མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་གཞུང་འབྲེལ་མཐོ་རིམ་མི་སྣ་ཁག་ཅིག་ལ་མཇལ་འཕྲད་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞུ་གཏུག་གནང་ཡོད་འདུག

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་། ཁེ་ན་ཌ་བོད་དོན་ལྷན་ཚོགས་ཀྱི་པར།

ཉེ་སྔོན་ཕྱི་ཟླ་ ༩ ཚེས་ ༢༥ ནས་དེ་རིང་ཕྱི་ཟླ་ ༡༠ ཚེས་ ༧ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་། ཁེ་ན་ཌའི་ཊོ་རོན་ཊོ། ཨོ་ཐ་ཝ་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༣ ཉིན་ཁེ་ན་ཌའི་ཨོ་ཊ་ཝར་རྟེན་གཞི་བྱས་པའི་མེ་ཁི་ཌོ་ནལ་ཊི་ལུ་རིར་ཉམས་ཞིབ་ཁང་ (Macdonald-Laurier Institute) དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གི་སྲིད་ཇུས་ཐོག་ཉམས་ཞིབ་བྱེད་མཁན་ཆེད་མཁས་པ་རྣམས་དང་ལྷན་དུ། འཛམ་གླིང་དམངས་གཙོའི་མཉམ་ལས་དང་རྒྱ་ནག་གི་དབང་སྒྱུར་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པའི་གནས་སྟངས་འོག་བོད་དོན་རྒྱབ་སྐྱོར་གྱི་འཐབ་ཇུས་ཐོག་བགྲོ་གླེང་གནང་ཡོད་འདུག

དེ་བཞིན་ཨོ་ཊ་ཝ་གཙུག་ལག་སློབ་གླིང་གི་མིའི་རིགས་རིག་པའི་སྡེ་ཚན་གྱི་སློབ་དཔོན་སི་ཁོ་ཌི་སི་མོན་(Scott Simon) ལགས་ཀྱི་སློབ་ཁང་དུ། སྲིད་སྐྱོང་མཆོག་གིས་བོད་ཀྱི་ཁྲིམས་མཐུན་གནས་བབ་དང་། རིག་གཞུང་སྲ་བརྟན། བོད་མཐོ་སྒང་གི་འཛམ་གླིང་གལ་གནད་ཐོག་གཏམ་བཤད་གནང་ཡོད་པ་མ་ཟད།   སློབ་གཉེར་བ་རྣམས་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་ས་ཁོངས་ཆབ་སྲིད་ཀྱི་རྒྱ་ཆེ་བའི་ནང་དོན་དང་འབྲེལ་ནས་བོད་དོན་ཐོག་བལྟ་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༢ ཉིན་ཁེ་ན་ཌ་ཨོ་ཊ་ཝ་གྲོས་ཚོགས་ཀྱི་གསར་འགོད་ལྷན་ཚོགས་སུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་བཅའ་སྡོད་སློབ་གྲྭའི་ངན་བྱུས་ཐེར་འདོན་གནང་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང། སྐབས་དེའི་གསར་འགོད་གསལ་བསྒྲགས་ཐོག་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་གྷར་ནེཊ་ཇི་ནི་སི་ (Garnett Genuis) ལགས་དང་། གྲོས་ཚོགས་འཐུས་མི་ཨེ་ལེག་སི་བུ་རུ་ནེལ་ (Alexis Brunelle) ལགས། གྲོས་ཚོགས་འཐུས་མི་ཀ་རིམ་སྦར་ཌཱི་སི་ (Karim Bardeesy) ལགས། ཁེ་ན་ཌ་བོད་དོན་ལྷན་ཚོགས་ཀྱི་སློབ་སྟོན་པ་ཆར་ལེ་སི་བྷར་ཊོན་ (Charles Burton) ལགས་སོགས་ནས་མཉམ་ཞུགས་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་ཆེད་འཛུགས་བྱས་པའི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭའི་གནད་དོན་ཐོག་ཐུགས་འཚབ་བསྟན་ཡོད་འདུག  སྐབས་དེར་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཕྲུག་རྣམས་བཙན་དབང་གིས་མི་སེར་སྤེལ་ཡུལ་བཅའ་སྡོད་སློབ་གྲྭ་ཁག་ཏུ་སློབ་འཇུག་གིས་བོད་མིའི་སྐད་ཡིག་དང་། རིག་གཞུང་། ངོ་བོ་རྩ་གཏོར་བྱེད་བཞིན་ཡོད། གལ་སྲིད་རྒྱ་ནག་གཞུང་གིས་མུ་མཐུད་དུ་སྲིད་ཇུས་འདི་ལག་བསྟར་བྱས་ཚེ། བོད་ཀྱི་མི་རབས་རྗེས་མ་རྒྱ་རིགས་སུ་འགྱུར་རྒྱུ་རེད། དེ་ནི་ང་ཚོས་ད་ལྟ་མཐོང་བཞིན་པའི་བོད་ཀྱི་འཇིགས་སྣང་ཆེ་བའི་གནད་དོན་ཞིག་ཡིན། ཁེ་ན་ཌ་ནི་དམངས་གཙོ་དང་རང་དབང་ལ་བརྩི་བཀུར་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པས། རྒྱ་ནག་གཞུང་གིས་བོད་མིའི་ངོ་བོ་རྩ་གཏོར་གཏོང་བར་ཁ་གཏད་གཅོག་ཐུབ་པའི་ནུས་པ་ཆེན་པོ་ཡོད་པར་ངོས་འཛིན་གནང་བཞིན་ཡོད་སྐོར་གསུངས་འདུག

ཁེ་ན་ཌའི་ཨོ་ཊ་ཝར་རྟེན་གཞི་བྱས་པའི་མེ་ཁི་ཌོ་ནལ་ཊི་ལུ་རིར་ཉམས་ཞིབ་ཁང་ (Macdonald-Laurier Institute) དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་ནག་གི་སྲིད་ཇུས་ཐོག་ཉམས་ཞིབ་བྱེད་མཁན་ཆེད་མཁས་པ་རྣམས་དང་ལྷན་དུ་བོད་དོན་བགྲོ་གླེང་གནང་། ༢༠༢༥།༡༠།༠༣

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇེམ་སི་མ་ལོ་ནི་ (James Maloney) ལགས་ཀྱི་གོ་སྒྲིག་འོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཉིན་གུང་གསོལ་སྟོན་ཞིག་ཕུལ་ཡོད་ཅིང་།  སྐབས་དེར་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་ཡི་ཝན་བྷེ་ཀར་ (Yvan Baker) ལགས་དང་། གྲོས་ཚོགས་འཐུས་མི་ཀ་རིམ་སྦར་ཌཱི་སི་ (Karim Bardeesy) ལགས།  གྲོས་ཚོགས་འཐུས་མི་ཊེ་རི་ཤི་ཧན་ (Terry Sheehan) ལགས། གྲོས་ཚོགས་འཐུས་མི་ཨེ་ལི་ཛེ་བྷི་ཐི་མཱེ་ (Elizabeth May) ལགས་བཅས་དང་མཇལ་འཕྲད་གནང་ཡོད་པ་མ་ཟད། དགོང་མོའི་གསོལ་ཚིགས་ཐོག་ཁེ་ན་ཊའི་ཆབ་སྲིད་ཚོགས་པའི་( Bloc Quebecois )གྲོས་ཚོགས་འཐུས་མི་ཕ་རན་ཀི་ཧི་སི་བྷེ་ལེན་ཅིཊ་ (Francois Blanchet) ལགས་དང་། གྲོས་ཚོགས་འཐུས་མི་ཨེ་ལེག་སི་བུ་རུ་ནེལ་( Alexis Brunelle) ལགས་བཅས་སུ་མཇལ་འཕྲད་གནང་སྟེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མ་འོངས་༸སྐུའི་ཡང་སྲིད་ངོས་འཛིན་གྱི་གནད་དོན་ཐོག་ཕྱིའི་རྒྱལ་ཁབ་ཁག་གིས་ཐེ་གཏོགས་མི་བྱེད་པ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། གྲོས་མོལ་ལམ་ནས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་སླད་རྒྱལ་སྤྱིིའི་སྤྱི་ཚོགས་ནས་ཐུགས་ཁུར་ཡོང་བའི་ཞུ་སྐུལ་གནང་ཡོད་འདུག

མཛད་འཆར་ལྟར་ན། དེ་རིང་ཕྱི་ཚེས་ ༧ བར་སྲིད་སྐྱོང་མཆོག་གིས་བོད་དོན་དྲིལ་བསྒྲགས་ཀྱི་ལས་དོན་ལ་ཤུགས་སྣོན་དང་། བོད་དོན་རྒྱབ་སྐྱོར་ཐབས་འཚོལ་སླད་ཁེ་ན་ཌའི་རྒྱལ་ས་ཨོ་ཊ་ཝར་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་དང་། གཞུང་འབྲེལ་མཐོ་རིམ་མི་སྣ། གསར་འགོད་པ་སོགས་དང་མཇལ་འཕྲད་གནང་གི་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༧ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese