མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པས་ཧྥ་རན་སིའི་འགྲེམས་སྟོན་ཁང་ལ་སྐྱོན་བརྗོད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༩ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གཞུང་ཐོབ་ཐང་ཚན་པའི་དམིགས་བསལ་ཆེད་མཁས་པས་ཧྥ་རན་སིའི་འགྲེམས་སྟོན་ཁང་ཆེ་ཁག་གི་འགྲེམས་སྟོན་ནང་ནས་བོད་ཅེས་པའི་ཐ་སྙད་ནག་གསུབ་གཏོང་ཐབས་བྱེད་བཞིན་པའི་གནད་དོན་ཐད་ཐུགས་འཚབ་ཆེན་པོ་ཡོད་སྐོར་གསུངས་འདུག

Alexandra Xanthaki was appointed UN Special Rapporteur in the field of cultural rights in October 2021

རིག་གཞུང་ཐོབ་ཐང་ཐོག་ཆེད་མཁས་པ་ལྕམ་ཨ་ལེ་ཛིན་ཌ་ཛིན་ཐཱ་ཁི་ (Alexandra Xanthaki) ལགས་ཀྱིས། དོན་དངོས་སུ་བོད་ཅེས་པའི་ཐ་སྙད་ནག་གསུབ་གཏོང་གི་ཡོད་པ་མངོན་གསལ་ཡིན་པའི་ཉེན་བརྡ་བཏང་བ་དང་སྦྲགས། བོད་ཅེས་པའི་ཚབ་ཏུ་རྒྱ་ནག་གི་བཀོལ་སྤྱོད་བྱེད་བཞིན་པའི་ཞིས་ཙང་ (Xizang) ངམ་ཧི་མ་ལ་ཡ་ཞེས་པའི་ཐ་སྙད་བེད་སྤྱོད་གཏོང་བཞིན་ཡོད་པ་དེས། བོད་པའི་ངོ་བོ་དང་རིག་གཞུང་། བོད་མིའི་རིག་དངོས་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ལ་དམིགས་སུ་བཀར་ནས་རྡོག་རོལ་གཏོང་མུས་ཡིན་པ་རེད། ཅེས་གསུངས་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གཞུང་ཐོབ་ཐང་ཚན་པའི་ཆེད་མཁས་པས་ཧྥ་རན་སི་གཞུང་ལ་འདྲི་རྩད་འབོད་སྐུལ་གནང་བའི་ནང་། ད་ལྟའི་ཧྥ་རན་སིའི་ནང་གི་པེ་རི་སིའི་རིག་གཞུང་ལྟེ་གནས་ཁང་ཁག་གིས་ཐ་སྙད་བསྒྱུར་བཅོས་བཏང་ནས་བོད་ཅེས་པའི་ཚབ་ཏུ་ཞིས་ཙང་ཟེར་བའི་ཐ་སྙད་བེད་སྤྱོད་བཏང་བ་དེ་རྒྱ་ནག་གཞུང་གི་དྲིལ་བསྒྲགས་དང་ཡོངས་སུ་མཐུན་པ་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཅེས་པའི་ཚབ་ཏུ་ཞིས་ཙང་ (Xizang) ཞེས་འབོད་དགོས་པའི་སྲིད་ཇུས་ཤིག་གཏན་འབེབས་བྱས་ཏེ། ད་ལྟའི་ཆར་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་དང་རྒྱལ་སྤྱིའི་སྟེང་ཆབ་སྲིད་ཀྱི་དྲ་ལམ་ཁག་གི་ཐོག་སྲིད་ཇུས་དེ་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་མ་ཟད། རྒྱ་ནག་གི་དཔོན་རིགས་ཚོས་བོད་ཀྱི་རིག་གནས་ཤུལ་བཞག་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་བློ་འཚབ་ཤུགས་ཆེན་ཡོད་པ་སོགས་འཁོད་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གཞུང་ཐོབ་ཐང་ཚན་པའི་འབོད་སྐུལ་འདྲི་རྩད། ༢༠༢༥།༩།༢༩ དྲ་ངོས་ཀྱི་པར།

ཡང་རྒྱལ་ཚོགས་ཀྱི་འདྲི་རྩད་འབོད་སྐུལ་དེའི་ནང་། ཧྥ་རན་སིའི་གཞུང་ནས་རྒྱ་ནག་དཔོན་རིགས་ཀྱིས་བོད་ཀྱི་བརྩམས་ཆོས་དང་བོད་དོན་དང་འབྲེལ་བའི་དོན་དག་ལ་མིང་བཏགས་པར་ཤུགས་རྐྱེན་དང་བསམ་འཆར་འདོན་གྱི་ཡོད་མེད་དང་། ཐག་གཅོད་དེ་དག་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་ཡོད་མེད་གསལ་བཤད་དགོས། ཞེས་དང་། ང་ཚོས་མུ་མཐུད་དུ་སྲིད་གཞུང་དང་རིག་གཞུང་ལྟེ་གནས་ཁང་རྣམས་ཀྱིས་རྒྱ་ནག་གི་ཆབ་སྲིད་ཐེ་ཇུས་ངོས་ལེན་མེད་པ་དང་། རྒྱ་ནག་གིས་ལོ་རྒྱུས་དང་ས་ཆའི་མིང་རྣམས་ཚད་ལྡན་བེད་སྤྱོད་བྱེད་དགོས་པ་མ་ཟད། མང་ཚོགས་ཁྲོད་བོད་མིའི་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཀྱི་ཆེད་དུ་ཞིས་ཙང་ཟེར་བའི་ཐ་སྙད་བེད་སྤྱོད་བྱེད་པར་ངོས་ལེན་མེད་པའི་དམ་བཅའ་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་གསལ་འདུག

ཧྥ་རན་སིར་རྟེན་གཞི་བྱས་པའི་བོད་དོན་ཚོགས་པ་ཁག་དང་འཛམ་གླིང་སྤྱི་ཡོངས་ནས་མཉམ་འབྲེལ་གྱིས་འབོད་སྐུལ་གནང་བའི་ནང་། ཧྥ་རན་སིར་ཡོད་པའི་མོ་སི་དྷུ་ཁའེ་བྷ་ཧན་ལི་འགྲེམས་སྟོན་ཁང་ (Musée du quai Branly) དང་དབྱིན་ཇིའི་ནང་གི་འགྲེམས་སྟོན་ཁང་ལྟར། གྷེ་མེ་འགྲེམས་སྟོན་ཁང་ (The Musée Guimet) གིས་ཞིས་ཙང་ཟེར་བའི་ཐ་སྙད་མེད་པར་བཟོས་ཏེ་ (Tibet) བེད་སྤྱོད་གཏོང་དགོས་པ་དང་། ཧྥ་རན་སིའི་སྲིད་གཞུང་གིས་འགྲེམས་སྟོན་ཁང་དང་རིག་གཞུང་ལྟེ་གནས་ཁང་ཁག་གི་ནང་ཕྱིའི་རྒྱལ་ཁབ་ཀྱིས་ཐེ་ཇུས་བྱེད་མི་ཆོག་པ་དང་དེ་འབྲེལ་སྲུང་སྐྱོབ་ངེས་པར་དུ་བྱེད་དགོས་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་། ཚན་རིག རིག་གཞུང་ཚན་པའི་ངོས་ནས་བོད་ཀྱི་ས་བབ་ཆགས་ཚུལ་དང་རིག་གཞུང་། ངོ་བོ་སོགས་སྲུང་སྐྱོབ་སླད། ཞིས་ཙང་ཟེར་བའི་ཐ་སྙད་བེད་སྤྱོད་གཏོང་བར་ངོ་རྒོལ་བྱས་ཏེ་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ངེས་པར་དུ་འཁུར་དགོས་ལ། མུ་མཐུད་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རིག རིག་གཞུང་ཚན་པས་འཛམ་གླིང་ཡོངས་ལ་ཡོད་པའི་བོད་མིའི་སྐུ་ཚབ་དང་ཐུག་འཕྲད་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ཞེས་སོགས་འཁོད་འདུག

Tibetan community and supporters protests outside Guimet Museum (Photo/SFT France)

འཛམ་གླིང་ཡུལ་ལུང་གང་སར་ཡོད་པའི་བོད་མི་ཡོངས་དང་བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་ཁག་ ༡༤༠ ལྷག་གིས་ལོ་ངོ་གཅིག་གི་རིང་ལ་ཧྥ་རན་སིའི་འགྲེམས་སྟོན་ཁང་གིས་བོད་ཅེས་པའི་ཚབ་ཏུ་ཞིས་ཙང་ཟེར་བའི་ཐ་སྙད་བེད་སྤྱོད་བྱས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་མ་ཟད། བོད་མིའི་ངོ་བོ་རྩ་མེད་བཟོ་མཚམས་འཇོག་དགོས་པའི་འབོད་སྐུལ་ཡང་ནས་བསྐྱར་དུ་ཞུས་ཡོད་འདུག་ལ། འདས་ལོའི་ཕྱི་ཟླ་ ༡༢ ནང་དབྱིན་ཇིའི་རྒྱལ་ས་ལོན་ཌོན་གྱི་འགྲེམས་སྟོན་ཁང་ (The British Museum) དུ། དར་གོས་ཚོང་ལམ་ཞེས་པའི་འགྲེམས་སྟོན་ཞིག་བྱེད་བཞིན་ཡོད་པའི་ཁྲོད། བོད་ཅེས་པའི་ཚབ་ཏུ་ཞིས་ཙང་ཟེར་བའི་ཐ་སྙད་བེད་སྤྱད་བྱས་ཏེ་འགྲེམས་སྟོན་བྱས་པར་བརྟེན། དབྱིན་ཡུལ་དུ་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་དང་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་པ་ཁག་གིས་དབྱིན་ཡུལ་འགྲེམས་སྟོན་ཁང་དུ་ཞིས་ཙང་ཟེར་བའི་ཚིག་དེ་ཕྱིར་འཐེན་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་བར་བརྟེན། འགྲེམས་སྟོན་ཁང་གིས་ཞེས་ཙང་ཟེར་བའི་ཐ་སྙད་མེད་པ་བཟོས་ཏེ་བོད་ཅེས་པའི་དབྱིན་ཡིག་ཏུ་ (Tibet) བེད་སྤྱོད་བཏང་ཡོད་པ་རེད། ད་དུང་འདས་ལོའི་ཕྱི་ཟླ་ ༩ ཚེས་ ༧ ཉིན་ཧྥ་རན་སི་རུ་ཡོད་པའི་མོ་སི་དྷུ་ཁའེ་བྷ་ཧན་ལི་འགྲེམས་སྟོན་ཁང་ (Musée du quai Branly) གིས། བོད་(Tibet) ཅེས་པའི་ཐ་སྙད་ནག་གསུབ་བཏང་སྟེ་ཞིས་ཙང་ཟེར་བའི་ཐ་སྙད་བེད་སྤྱོད་བྱས་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་དབུས་ཧྥ་རན་སིའི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་ཧྥ་རན་སི་གཞུང་དང་འབྲེལ་ཡོད་སྒྲིག་འཛུགས་ལ་ཞུ་སྐུལ་དང་ངོ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་བར་བརྟེན། མོ་སི་དྷུ་ཁའེ་བྷ་ཧན་ལི་འགྲེམས་སྟོན་ཁང་གིས་ཞིས་ཙང་ཟེར་བའི་ཐ་སྙད་མེད་པ་བཟོས་ཏེ་ (Tibet) བེད་སྤྱོད་བཏང་ཡོད་པ་རེད།

ལོ་རྒྱུས་ལྟར་ན། དུས་རབས་བཅུ་བདུན་པ་ནས་བཟུང་བོད་ལ་དབྱིན་སྐད་དུ་ (Tibet) ཞེས་རྒྱལ་སྤྱིའི་ཐོག་རྒྱ་ཁྱབ་ཏུ་བེད་སྤྱོད་བྱས་ཡོད་ཀྱང་། རྒྱ་ནག་གིས་བོད་ལ་ཞིས་ཙང་ (Xizang) ཞེས་པ་དེ་མཁས་པ་ཁག་ཅིག་གིས་ཡུལ་དང་ཡུལ་མིའི་མིང་ས་མིང་དུ་ཐོགས་པ་སྟེ།  བོད་གངས་ཅན་ལྗོངས་དེ་རྒྱ་ནག་གི་ནུབ་ཏུ་ཡོད་པ་དང་བོད་ལ་གཙང་པ་རྒྱལ་པོས་མངའ་དབང་བསྒྱུར་སྐབས་སུ་ཞིས་ཙང་ (Xizang) ཞེས་ཐོགས་ཡོད་སྐོར་བརྗོད་ཀྱི་ཡོད་འདུག གང་ལྟར་རྒྱ་ནག་གིས་ཞིས་ཙང་ཟེར་དུས་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུར་མ་གཏོགས་བོད་ཁུལ་གཞན་དུ་གོ་ཡི་མེད་ལ། དབྱིན་ཡིག་གི་ (Tibet) ནི་བོད་སྤྱི་ལ་གོ་ཡི་ཡོད་སྟབས། དེ་གཉིས་ས་ཁོངས་ཁྱབ་ཚད་ཀྱི་ཐོག་ནས་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་རེད། ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༡༤ ཉིན་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་པའི་པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་ཐེངས་ ༧ པ་ཟེར་བའི་ཐོག བོད་ལ་དབྱིན་སྐད་དུ་ (Tibet) ཞེས་པ་དེའི་ཚབ་ཏུ་ཞིས་ཙང་ (Xizang) ཟེར་བ་ཡོངས་ཁྱབ་ཏུ་བེད་སྤྱོད་གཏོང་བར་ཤུགས་སྣོན་དགོས་པ་ཐག་གཅོད་བྱས་ཏེ། རྒྱ་ནག་གོ་ལའི་དུས་བབ་ཟེར་བ་སོགས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་ཞིས་ཙང་བེད་སྤྱོད་གཏོང་གི་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་གནོན་ཤུགས་འོག་ཕྱིའི་གསར་འགྱུར་བརྒྱུད་ལམ་ཁག་དང་འགྲེམས་སྟོན་ཁང་སོགས་ཀྱིས་ཀྱང་བོད་མིང་ (Tibet) ཚབ་ཏུ་ཞིས་ཙང་བེད་སྤྱོད་གཏོང་མཁན་གང་ཙམ་ཡོང་གི་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུའི་ལས་རིམ་དངོས་སུ་མགོ་བཙུགས། ༢༠༢༦།༤།༢༦ དུས་བབ་གསར་ཁང་གི་པར།
Mobile App

ཕྱི་ལོ་ ༢༠༢༦ ལོའི་བཙན་བྱོལ་བོད་མིའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་བསྡུ་བྱེད་བཞིན་པ།

སྐར་མ ༥༣ སྔོན་ལ།
དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese