App

བཙན་བྱོལ་བོད་མིའི་འཕྲོད་བསྟེན་སློབ་སྟོན་ཚོགས་ཆུང་གསར་འཛུགས་གནང་།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་བྱེད་གལ་ཆེ་སྐོར་གསུངས།

༢༠༢༦/༠༨/༢༧
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese