མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསྟན་འཛིན་ཆོས་རྒྱལ་གྱི་ཁ་བའི་མེ་ཏོག་རྒྱལ་སྤྱིའི་རོལ་དབྱངས་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ་ཚུད།

བོད་ཀྱི་དུས་བབ།
༢༠༢༥/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་ཁ་བའི་མེ་ཏོག་ཅེས་པའི་འོད་སྡེར་ཨོ་གླིང་གི་ཨ་རེ་ཡ་གླུ་གཞས་སྒྱུ་རྩལ་གྱི་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ་ཚུད་ཡོད་འདུག

“Wo La So” | Tenzin Choegyal with Camerata – Queensland’s Chamber Orchestra. Online Photo

ཨོ་སི་ཊོ་ལི་ཡའི་སྒྲ་ཕབ་བཟོ་ལས་མཐུན་ཚོགས་ཀྱི་ཕྱི་ལོ་ ༢༠༢༥ ལོའི་ཨ་རེ་ཡ་ (Aria) གླུ་གཞས་སྒྱུ་རྩལ་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ། ཨོ་གླིང་དུ་གནས་སྡོད་བོད་ཀྱི་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་ཁ་བའི་མེ་ཏོག་ཅེས་པ་ཚུད་ཡོད་ཅིང་། ཁོང་གི་གླུ་གཞས་ཁ་བའི་མེ་ཏོག་ཅེས་པ་ནི་འཛམ་གླིང་རོལ་དབྱངས་ཆེ་བསྒྲིགས་ལེགས་ཤོས་ཀྱི་གཟེངས་རྟགས་ཁོངས་སུ་ཚུད་ཡོད་འདུག

དེ་འབྲེལ་ཨོ་གླིང་གི་ཨ་རེ་ཡ་གླུ་གཞས་སྒྱུ་རྩལ་གྱི་དྲ་བར་སྤེལ་བའི་གནས་ཚུལ་ལ་གཞིགས་ན། འདི་ལོའི་ཨ་རེ་ཡ་གླུ་གཞས་སྒྱུ་རྩལ་གྱི་གཟེངས་རྟགས་ཁོངས་སུ། ལོ་འཁོར་མོའི་གཞས་རྩེ་གྲ་དང་། སྒྱུ་རྩལ་བ་ཡག་ཤོས། མཉམ་གཞས་སྡེ་ཚན། བྱིས་པའི་གླུ་གཞས་ཀྱི་འོད་སྡེར།  ཡུལ་ལུང་གི་གླུ་གཞས་ཆེད་བསྒྲིགས་ཡག་ཤོས། འཁྲབ་གཞས་དང་གློག་རྡུལ་འགྲེམས་སྤེལ་གྱི་གླུ་གཞས་ཡག་ཤོས། གཞས་མ་གཏམ། བརྙན་ཡག་ཤོས། འཛམ་གླིང་རོལ་དབྱངས་ཆེད་བསྒྲིགས་ཡག་ཤོས། སྲོལ་རྒྱུན་གྱི་ཆེད་བསྒྲགས་ལེགས་ཤོས་སོགས་ཁྱབ་ཁོངས་མི་འདྲ་བའི་གཟེངས་རྟགས་ ༢༨ འདུག་པ་དང་། བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་བརྩམས་ཆོས་ཁ་བའི་མེ་ཏོག་ཅེས་པ་འཛམ་གླིང་རོལ་དབྱངས་ཆེ་བསྒྲིགས་ལེགས་ཤོས་ཀྱི་གཟེངས་རྟགས་ཁོངས་སུ་གཏོགས་ཀྱི་འདུག

འདི་གའི་གསར་འགོད་པས་བསྟན་འཛིན་ཆོས་རྒྱལ་ལགས་སུ་འབྲེལ་བ་གནང་ཐབས་བྱས་ཡིན་ཏེ་མཐུད་ཐུབ་མ་སོང་མོད། ཁ་སང་བསྟན་འཛིན་ཆོས་རྒྱལ་ཁོང་སྒེར་གྱི་ངོ་དེབ་སྟེང་ཟིན་བྲིས་ཤིག་སྤེལ་བའི་ནང་། ཕྱི་ལོ་ ༢༠༢༥ ལོའི་ཨ་རེ་ཡའི་འཛམ་གླིང་རོལ་དབྱངས་ཆེད་བསྒྲིགས་ལེགས་ཤོས་ཀྱི་ཁོངས་སུ་ཁ་བའི་མེ་ཏོག་ཚུད་པར་དགའ་སྤོབས་བྱུང་། ཁ་བའི་མེ་ཏོག་བོད་སྐད་དང་དབྱིན་སྐད་གཉིས་ཀྱི་ནང་དུ་ཡོད། ངའི་གྲོགས་པོ་དང་མཉམ་ལས་གནང་མཁན་མེ་ཐི་ཁོར་བྷེ་ (Matt Corby) དང་ཨེག་སི་ (Alex Henriksson)། རོ་བྷིན་(Rohin Jones) ཚུད་པའི་ང་ལ་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བརྩེ་སེམས་དང་བཅས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

འཛམ་གླིང་རོལ་དབྱངས་ཆེད་བསྒྲིགས་ལེགས་ཤོས་ཀྱི་གཟེངས་རྟགས་ཁོངས་སུ་བོད་མི་སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་ཁ་བའི་མེ་ཏོག་དང་། ཞི་མིའི་རྒྱལ་ཁམས་རོལ་དབྱངས་སྡེ་ཚན་(The Cat Empire) གྱི་དག་ཞིང་གི་བྱ། སྒྱུ་རྩལ་བ་ཇོ་སི་ཧྥི་ (Joseph Tawadros) ལགས་ཀྱི་བརྗེད་ཟིན་པའི་འགྲོ་བ་མིའི་ལམ་བུ། ཨོ་གླིང་གི་གདོད་མའི་སྒྱུ་རྩལ་བ་གྲགས་ཅན་འདས་པོ་གྷི་རོའུ་མོལ་(Gurrumul) ལགས་ཀྱི་མིང་ཐོག་ཏུ་ཡོད་པའི་རོལ་དབྱངས་སྒྱུ་རྩལ་ཁང་(Decca Australia & Skinnyfish / UMA) གཉིས་ཀྱི་རོལ་དབྱངས་ཚོགས་འདུ། མལ་བྷོ་ནེ་ཡའི་རོལ་དབྱངས་འཁྲབ་སྟོན་བཅས་རོལ་དབྱངས་ཆེ་བསྒྲིགས་ལྔ་འདུག་ལ། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་གཟེངས་རྟགས་ཐོབ་མཁན་གྱི་མིང་གཞུང་ཡོངས་བསྒྲགས་བྱ་རྒྱུ་ཡིན་འདུག

ད་ལན་ནི་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་རོལ་དབྱངས་བརྩམས་ཆོས་ཁག་རྒྱལ་སྤྱིའི་རོལ་དབྱངས་གཟེངས་རྟགས་ཀྱི་ཁོངས་སུ་ཚུད་པ་ཐོག་མ་མིན་པར། ཕྱི་ལོ་ ༢༠༢༠ ལོར་ཁོང་གི་བརྩམས་ཆོས་བར་དོ་ཞེས་པ་རྒྱལ་སྤྱིའི་གྷེ་རམ་མེ་ (Grammy) གཟེངས་རྟགས་ཀྱི་ཁོངས་སུ་ཚུད་མྱོང་ལ། དེ་ནི་བོད་མི་ཞིག་སྒེར་བ་ཞིག་གི་རོལ་དབྱངས་སྒྱུ་རྩལ་གྱི་བརྩམས་ཆོས་གྷེ་རམ་མེ་ (Grammy) གཟེངས་རྟགས་ཀྱི་ཁོངས་སུ་ཚུད་པ་གཉིས་པ་དེ་ཡིན་ཞིང་། ཕྱི་ལོ་ ༢༠༠༡ ལོར་གླིང་བུ་བ་ངག་དབང་མཁས་མཆོག་ལགས་ཀྱི་གླུ་གཞས་རྒྱང་རིང་གི་ས་དེ་ན་ཞེས་པའང་ཚུད་ཡོད། འོན་ཀྱང་། བསྟན་འཛིན་ཆོས་རྒྱལ་དང་ངག་དབང་མཁས་མཆོག་གཉིས་ཀར་གཟེངས་རྟགས་ཐོབ་མི་འདུག ཕྱི་ལོ་ ༢༠༠༤ ལོར་༸དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་དགེ་འདུན་པ་བཞིའི་ཆོས་དབྱངས་གྷི་རམ་མེ་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ་ཚུད་དེ་མཇུག་མཐར་བྱ་དགའ་ཡང་ཐོབ་མྱོང་འདུག

སྒྱུ་རྩལ་བ་བསྟན་འཛིན་ཆོས་རྒྱལ་ལགས་ནི་གཞས་པ་དང་རོལ་དབྱངས་བ། དབྱངས་རྩོམ་པ་པོ་བཅས་ཡིན་འདུག་ལ། རོལ་དབྱངས་ཆེད་བསྒྲིགས་གྲངས་ ༩ ཙམ་ཡོད་འདུག ཁོང་ནི་བོད་མངའ་རིས་ཁུལ་གྱི་ས་མ་འབྲོག་གི་གཞི་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཕྱི་ལོ་ ༡༩༧༠ དོན་གྲངས་ནང་རྒྱ་གར་ནང་བཙན་བྱོལ་དུ་སླེབས་ཏེ་བཞུགས་སྒར་དྷ་སའི་ཁུལ་གྱི་བོད་ཁྱིམ་སློབ་གྲྭའི་ནང་འཚར་ལོངས་བྱུང་ཡོད་པ་དང་། ཕྱི་ལོ་ ༡༩༩༧ ལོར་ཨོ་གླིང་དུ་གཞིས་སྤོས་བྱས་རྗེས་རྐྱང་གཞས་དང་ཕྱིའི་རོགས་ཚོགས་གཞན་དང་ལྷན་དུ་གླུ་གཞས་སྣ་ཚོགས་བཏང་དང་གཏོང་བཞིན་ཡོད་འདུག་ལ། ཨོ་གླིང་གྲོས་ཚོགས་སུ་བོད་དོན་ཞུ་གཏུགས་དང་ཨོ་གླིང་དུ་བོད་མིའི་གནད་ཡོད་མི་སྣ་གདན་འདྲེན་སོགས་ཞུས་ཏེ་བོད་དོན་ལས་འགུལ་སྤེལ་བ་སོགས་གནང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༧ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese