མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་ཇོ་མོ་གླང་མར་གཏེར་ཁ་སྔོག་འདོན་བྱེད་ཉེན་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༥/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་རྒྱ་ནག་གཞུང་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ན་གོར་མོ་གཉིས་སུ་རྒྱལ་སྤྱིའི་ཁྲོམ་རའི་འགྲན་རྩོད་ཁྲོད་དགོས་མཁོ་ཆེ་བའི་ལི་ཐི་ཡམ་གྱི་གཏེར་ཁ་སྔོག་འདོན་བྱེད་པའི་ལས་གཞི་གཉེར་མགོ་བཙུགས་ཡོད་འདུག

China-lithium-reserve in Tibet.

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ནས་རྒྱ་ནག་གཞུང་གིས་བོད་མཚོ་སྔོན་ཞིང་ཆེན་གྱི་ཁོངས་གཏོགས་ས་ཁུལ་གཉིས་ནས་ལྕགས་རིགས་ཀྱི་གཏེར་རྫས་ཏེ། ལི་ཐི་ཡམ་ (lithium) གྱི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་དངོས་སུ་མགོ་བཙུགས་ཡོད་ཅིང་། ལི་ཐི་ཡམ་སྔོག་འདོན་བྱེད་ཡུལ་ནི་བོད་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དང་ན་གོར་མོ་གཉིས་ཡིན་པ་རེད།

དེ་འབྲེལ་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་རུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་དཀོན་རིགས་གཏེར་རྫས་ཚོང་སྒྱུར་གྱི་གནས་ཚུལ་སྤེལ་སའི་ (mysteel.net) དྲ་བས་གནས་ཚུལ་སྤེལ་བར་གཞིགས་ན།  ཐེངས་འདིའི་ལི་ཐི་ཡམ་ (lithium) གྱི་གཏེར་ཁ་སྔོག་འདོན་གྱི་ལས་གཞིའི་ཁྲོད། མཆོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནས་ལོ་རེར་ལི་ཐི་ཡམ་ཏུན་ཁྲི་གཉིས་དང་ན་གོར་མོ་ནས་ལོ་རེར་ལི་ཐི་ཡམ་ཏུན་ཁྲི་བཞི་སྔོག་འདོན་བྱ་རྒྱུ་དམིགས་འབེན་བཟུང་ཡོད་ཅིང་། ལི་ཐི་ཡམ་གྱི་གཏེར་རྫས་སྔོག་འདོན་བྱེད་མཁན་ནི་རྒྱ་ནག་གཞུང་འབྲེལ་ལྕགས་རིགས་བཟོ་གྲྭ་དང་རྒྱ་ནག་ཚ་མཚོའི་བཟོ་ལས་ཚོགས་པ་ཟེར་བ་གཉིས་ཡིན་འདུག

དེ་བཞིན། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་རྒྱ་ནག་གཞུང་འབྲེལ་གྱི་བོད་ལྗོངས་གཏེར་རྫས་གསར་སྤེལ་བཟོ་ལས་ཁང་ཟེར་བས། བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་གཞིས་ཀ་རྩེའི་ཚ་ཁ་མཚོ་ནས་ཆུ་ཚོད་ ༡༢༠ རིང་འདང་ངེས་ཡིན་པའི་ཤུགས་ཚད་ ༡༠༠༠༠ ཅན་གྱི་གློག་རྫས་མཁོ་འདོན་དངོས་སུ་ལེགས་འགྲུབ་བྱུང་ཡོད་སྐོར་བསྒྲགས་འདུག

རྒྱ་ནག་གཞུང་གིས་ཉེ་ལམ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༨༠ སྟེང་གོ་ལའི་གནམ་གཤིས་ཚ་དྲོད་དོ་མཉམ་ཡོང་སླད་ཁོར་ཡུག་ལ་གནོད་སྐྱོན་མེད་པའི་འཕྲུལ་རིགས་སོགས་ཀྱི་ཐོན་སྐྱེད་མང་དག་ཅིག་བཟོ་སྐྲུན་བྱེད་མུས་ཡིན་པའི་ཁས་ལེན་བྱས་ཡོད་ཀྱང་། བོད་གནས་བསྐྱར་ཞིབ་ཁང་གིས་ཉེ་སྔོན་རྒྱ་རིགས་སྒྱུ་རྩལ་བ་ཚའེ་གོ་ཆང་གིས་གཞིས་ཀ་རྩེ་རྒྱལ་རྩེའི་རི་མགོར་གང་བྱུང་ཤོག་སྦག་སྤར་བ་དེས། རྒྱ་ནག་གི་ཐོན་རྫས་དག་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་ནུས་པ་ལྡན་མིན་དོན་དངོས་ཐོག་དོགས་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད་སྐོར་བརྗོད་འདུག

ཚན་རིག་ལམ་སྟོན་ (Scientific direct) ཞེས་པའི་དྲ་བར་སྤེལ་བའི་ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་གི་དཔྱད་རྩོམ་ཞིག་ལ་གཞིགས་ན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་མང་དག་ཅིག་ཏུ་ལི་ཐི་ཡམ་གྱི་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྤེལ་མུས་ཡིན་ཞིང་། དེའི་ཁོངས་སུ་སྟོད་མངའ་རིས་ས་ཁུལ་གྱི་ལག་སྐོར་མཚོ་དང་གཞིས་ཀ་རྩེའི་ཚ་ཁ་མཚོ།    མཚོ་སྔོན་གྱི་གཏེར་ལེན་ཁ་དང་ཚྭ་མོ་མཚོ་གཉིས། མཚོ་སྔོན་པོ། འདམ་གཞུང་གཡུ་མཚོ། ཚྭ་མཚོ་བཅས་ལ་གཏེར་ཁ་སྔོག་འདོན་བྱེད་མུས་ཡིན་པའི་མིང་འདོན་བྱས་འདུག་པ་མ་ཟད། ད་དུང་ས་མཐོ་རི་གཙང་གི་བོད་ཀྱི་གཏེར་རིགས་ལ་རྔམ་པའི་རྒྱ་རིགས་ཚོས་ཇོ་མོ་གླང་མ་གཙོས་ཧི་མ་ལ་ཡའི་རི་རྒྱུད་དུ་རིན་ཐང་གཞལ་དུ་མེད་པའི་གཏེར་གྱི་བང་མཛོད་ཡོད་པར་ཞིབ་འཇུག་བྱས་ཟིན་པ་དང་། མི་རིང་བར་ཇོ་མོ་གླང་མར་ཡང་འཛམ་གླིང་རིག་དངོས་ཤུལ་བཞག་གི་ཁོངས་སུ་ཡོད་པར་མ་ལྟོས་པར་སྔོག་འདོན་བྱེད་སྲིད་པའི་ཉེན་ཁ་ཡོད་འདུག

ལི་ཐི་ཡམ་གཏེར་རིགས་སྐོར་ཞིབ་འཇུག་བྱས་པའི་གྲུབ་དོན་ལྟར་ན། འཛམ་གླིང་ནང་ལི་ཐི་ཡམ་ཆེས་མང་ས་ནི་ལྷོ་ཨ་མི་རི་ཁའི་རྒྱལ་ཁབ་ཆི་ལིན་ཡིན་པ་དང་རྒྱ་ནག་ཨང་གཉིས་པ་ཡིན་འདུག་ལ། རྒྱ་ནག་གིས་འཛམ་གླིང་གི་ལི་ཐི་ཡམ་གྱི་བརྒྱ་ཆའི་ ༡༦།༥ ཟིན་ཡོད་ཅིང་། དེ་དག་ལས་ལི་ཐི་ཡམ་གྱི་བརྒྱ་ ༩༠ ལྷག་གི་འབྱུང་ཁུངས་བོད་ནང་ཡིན་འདུག

འཕྲུལ་རིགས་འཕེལ་རྒྱས་ཀྱི་དེང་གི་སྤྱི་ཚོགས་ཁྲོད་འཛམ་གླིང་རྒྱལ་ཁབ་མང་པོས་སྔོན་ཐོན་དང་ཁྲོམ་རའི་འགྲན་རྩོད་ཀྱི་རྣམ་པ་ཤུགས་ཆེན་བྱེད་བཞིན་ཡོད་པ་ལྟར། ད་ལྟ་ལི་ཐི་ཡམ་གྱི་གཏེར་རྫས་ནི་ཁ་པར་དང་གློག་ཀླད། པར་ཆས། རླངས་འཁོར་དང་གནམ་གྲུ། རྡུལ་ཕྲན་མཚོན་ཆ་སོགས་བཟོ་སྐྲུན་བྱེད་པར་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། ལི་ཐི་ཡམ་གྱི་གཏེར་རྫས་འཕྲུལ་རིགས་ཙམ་དུ་མ་ཟད་ནད་རིགས་མང་པོ་ཞིག་བཅོས་ཐབས་ཀྱི་སྨན་རྫས་སུའང་བཀོལ་སྤྱོད་བྱེད་བཞིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༣ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese