མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་རིགས་མཐུན་སྒྲིལ་གྱི་མིང་ཐོག་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རིག་གཞུང་ལ་སྔར་ལས་བཙན་གནོན་བྱ་རྒྱུ་རེད།

བོད་ཀྱི་དུས་བབ།
༢༠༢༥/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་ཞེས་པའི་ཁྲིམས་འཆར་ཞིག་བཏོན་ཡོད་པ་དེ་གཏན་འབེབ་བྱས་ཚེ་རྒྱ་ནག་གཅིག་གི་འདུ་ཤེས་དར་སྤེལ་བཏང་སྟེ་མི་རིགས་གཞན་གྱི་སྐད་ཡིག་རིག་གཞུང་བཅས་པར་སྔར་ལས་བཙན་གནོན་ཤུགས་ཆེན་ཐེབས་རྒྱུ་ཡིན་འདུག

Tibetan Children at China’s Colonial Boarding School in Nagchu area, Tibet

ཁ་སང་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོར་རྒྱ་ནག་པེ་ཅིན་གྲོང་ཁྱེར་ཁྲོ་ཡཱང་ཁུལ་དམངས་འཐུས་ཀྱི་རྒྱུན་ལས་ལྷན་ཚོགས་ཀྱིས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཁྲིམས་ཞེས་པ་ཞིག་གི་འཆར་ཟིན་ཐོག་གལ་ཆེན་རང་བཞིན་གྱི་བསམ་འཆར་འདོན་པའི་ཚོགས་འདུ་བསྡུས་ཡོད་པ་མ་ཟད། བརྒྱུད་ལམ་ནས་འཆར་ཟིན་དེ་ལ་ཡོངས་གྲགས་ཐོག་བསམ་ཚུལ་བསྡུ་བཞིན་ཡོད་འདུག དེའི་ཐད་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་དཔྱད་གཏམ་ཞིག་སྤེལ་ཏེ། ཁྲིམས་འཆར་དེ་གཏན་འབེབས་བྱུང་ན་མི་སྒེར་གྱི་ལྟ་གྲུབ་ལ་སྟངས་འཛིན་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་མ་ཟད། གྲངས་ཉུང་མི་རིགས་དམིགས་འབེན་དུ་བཟུང་སྟེ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་ཆོས་ལུགས་ཀྱི་ཐོབ་ཐང་མེད་པ་བཟོ་རྒྱུ་དང་། རྒྱལ་མཚམས་བརྒལ་ནས་སྔར་ལས་དམ་དྲག་ཤུགས་ཆེ་རུ་གཏོང་བར་སྟབས་བདེ་བཟོ་ཡི་ཡོད་སྐོར་བརྗོད་འདུག

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི་ཁྲིམས་ཞེས་པའི་འཆར་ཟིན་དེ་ཟླ་འདིའི་ཕྱི་ཚེས་ ༨ ཉིན་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ལྷན་ཚོགས་ཤིག་གི་སྟེང་ཐོག་མར་གྲོས་བསྡུར་བྱུང་ཡོད་པ་དང་། གཞུང་འབྲེལ་ཁྲིམས་འཆར་འགྲེལ་བཤད་ནང་ཁྲིམས་འཆར་དེ་གཏན་འབེབ་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་བསམ་བློ་གཏིང་ཟབ་ཀྱིས་ལག་བསྟར་བྱེད་པ་དང་། དབུས་གཞུང་སྲིད་ཇུས་གཏན་འབེབ་ཁང་གི་གལ་ཆེའི་ཐབས་ཇུས་ཤིག་ཡིན་སྐོར་དང་། ཁྲིམས་འཆར་དེས་རྒྱ་ནག་ཅན་གྱི་དེང་རབས་རིག་གནས་ཡར་རྒྱས་གོང་སྤེལ་དང་། མི་རིགས་ཁག་གི་འཕེལ་རྒྱས་མངོན་འགྱུར་ཡོང་བར་བྱེད་ཐབས་གལ་ཆེན་ཞིག་ཡིན་ཚུལ་བསྒྲགས་འདུག

ཨ་རིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་ཨེ་ཤ་ཡའི་འགན་འཛིན་གཞོན་པ་མ་ཡ་ཝང་ (Maya Wang) ལགས་ཀྱིས། རྒྱ་ནག་གཞུང་གི་གྲངས་ཉུང་མི་རིགས་མཐུན་སྒྲིལ་ཟེར་བའི་ཁྲིམས་འཆར་དེས། དམར་ཤོག་ཚོགས་པའི་མགོ་ཁྲིད་འོག་འགྲོ་བ་མིའི་ཐོབ་ཐང་སྣང་མེད་དུ་བཞག་སྟེ། དཔོན་རིགས་ཀྱི་གྲལ་རིམ་དང་ཁོ་ཚོའི་དབང་ཤུགས་རྒྱ་སྐྱེད་ཀྱིས་མི་མང་གཅིག་ཏུ་བསྒྲིལ་བར་དམིགས་ཡོད། ཅེས་དང་། བོད་མི་དང་ཡུ་གུར་བ་སོགས་གྲངས་ཉུང་མི་རིགས་ཀྱི་ཆེད་དུ་སྐད་ཆ་བཤད་མཁན་རྣམས་ནས་རྒྱ་གཞུང་གིས་གཉའ་གནོན་དྲག་པོ་ཞིག་ལ་སྒུག་ནས་སྡོད་རྒྱུའི་མཇུག་འབྲས་མ་གཏོགས་མེད། ཅེས་འགྲེལ་བརྗོད་བྱས་འདུག

རྒྱ་ནག་གཞུང་གིས་བོད་ཁུལ་དུ་སྤེལ་བའི་རྒྱ་སྒྱུར་སློབ་གསོའི་ཁྱབ་བསྒྲགས། དྲ་ལམ་གྱི་པར།

ལེའུ་དྲུག་ཅན་གྱི་ཁྲིམས་ཡིག་འཆར་ཟིན་དེའི་ལེའུ་གཉིས་པ་ཐུན་མོང་གི་སྙིང་སྟོབས་ཁྱིམ་གཞིས་འཛུགས་སྐྲུན་ཞེས་པའི་ལེའུ་ ༡༥ པའི་ནང་དུ། རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ནས་ཡོངས་ཁྱབ་ཅན་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་བརྡལ་དུ་བཏང་སྟེ། སློབ་ལོ་མ་སོན་པའི་བྱིས་པས་རྒྱའི་སྤྱི་སྐད་བཤད་ཤེས་པར་སྐུལ་འདེད་ཀྱིས་ན་ཆུང་བྱིས་པ་རྣམས་ཀྱིས་རྒྱལ་ཁབ་ཀྱི་སྐད་ཡིག་ཁོངས་སུ་ཆུད་པའི་འོས་འགན་སློབ་གསོ་ལེགས་འགྲུབ་དགོས། ལས་ཁུངས་ཁག་གིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེ་དེ་དག་གཞུང་འབྲེལ་གྱི་སྐད་ཡིག་ཏུ་བེད་སྤྱོད་གཏོང་དགོས། འབྲེལ་ཡོད་བཅའ་ཁྲིམས་གཞིར་བཟུང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོག་ཡིག་ཆ་པར་སྐྲུན་བྱེད་དགོས་བྱུང་ཚེ་རྒྱལ་ཁབ་ཀྱི་ཚད་ལྡན་སྐད་ཡིག་གི་པར་གཞི་ཡང་མཁོ་སྤྲོད་བྱེད་དགོས། རྒྱལ་ཁབ་ཀྱི་ལས་ཁུངས་ཁག་དང་སྤྱི་ཚོགས་ཀྱི་སྡེ་ཁག ཚོང་ལས་གཉེར་བའི་རྩ་འཛུགས་སོགས་ཀྱིས་སྤྱི་མང་འདུས་སར་རྒྱལ་ཁབ་ཀྱི་སྐད་ཡིག་ཀྱང་བེད་སྤྱོད་གཏོང་དགོས་སྐོར་བཀོད་འདུག

ལེའུ་གཉིས་པའི་དོན་ཚན་ ༡༩ པའི་ནང་ཚགས་པར་དང་རླུང་འཕྲིན། བརྙན་འཕྲིན་ཁང་། དེ་བཞིན་སྤྱི་ཚོགས་བརྒྱུད་ལམ་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཚོགས་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་སྤྱི་ཚོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། འཛམ་གླིང་ཡོངས་སུ་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་རིག་གནས་ལ་གོ་རྟོགས་དང་ངོས་འཛིན་སྔར་ལས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་དགོས་སྐོར་སོགས་བཀོད་འདུག

ཁྲིམས་འཆར་གྱི་དོན་ཚན་ ༢༠ (༢) ནང་། ནར་མ་སོན་པའི་བྱིས་པའི་ཕ་མའམ་ལྟ་སྐྱོང་བྱེད་མཁན་གཞན་དག་གིས་ཁྲིམས་ལྟར་ཁྱིམ་ཚང་གི་སློབ་གསོའི་འགན་འཁྲི་བསྒྲུབས་ཏེ། ནར་མ་སོན་པའི་བྱིས་པར་ཀྲུང་གོ་གུང་ཁྲན་ཏང་ལ་དགའ་ཞེན་དང་མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། ཀྲུང་ཧྭ་མི་རིགས་ལ་དགའ་ཞེན། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་གི་འདུ་ཤེས་གསོ་སྐྱོང་བྱེད་དགོས་པ་ལས། མི་རིགས་མཐུན་སྒྲིལ་དང་ཡར་རྒྱས་ལ་གནོད་པའི་བསམ་བློའི་རིགས་རྒྱུད་ལ་འཇགས་སུ་འཇུག་མི་རུང་སྐོར་སོགས་བཀོད་འདུག

Tibetan students protest in Rebkong, in north-west China’s Qinghai province, angry at being forced to study in the Chinese language. Photograph: Free Tibet/AFP/Getty Images

ཕྱི་ལོ་ ༢༠༡༠ ཙམ་ནས་བཟུང་རྒྱ་ནག་གཞུང་གིས་སྐད་གཉིས་སློབ་ཁྲིད་བྱེད་ཐབས་ཟེར་བ་སོགས་ཀྱི་སྲིད་ཇུས་གསར་པ་ལག་བསྟར་བྱས་ཏེ། བོད་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ནས་དགེ་སློབ་བརྒྱ་ཕྲག་མང་པོ་ཁྲོམ་གཞུང་དུ་ཐོན་ཏེ་སྐད་ཡིག་གི་ཐོབ་ཐང་དང་སྐད་ཡིག་སྲུང་སྐྱོབ་ཀྱི་ཞུ་འབོད་ལས་འགུལ་ཤུགས་ཆེན་སྤེལ་ཡོད་ཀྱང་། ཤོག་བུ་སྣུམ་གྱིས་ཟིན་པ་ལྟར་ད་ལྟའི་ཆར་བོད་ཆོལ་ཁ་གསུམ་གྱི་ནང་བྱིས་པ་ལོ་ཆུང་གཙོ་བོར་གྱུར་བའི་གཞོན་སྐྱེས་ནང་རྒྱ་སྐད་ཁོ་ན་ལས་མི་ཤེས་མཁན་ཧ་ཅང་ཇེ་མང་དུ་འགྲོ་བཞིན་ཡོད་པ་མ་ཟད། བྱིས་པ་ཚོར་གོ་བརྡ་འཕྲོད་ཆེད་ཕ་མ་དང་སྤོ་རྨོ་རྣམ་པས་ཀྱང་རྒྱ་ཡིག་སྦྱོང་བར་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།

ཉེ་སྔོན་བོད་ནས་ཡིན་པའི་བརྙན་ཐུང་ཞིག་གི་ནང་དུ། རང་ལོ་བརྒྱད་དགུ་ཙམ་གྱི་བུ་མོ་ཆུང་ཆུང་ཞིག་ལ་ཨ་མ་ལགས་ཀྱིས། ང་ཚོ་བོད་པ་རེད་བཱ། ནང་དུ་བསླེབས་ན་བོད་སྐད་བཤད་དགོས་པ་རེད་ཨཱ་ཞེས་བཤད་པ་དང་། བུ་མོས་མིག་ཆུ་འདོན་བཞིན་ང་ཚོའི་རྒན་ལགས་ཀྱིས་ཁྱིམ་དུ་ཕྱིན་ནའང་ངེས་པར་དུ་རྒྱ་སྐད་ཤོད་ཟེར་གྱི་འདུག་ཅེས་ངུ་འབོད་བྱེད་ཀྱིན་ཨ་མ་ལགས་ལ་ཁོང་ཁྲོ་ཆེན་པོ་སྟོན་གྱི་འདུག བུ་མོ་དེ་ལྟ་བུའི་བྱིས་པ་ཆུང་ཆུང་གིས་བོད་ཁུལ་ཡོངས་སུ་ཁྱབ་བཞིན་ཡོད་ལ། དྲུག་གཅིག་བྱིས་པའི་དུས་ཆེན་སོགས་སུ་བྱིས་པ་ཚོས་ལུས་ལ་བོད་ཆས་གཙང་མ་གྱོན་འདུག་ཀྱང་། ཕན་ཚུན་གོ་བརྡ་སྤྲོད་པར་རྒྱ་སྐད་ཁོ་ན་ལས་ཤེས་ཀྱི་མེད་པ་སོགས་ནི་བོད་ཁུལ་གྱི་རྒྱུན་ལྡན་སྣང་ཚུལ་ཞིག་ཏུ་གྱུར་ཡོད་པ་རེད།

ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་ཕྱོགས་ཀྱི་སློབ་གསོའི་ཡིག་ཆ་ཁག་གི་ནང་དུ། ཕྱི་ལོ་ ༢༠༢༥ ལོར་བསླེབ་སྐབས་རྒྱལ་ཡོངས་མི་མང་གི་བརྒྱ་ཆ་ ༨༥ ཡིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྟེ་རྒྱའི་སྐད་ཡིག་གཙོ་བོར་བེད་སྤྱོད་པ་དང་། ཕྱི་ལོ་ ༢༠༣༥ ལོར་བསླེབ་སྐབས་རྒྱལ་ཡོངས་ཀྱི་གྲོང་གསེབ་དང་གྲངས་ཉུང་མི་རིགས་ཁྲོད་རྒྱའི་སྐད་ཡིག་ནི་སྲོག་ཤིང་ལྟ་བུ་ཞིག་ཏུ་བསྒྱུར་བའི་འཆར་གཞི་ལག་བསྟར་དོ་ནན་དགོས་སྐོར་སྐུལ་འདེད་ཡང་ཡང་བཏང་དང་གཏོང་བཞིན་ཡོད་པ་མ་ཟད། བོད་ཡིག་དང་སོག་ཡིག་སོགས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྣམས་རྒྱལ་ཡོངས་ཡིག་རྒྱུགས་ཁྲོད་མེད་པ་བཟོ་ཡི་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

ཆུ་ཚོད་ ༡༢ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༡༤ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༡༨ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༡༩ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese