མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་རྒྱབ་སྐྱོར་བ་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གི་གཟེངས་རྟགས་ཤིག་འབུལ་གཏན་ཁེལ།

བོད་ཀྱི་དུས་བབ།
༢༠༢༥/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་རྒྱབ་སྐྱོར་བ་དང་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རེ་ཆར་ཌི་གྷེ་རེ་ལགས་སུ་འགྲོ་བ་མིའི་ཐོབ་ཐང་གཅེས་འཛིན་ཚོགས་པའི་གཟེངས་རྟགས་ཐོག་མ་ (Visionary Award) ཞེས་པ་འབུལ་གཏན་ཁེལ།

HUMAN RIGHTS FIRST HONORS RICHARD GERE WITH INAUGURAL VISIONARY AWARD FOR LIFETIME ACHIEVEMENTS IN HUMAN RIGHTS. Tibettimes Photo

བོད་དོན་རྒྱབ་སྐྱོར་བ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་རེ་ཆར་ཌི་གྷེ་རེ་ལགས་སུ། འགྲོ་བ་མིའི་ཐོབ་ཐང་གཅེས་འཛིན་ཚོགས་པའི་གཟེངས་རྟགས་ཐོག་མ་ (Visionary Award) འབུལ་གཏན་ཁེལ་ཡོད་ཅིང་། དེ་ནི་ཁོང་གིས་མི་ཚེ་ཧྲིལ་པོར་འཛམ་གླིང་ནང་དྲག་གནོན་ཐེབས་བཞིན་པའི་མི་མང་གི་གཞི་རྩའི་ཐོབ་ཐང་དང་རང་དབང་སོགས་ཀྱི་ཆེད་དུ་བདེན་པའི་འཐབ་རྩོད་བྱས་པ་དང་ལྷག་པར་དུ་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་སྐུ་ལས་བསྐྱོན་པ་སོགས་ལ་ཆེ་བསྟོད་ངོས་འཛིན་མཚོན་ཕྱིར་ཕུལ་བ་ཞིག་ཡིན་འདུག་ལ། གཟེངས་རྟགས་དེ་ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་འབུལ་རྒྱུ་ཡིན་འདུག

དེ་འབྲེལ་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གཅེས་འཛིན་ཚོགས་པས། རེ་ཆར་ཌི་གྷེ་རེ་ལགས་ཀྱིས་གློག་བརྙན་འཁྲབ་སྟོན་པ་དང་། བཟོ་སྐྲུན་པ། པར་ལེན་པ་བཅས་ཀྱི་ཐོག་ནས་འཛམ་གླིང་ནང་སྒྱུ་རྩལ་ཐོག་ཕྱག་ལས་གནང་བ་ཙམ་དུ་མ་ཟད། འཛམ་གླིང་ཡུལ་གྲུ་གང་སར་དྲག་གནོན་འོག་གནས་པའི་མི་མང་གི་གཞི་རྩའི་ཐོབ་ཐང་དང་རང་དབང་སོགས་སྲུང་སྐྱོབ་ཀྱི་ཕྱག་ལས་གནང་ཡོད། ལྷག་པར་དུ་ཁོང་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྣེ་འཁྲིད་པ་དང་ཨ་རིའི་བོད་ཁང་མཉམ་འབྲེལ་གསར་འཛུགས་ཀྱིས་ཨ་རིའི་ཆབ་སྲིད་ཚོགས་པ་ཁག་དང་རྒྱལ་སྤྱིའི་སྲིད་ཇུས་ཁག་ལ་བཟོ་བཅོས་བྱས་ཏེ། རྒྱ་ནག་དམར་ཤོག་ཚོགས་པས་བོད་ཀྱི་རིག་གཞུང་རྩ་མེད་གཏོང་བའི་སྲིད་ཇུས་ཁག་གི་ཁ་གཏད་དུ་ལངས་ཡོད། ཁོང་གིས་མི་ཚེ་ཧྲིལ་པོ་བོད་མི་རྣམས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་རྩོད་ལེན་ཆེད་བཏང་གནང་ཡོད། ཅེས་བརྗོད་འདུག

འགྲོ་བ་མིའི་ཐོབ་ཐང་གཅེས་འཛིན་ཚོགས་པའི་ཁེ་གཉེར་བ་དང་འགན་འཛིན་ཨུ་ཛ་ར་ཛེ་ཡ་ལགས་ཀྱིས། རེ་ཆར་ཌི་གྷེ་རེ་ལགས་ནི་འགྲོ་བ་མིའི་ཐོབ་ཐང་གཅེས་འཛིན་ཚོགས་པའི་གཟེངས་རྟགས་ (Visionary Award) ཞེས་པ་ཐོབ་མཁན་དང་པོ་ཡིན་པའི་ཆ་ནས། རི་ཆར་ཌི་གྷེ་རི་ཡི་དཔེ་མཚོན་གྱིས་འགྲོ་བ་མིའི་ཐོབ་ཐང་དེ་མི་ཚང་མའི་ཆེད་དུ་ཡིན་པ་དང་། མི་ཚང་མར་ཐོབ་ཐང་དེ་འོས་ཤིང་འཚམས་པ་ཡིན་པའི་དྲན་སྐུལ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག་ལ། ལྕམ་ཨུ་ཛ་ར་ཛེ་ཡ་ལགས་ནི་ཨ་རིའི་སྲིད་འཛིན་བྷའེ་ཌན་སྐབས་བསྐོ་གཞག་བྱས་པའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ཟུར་བ་ཡིན་འདུག

རེ་ཆར་ཌི་གྷེ་རེ་ལགས་ནི་ཕྱི་ལོ་ ༡༩༤༩ ཟླ་ ༨ ཚེས་ ༣༡ ཉིན་ཨ་རིའི་མངའ་སྡེ་པེན་སིལ་ཝེ་ནི་ཡ་ (Pennsylvania) རུ་ཡོད་པའི་ཧྥི་ལ་ཌལ་ཧྥི་ཡ་ (Philadelphia) གྲོང་ཁྱེར་དུ་སྐྱེས་ཤིང་། ཕྱི་ལོ་ ༡༩༦༧ ལོར་བྱང་སི་ཡ་ཀུ་སི་དབུས་སློབ་འབྲིང་ (North Syracuse Central High School) ནས་སློབ་མཐར་ཕྱིན། དེ་ནས་མཱ་ས་ཆུ་སེ་ཊི་གཙུག་ལག་སློབ་གཉེར་ཁང་དུ་ལུས་རྩལ་གྱི་སློབ་ཡོན་ཐོབ་སྟེ། མཚན་ཉིད་རིག་པའི་ཐོག་སློབ་སྦྱོང་བྱས། འོན་ཀྱང་། ལོ་གཉིས་ཀྱི་རྗེས་སུ་སློབ་གྲྭ་ནས་ཕྱིར་ཐོན་རྐྱེན་སློབ་མཐར་ཕྱིན་མེད་པ་རེད། ཕྱི་ལོ་ ༡༩༦༩ ནས་གློག་བརྙན་དུ་ཆེད་ལས་ཐོག་ནས་ལས་ཀ་བྱེད་མགོ་ཚུགས་ཏེ། ཕྱི་ལོ་ ༡༩༧༠ ཟླ་དཀྱིལ་ཙམ་ནས་བཟུང་ཧོ་ལི་ཝུ་ཌིའི་གློག་བརྙན་ནང་འཁྲབ་སྟོན་བྱེད་མགོ་བཙུགས་ཡོད་འདུག་ལ། ཕྱི་ལོ་ ༡༩༧༡ ལོར་ (Rock Opera) ཞེས་པའི་གློག་བརྙན་ཐོག་མར་འཁྲབ་སྟོན་གནང་། ཕྱི་ལོ་ ༡༩༧༣ ལོར་ (Grease) ཞེས་པའི་གློག་བརྙན་འཁྲབ་སྟོན་བྱས་ཏེ། ཧོ་ལི་ཝུ་ཌི་ (Hollywood) ནང་འཁྲབ་སྟོན་པ་གྲགས་ཅན་ཐོག་མའི་གྲས་ཤིག་ཡིན་ཞིང་། རྒྱལ་སྤྱིའི་སྟེང་གློག་བརྙན་སྣ་མང་འཁྲབ་སྟོན་གནང་བ་སོགས་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་ཞིག་ཡིན་པ་མ་ཟད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་དང་བོད་དོན་ལས་འགུལ་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་མཁན་ཞིག་ཡིན་པར་སོང་། རྒྱ་ནག་གཞུང་གིས་ཁོང་རྒྱ་ནག་ནང་དུ་འགྲོ་འོང་བཀག་སྡོམ་བྱས་ཡོད་པ་རེད།

གློག་བརྙན་འཁྲབ་སྟོན་པ་སྐུ་ཞབས་རི་ཆར་ཌི་གྷེར་ལགས་ནི། བོད་བརྒྱུད་ནང་བསྟན་ལ་དད་མོས་བྱེད་མཁན་ཞིག་དང་དུས་རྟག་ཏུ་༸གོང་ས་མཆོག་ལ་རྒྱབ་སྐྱོར་གནང་མཁན་གྱི་མི་སྣ་ཞིག་ཡིན་པར་མ་ཟད། ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་ཨོ་རྩེད་འགྲན་ཚོགས་མ་ཚོགས་པའི་ཡར་སྔོན་ཏུ་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་མཚམས་འཇོག་དང་བོད་ལ་རང་བཙན་སྤྲོད་དགོས་པའི་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་གནང་བ་དང་།  ལོ་དེར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཐེངས་མང་སྤེལ་ཡོད་ལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་སྐད་གསེང་མཐོན་པོས་བོད་ཀྱི་བདེན་དོན་གླེང་སློང་གནང་བ་ཉུང་ཉུང་མིན་ལ། དམིགས་བསལ་འདས་པའི་ལོ་ངོ་མང་པོའི་རིང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་ཕྱག་ལས་གནང་སྟེ། བོད་ནང་འགྲོ་འོང་འདྲ་མཉམ་དང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེན་ཡོད། ད་ལྟ་དགུང་ལོ་ ༧༦ ཡིན་པའི་སྐུ་ཞབས་རི་ཆར་ཌི་གྷེར་དང་ཁོང་གི་བཟའ་ཟླ་ (Alejandra Silva) གཉིས་ལ་བུ་གཉིས་ཡོད་ཅིང་། འདས་ལོར་ཨ་རི་ནས་རང་ཉིད་ཀྱི་བཟའ་ཟླའི་རྒྱལ་ཁབ་སི་པན་དུ་གནས་སྤོར་བྱས་ཡོད།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༥ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese