མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པདྨ་ཚེ་བརྟན་ལ་འཁྲབ་ཁྲིད་པ་རྩེ་གྲའི་གཟེངས་རྟགས་ཐོབ།

བོད་ཀྱི་དུས་བབ།
༢༠༢༥/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་རྒྱ་ནག་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ། སྐབས་གཉིས་པའི་རྒྱ་ནག་གི་གསེར་གྱི་དོམ་ཁྲའི་གློག་བརྙན་གཟེངས་རྟགས་སྤྲོད་པའི་མཛད་སྒོ་འཚོགས་ཡོད་ཅིང་། སྐབས་དེར་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་སུ་གློག་བརྙན་གསའ་དང་འབྲེལ་ནས་འཁྲབ་ཁྲིད་པ་རྩེ་གྲའི་གཟེངས་རྟགས་ཐོབ་འདུག

Tibetan Film Snow Leopard by Pema Tseten. Photo: Screenshot from the film

དེ་འབྲེལ་རྒྱ་ནག་གི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། དོམ་ཁྲའི་གསེར་གྱི་གཟེངས་རྟགས་སྤྲོད་པའི་མཛད་སྒོའི་སྐབས་པདྨ་ཚེ་བརྟན་ལགས་སུ་འཁྲབ་ཁྲིད་པ་རྩེ་གྲའི་གཟེངས་རྟགས་སྤྲོད་སྐབས་ནི་སེམས་ཚོར་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཏུ་གྱུར་ཡོད་ཅིང་། པདྨ་ཚེ་བརྟན་ལགས་ཀྱི་བུ་འཇིགས་མེད་འཕྲིན་ལས་ཀྱིས། རང་གི་ཕ་དམ་པའི་ཚབ་ཏུ་གཟེངས་རྟགས་བླངས་རྗེས་ཚོར་བ་དང་བཅས།  གཟེངས་བསྟོད་འདི་ནི་ཨ་ཕའི་སྒྱུ་རྩལ་གྱི་འཚོ་བར་གུས་འདུད་བྱེད་པའི་བྱ་དགའ་ཞིག་ཡིན་པ་དང་། གློག་བརྙན་གསའ་ནི་ངའི་ཨ་ཕའི་བོད་སྐད་གློག་བརྙན་བརྒྱད་པ་ཡིན། གློག་བརྙན་འདིས་ཁོང་གི་ཚེ་གང་གི་ཉམས་མྱོང་དང་བསམ་བློ། ཕྱིར་དྲན་སོགས་གཅིག་ཏུ་བསྒྲིལ་ནས་དུས་ཚོད་དང་ས་མཚམས་ལས་བརྒལ་བའི་བརྩེ་བ་དང་སྙིང་རྗེའི་སྟོབས་ཤུགས་ཁུར་ཡོད། ཅེས་བརྗོད་འདུག

འདི་གའི་གསར་འགོད་པས་རྒྱ་གར་ནང་རྟེན་གཞི་བྱས་པའི་བོད་མི་གློག་བརྙན་བཟོ་བསྐྲུན་མཁན་ཁག་ཅིག་ལ་པདྨ་ཚེ་བརྟན་ལགས་འདས་གྲོངས་སུ་ཕྱིན་ནས་ལོ་གཉིས་ལྷག་འགྲོ་བཞིན་ཡོད་ཀྱང་། ད་དུང་ཁོང་གི་གློག་བརྙན་བརྩམས་ཆོས་ཁག་དང་འབྲེལ་ནས་ཁོང་ལ་གཟེངས་རྟགས་མི་ཉུང་བ་ཞིག་ཐོབ་དང་ཐོབ་བཞིན་ཡོད་པའི་གལ་གནད་སོགས་ཀྱི་སྐོར་ལ་སྐད་ཆ་དྲིས་སྐབས། པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་ཁག་གིས་བོད་མིའི་འཚོ་བ་དང་རིག་གཞུང་། ཁོར་ཡུག་སོགས་གཞི་རྒྱ་ཆེ་བའི་བརྗོད་དོན་ཁག་སྟབས་བདེར་འགྲེལ་བརྗོད་བྱས་པའི་གློག་བརྙན་རྩེ་ཕུད་ཀྱི་བརྩམས་ཆོས་མཚོན་པ་དང་། དཔེར་ན་དབུགས་ལྒང་ལྟ་བུར་ཆ་མཚོན་ན། བོད་མིའི་རང་གཤིས་སུ་གྲུབ་པའི་ཁྲེལ་གཞུང་མཚོན་པ་མ་ཟད། འཕྲོད་བསྟེན་བདེ་ཐང་དང་སྤྱི་ཚོགས་ཤིག་གི་གྲུ་ཟུར་གལ་ཆེན་ཞིག་མཚོན་པར་བྱས་ཡོད་སྐོར་སོགས་བརྗོད་བྱུང་།

འདི་ལོའི་གསེར་གྱི་དོམ་ཁྲའི་གཟེངས་རྟགས་ཁྲོད། རྒྱལ་ཁབ་དང་ས་ཁུལ ༡༢༦ ནས་གློག་བརྙན་བརྩམས་ཆོས ༥༣༤༣ འཚོལ་བསྡུ་བྱས་ཡོད་པ་དང་། གཟེངས་རྟགས་ཀྱི་རྣམ་གྲངས་ཁྲོད་གློག་བརྙན་དང་བརྙན་འཕྲིན་མུ་འབྲེལ་འཁྲབ་ཚན། དངོས་བྱུང་གློག་བརྙན། འགུལ་རིས་གློག་བརྙན་བཅས་ཚན་ཁག་ཆེན་པོ་བཞིར་བྱ་དགའི་རྣམ་གྲངས་ ༢༧ ཡོད་འདུག  དེའི་ནང་གློག་བརྙན་རྩེ་གྲ་དང་། འཁྲབ་ཁྲིད་པ་རྩེ་གྲ། འཁྲབ་གཞུང་རྩེ་གྲ་སོགས་ཚུད་ཡོད། དཔྱད་འདེམས་པའི་ཁྲོད་གློག་བརྙན་དང་བརྙན་འཕྲིན་རིག་གནས་ཁྱབ་ཁོངས་ཀྱི་ཉམས་མྱོང་གིས་ཕྱུག་པའི་ཆེད་མཁས་པ་ ༢༧ ཡོད་འདུག

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་དམ་པ་པདྨ་ཚེ་བརྟན་ལགས་ནི་ཕྱི་ལོ་ ༡༩༦༩ ལོར་མདོ་སྨད་ཁྲི་ཀར་སྐྱེས་ཤིང་། གློག་བརྙན་འཁྲབ་ཁྲིད་པ་དང་། རྩོམ་པ་པོ། ལོ་ཙཱ་བ་བཅས་ཡིན་ཞིང་། ཕྱི་ལོ་ ༢༠༠༢ ལོར་པེ་ཅིན་གློག་བརྙན་སློབ་གླིང་དུ་གློག་བརྙན་སྐོར་ལ་ཆེད་སྦྱོང་གནང་རྗེས། འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་བཅས་ཀྱི་ལས་ཀ་གཅིག་ལྕོགས་སུ་གནང་། ཁོང་ལ་ལག་དམར་དང་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་དང་། འཚོལ། ཁྱི་རྒན། གཡང་མདའ། དབུགས་ལྒང་། ཐར་ལོ། གསའ་སོགས་གློག་བརྙན་རིགས་ ༡༤ ལྷག་ཡོད་ཅིང་། བོད་ཕྱི་ནང་གཉིས་ནས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། བོད་ནང་གི་གློག་བརྙན་འཁྲབ་ཁྲིད་པའི་ཚབ་མཚོན་མི་སྣར་བརྩི་མཁན་ཡང་ཡོད་ལ། ཁོང་གིས་གློག་བརྙན་བརྩམས་ཆོས་ཁག་ལ་རྒྱ་ནག་ཙམ་དུ་མ་ཟད། གྲགས་ཆེ་བའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཁག་ནས་ཀྱང་གཟེངས་རྟགས་ཁག་ཅིག་ཐོབ་མྱོང་། ཁོང་གི་གློག་བརྙན་ཐར་ལོ་ལ་རྒྱ་ནག་དང་རྒྱལ་སྤྱིའི་གཟེངས་རྟགས་མི་འདྲ་བ་ ༡༢ ཐོབ། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༨ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་པདྨ་ཚེ་བརྟན་གློ་བུར་དུ་འདས་གྲོངས་སུ་ཕྱིན་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༡༣ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese