མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་སྐྱེས་རྣམས་ཀྱིས་བོད་པ་གཅིག་ཡིན་བསམ་པའི་འདུ་ཤེས་ཀྱི་ཐོག་ནས་ནུས་པ་གཅིག་ཏུ་སྒྲིལ་བའི་འགན་འཁུར་དགོས་པའི་བཀའ་སློབ་བསྩལ།

བོད་ཀྱི་དུས་བབ།
༢༠༢༥/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་ ༡༠ ཚེས་ ༨ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པ། ཡུ་རོབ་བོད་རིགས་ཚོགས་པ་བཅས་ཀྱི་ཐུན་མོང་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༩ པ་འཚོག་བཞིན་པ། ༢༠༢༥།༠༩།༢༩། དུས་བབ་ཀྱི་པར།

དེ་རིང་ཕྱི་ཚེས་ ༢༩ ནས་ཉིན་གྲངས་བདུན་རིང་དྷ་ཤོད་བོད་ཕྲུག་ཁྱིམ་སྡེའི་ཚོགས་ཁང་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༩ པ་འཚོག་བཞིན་ཡོད་ཅིང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་ ༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དེ་བཞིན་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་དང་། འོས་བསྡུའི་སྤྱི་ཁྱབ་འགན་འཛིན་བློ་བཟང་ཡེ་ཤེས་ལགས། བཀའ་ཟུར་བློ་བཟང་སྙན་གྲགས་ལགས། སྤྱི་འཐུས་རྒྱུན་ལས་ཁག་ཅིག གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ། ཐེངས་འདིའི་ཚོགས་ཆེན་ཐོག་རྒྱ་གར་དང་བལ་ཡུལ་ནས་ས་གནས་ཁག་མི་འདྲ་བ་ ༤༥ ནས་ཚོགས་མི་ ༢༠༠ ཙམ་མཉམ་ཞུགས་གནང་སོང་།

ཐེངས་འདིའི་ཚོགས་ཆེན་གྱི་སྐོར་ལ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་གྲུབ་ལགས་ཀྱིས་གསར་འགོད་པར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞིའི་དགོངས་དོན་གྱི་ཐོག་ནས་ཚོགས་འདུ་གནད་འགག་ཆེ་ཤོས་དེ་ཆགས་ཡོད། ལོ་གསུམ་རེའི་མཚམས་སུ་ཚོགས་ཆེན་ནང་གྲོས་ཆོད་གཏན་འབེེབ་སོགས་ཀྱི་ལས་དོན་གལ་འགངས་ཆེ་ཤོས་ཤིག་ཆགས་ཡོད། ད་ལན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༡༩ པའི་ནང་དུ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་སྒྲིག་གཞིའི་དགོངས་དོན་ཐོག་ཁྱབ་ཁོངས་སུ་གཏོགས་པའི་ས་གནས་ཁག་ཚང་མར་གྲོས་གཞི་རྣམས་ཕུལ་ཟིན་པ་ཡིན། ཐེངས་འདིར་གྲོས་གཞི་དོན་ཚན་བརྒྱད་དང་ནང་གསེས་གསུམ་ཁྱོན་བཅུ་གཅིག་ཆགས་ཡོད། ད་ལན་གྱི་ཚོགས་ཆེན་ནང་སྒྲིག་གཞིི་བསྐྱར་བཅོས་གཙོ་བོ་ཚོགས་དུས་དང་འབྲེལ་བའི་ཐོག་ནས་ཡིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་གཞིའི་ནང་འགན་འཛིན་ལྷན་ཚོགས་དང་ཚོགས་ཆེན་གང་ཡིན་ཡང་ཕྱི་ཟླ་ ༩ པའི་ནང་དུ་འཚོག་དགོས་པ་སྒྲིག་གཞིའི་ནང་གཏན་འབེབ་གནང་ཡོད། ཡིན་ནའང་དུས་ཚོད་དེ་ནི་དེང་སང་གི་གནས་སྟངས་ལ་དཔག་པའི་རྒྱ་གར་ནང་གི་ས་ཁུལ་མང་པོ་ཞིག་དགུན་ཚོང་གི་དུས་རེད། ཚོགས་བཅར་ཐུབ་མིན་གྱི་གནས་སྟངས་ཤིག་ཡོང་གི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། ང་ཚོ་བོད་མི་རིགས་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཆགས་ཏེ་ལོ་དྲུག་ཅུ་ལྷག་འགྲོ་བཞིན་ཡོད་ཅིང་། དུས་ཚོད་དེའི་ནང་དུ་གཞིས་བཞུགས་བོད་མི་རྣམས་དང་།གཙོ་བོ་ ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབུ་ཁྲིད་པའི་ང་ཚོའི་མི་རབས་རྒན་པ་རྣམ་པ། གནས་ཡུལ་རྒྱ་གར་གཞུང་། དེ་བཞིན་ཕྱི་རྒྱལ་གྱི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བཅས་ཀྱི་མཐུན་སྦྱོར་ལ་བརྟེན་ནས་བོད་མི་རིགས་ཀྱི་འཐབ་རྩོད་དེ་གསོན་ཐུབ་པ་དགའ་ཚོར་བྱ་འོས་པ་ཞིག་ཆགས་ཡོད། དེའི་ཆ་ཤས་ཤིག་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་འདི་གལ་ཆེན་པོ་ཆགས་ཡོད། གཞོན་ནུའི་ཁྱབ་ཁོངས་སུ་ཡོད་པའི་འགན་འཁུར་བ་རྣམ་པས་ལྷག་བསམ་རྣམ་དག་གི་ཐོག་ནས་སོ་སོའི་སེམས་སུ་སྤོབས་པ་འཁུར་ཐུབ་དགོས་པ་ཞིག་རེད། བོད་ཀྱི་བདེན་མཐའ་གསལ་བའི་གནས་སྟངས་ཐོག་མུ་མཐུད་དུ་བརྩོན་ལེན་དགོས་པ་ཞིག་ཆགས་ཡོད། ད་དུང་ཡང་ལོ་རྒྱུས་ཀྱི་གནས་བབ་ཐོག་སེམས་ཤུགས་མ་ཉམས་པའི་ཐོག་སོ་སོའི་རྣམ་དཔྱོད་ཤུགས་ཆེ་རུ་བཏང་སྟེ་བདེན་དོན་འཐབ་རྩོད་བྱེད་དགོས་པའི་དུས་ཚོད་གལ་ཆེན་ཞིག་ཆགས་ཡོད། ཅེས་གསུངས་སོང་།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་ ༡༩ པའི་ཐོག༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་བཞིན་པ། ༢༠༢༥།༠༩།༢༩ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།

བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། རྩ་བའི་བླ་མ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་བླ་ཆེན་མང་པོ་ཞིག་སོ་སོའི་ལུང་པ་བཞག་སྟེ་སྐྱབས་བཅོལ་དུ་ཕེབས་པའི་གནས་བབ་ཅིག་ཏུ་ལྷག་བསྡད་ཡོད། རྒྱལ་ཁབ་ཅིག་ལ་འདི་འདྲའི་སྡུག་དགོས་པའི་གནས་སྟངས་ཤིག་ཡོང་རྒྱུ་མེད་ཀྱང་། ༸གོང་ས་མཆོག་གི་ཐུགས་རྗེའི་འོག་ཏུ་བོད་མིའི་སྒྲིག་འཛུགས་དང་བོད་མི་རིགས་ཀྱི་འཐབ་རྩོད་ཅེས་པ་ཞིག་ཡོད་ལ། སོ་སོའི་རྒྱལ་ཁབ་ཀྱི་འཐབ་རྩོད་མུ་མཐུད་དུ་བྱེད་པའི་སྤོབས་པ་ཡོད། དེ་དང་མཉམ་དུ་ཡིད་ཆེས་ཀྱི་ཐོག་ནས་རྒྱལ་ཞེན་གྱི་ཚོར་བ་ཉམས་མི་བཅུག་པ་གལ་ཆེ་ཤོས་ཤིག་རྩི་བཞིན་ཡོད། ལྷག་པར་བོད་ཀྱི་འཐབ་རྩོད་ནང་འགན་ཆེ་ཤོས་འཁུར་མཁན་གཞུང་འབྲེལ་མིན་པའི་ཚོགས་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་སོགས་ཀྱིས་བོད་ནང་དུ་ལོག་རྒྱུ་ཡོད་པའི་ཡིད་ཆེས་ཐོག་ཕྱག་ལས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་འདུག ཅེས་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་བོད་ནང་གི་གནས་སྟངས་ལ་བལྟས་ཏེ་རྒྱ་ནག་གི་བྱེད་ཕྱོགས་ལ་གདོང་ལེན་བྱས་ཏེ་ལས་འགུལ་སྤེལ་དགོས་རྒྱུ་གལ་ཆེན་པོ་རེད། ཁྱོད་ཚོས་རང་བཙན་དང་དབུ་མའི་དབྱེ་བ་མེད་པའི་ཐོག་ལས་འགུལ་སྤེལ་བཞིན་འདུག ནུས་པ་མཉམ་དུ་སྤུངས་ཏེ་བོད་པ་ཡིན་པའི་འགན་འཁུར་རྒྱུ་དེ་དུས་ཀྱི་དགོས་མཁོ་རེད། ཅེས་གསུངས་སོང་།

༸སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིན་པོ་ཆེ་མཆོག་གིས། བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་བཙན་བྱོལ་ནང་གཞུང་འབྲེལ་མིན་པའི་ཚོགས་པ་རྙིང་ཤོས་དང་གལ་ཆེ་ཤོས་ཤིག་ཆགས་ཡོད་ལ། ཚོགས་མི་ཡང་མང་ཤོས་ཆགས་ཡོད། ལས་དོན་སྤེལ་ཕྱོགས་ཀྱང་བོད་ཀྱི་བདེན་པའི་འཐབ་རྩོད་དང་། རིག་གཞུང་སྲུང་སྐྱོབ། མི་སྣ་བསྐྱེད་སྲིང་། སྤྱི་ཚོགས་ཞབས་ཞུ་སོགས་གྲུབ་འབྲས་གཟེངས་སུ་ཐོན་ཡོད། བོད་གཞིས་བྱེས་གཉིས་ཀྱི་བོད་མི་རྣམས་ཀྱིས་གཞོན་ལྷན་གྱི་གྲུབ་འབྲས་ངོས་འཛིན་ཡོད་པའི་ཐོག་ནས་མུ་མཐུད་དུ་གནས་པའི་ཐུགས་རེ་ཡོད་པ་རེད། ངས་ཀྱང་རེ་བ་ཆེན་པོ་ཞུ་བཞིན་ཡོད། གཞོན་ལྷན་གྱི་ཚོགས་འདུའི་ཐོག་ཕེབས་མཁན་ཕལ་ཆེ་བ་གཞོན་སྐྱེས་ནང་ནས་ཡོང་གི་ཡོད།  གཞོན་སྐྱེས་ཞེས་པ་དམིགས་བསལ་ནུས་པ་ཡོད་པའི་མི་རབས་ཤིག་ཆགས་ཡོད། ནུས་པ་དེའང་གསར་གཏོད་ཀྱི་རྣམ་དཔྱོད་དང་། འཐབ་རྩོད་ཀྱི་སྙིང་སྟོབས་ཡོད་པ། ཞབས་ཞུའི་ནུས་པ་དང་ལྡན་པའི་མི་རབས་ཤིག་ཆགས་ཡོད། བོད་ཀྱི་འཐབ་རྩོད་ནི་དུས་རབས་ཉི་ཤུ་བའི་དཀྱིལ་དུ་མགོ་བཙུགས་པ་ཞིག་ཡིན་ཡང་། དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་དུ་ངེས་པར་དུ་རྒྱུན་མཐུད་དགོས་པ་ཞིག་ཆགས་ཡོད། འདི་འདྲའི་དུས་ཚོད་ཞིག་ལ་བོད་དོན་དྲིལ་བསྒྲགས་བྱེད་པར་དུས་རབས་དང་མཐུན་པའི་ཚན་རིག་དང་བརྡ་འཕྲིན་སོགས་དགོས་ཀྱི་ཡོད་པས། ད་ལྟའི་གཞོན་སྐྱེས་རྣམས་ལ་དེ་དག་ཐོག་ནས་དམིགས་བསལ་གོ་སྐབས་ཤིག་ཆགས་ཡོད། འཐབ་རྩོད་སྙིང་སྟོབས་ཀྱི་ཆ་ནས་འཛམ་གླིང་ཤར་ནུབ་གང་དུ་གཟིགས་ཀྱང་། གཞོན་སྐྱེས་ཀྱི་སྣེ་ཁྲིད་ཐོག་དབང་ཆ་གཅིག་སྡུད་པར་འཐབ་རྩོད་དང་། རང་དབང་དང་དམངས་གཙོ་སྲུང་སྐྱོབ་ཀྱི་ཆེད་དུ་གྲུབ་འབྲས་ཐོན་དང་འཐོན་བཞིན་པ་རེད། ཉེ་ཆར་ཁྱིམ་མཚེས་རྒྱལ་ཁབ་ཏུ་གཞོན་སྐྱེས་ཀྱི་སྣེ་ཁྲིད་ཐོག་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་ཐོན་ཡོད་པ་མཁྱེན་གསལ་རེད། དེ་བཞིན་བོད་ཕྱི་ནང་གཉིས་སུ་༸གོང་ས་མཆོག་གི་བཀའ་དགོངས་དང་བོད་ཀྱི་རིག་གཞུང་བསྟན་སྲིད་བཅས་ཀྱི་ཆེད་ཐུགས་འགན་བཞེས་ཡོད། བོད་ཀྱི་གཞོན་ལྷན་གྱི་གྲུབ་ཆ་དེ་གཞོན་སྐྱེས་ཡིན་པ་མ་ཟད། ཆོལ་ཁ་དང་ཆོས་བརྒྱུད། ཕོ་མོ་དབྱེ་མེད་ཐོག་ཕེབས་ཀྱི་ཡོད་པ་ཧ་ཅང་གི་རྩ་ཆེན་པོ་ཞིག་རེད། ད་ལྟའི་ཆར་བོད་ཀྱི་གནས་སྟངས་ཧ་ཅང་ཉག་ཕྲ་བོ་ཆགས་ཡོད་པའི་ཐོག ང་ཚོའི་ནང་ཁུལ་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་མེད་པའི་དཀའ་ངལ་ཡོད་པ་མཁྱེན་གསལ་རེད། འདི་འདྲའི་སྐབས་སུ་ང་ཚོ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེས་ང་ཚོའི་མ་འོངས་བའི་འཐབ་རྩོད་དང་གཞིས་བྱེས་བོད་མིི་མཉམ་འཛོམས་ཡོང་བའི་ནུས་པ་གཙོ་བོ་ཞིག་ཆགས་ཡོད། བོད་ཀྱི་གཞོན་ནུ་ལྷན་ཚོགས་དེ་སྤྱི་ཚོགས་གཅིག་ཏུ་སྒྲིལ་ཐུབ་པའི་གོ་སྐབས་ཡོད་པའི་སྡིངས་ཆ་གལ་ཆེན་པོ་རེད་བསམ་ཡོད། གཞོན་སྐྱེས་རྣམས་ཀྱིས་བོད་པ་གཅིག་ཡིན་བསམ་པའི་འདུ་ཤེས་ཀྱི་ཐོག་ནས་ནུས་པ་གཅིག་ཏུ་སྒྲིལ་བའི་ཐོག་ཐུགས་འཁུར་བཞེས་རོགས། ཅེས་གསུངས་སོང་།

ཚོགས་ཆེན་ཐེངས་ ༡༩ པའི་ཐོག་གྲོས་གཞི་དོན་ཚན་བརྒྱད་ཡོད་པའི་ནང་། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པར་གཞོན་ལྷན་ནས་གོ་སྟོན་སྲུང་བརྩི་ཞུ་ཕྱོགས་ཇི་དགེའི་སྐོར། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞི་ལམ་སྟོན་ལྟར་བོད་ཀྱི་ངོ་བོ་མཚོན་པའི་རྩ་ཆེའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོའི་སླད། གཞོན་ལྷན་གྱིས་ལས་དོན་སྤེལ་ཕྱོགས་ཇི་དགེའི་གྲོས་གཞི་དོན་ཚན་ལྔ་པ། གཞོན་ལྷན་གྱི་དམིགས་ཡུལ་བོད་རང་བཙན་སླར་གསོ་དང་འབྲེལ་བའི་ལས་འགུལ་སྤེལ་ཕྱོགས་དང་། རང་བཙན་ འཐབ་རྩོད་རྒྱུན་ཁྱོངས་ཡོང་སླད་གཞོན་ལྷན་ནས་ལས་འགུལ་བརྩམ་ཕྱོགས། ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གཙོས་པའི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་ཡོང་ཆེད་དང༌། ཁོང་རྣམ་པའི་མངོན་འདོད་སྒྲུབ་ཐབས་གཞོན་ལྷན་ནས་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར།  བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ལས་འགུལ་སྤེལ་ཕྱོགས་ཇི་དགེའི་སྐོར་སོགས་བགྲོ་གླེང་གནང་གི་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༩ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༡ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese