མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གནམ་གཤིས་འགྱུར་ལྡོག་ནི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཐད་ཀར་འབྲེལ་བ་ཡོད་པའི་སྙན་ཐོ་བཏོན། 

བོད་ཀྱི་དུས་བབ།
༢༠༢༥/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ནང་གི་སྐྱེས་ཁམས་ཁོར་ཡུག་ལ་འགན་མ་ཁུར་བ་ནི་ས་ཁམས་ཆབ་སྲིད་ཀྱི་ཐོག་ནས་ཀྱང་རྒྱལ་ཁབ་ཕན་ཚུན་བར་འཁོན་འཛིང་ཡོང་བའི་གཞི་རྩར་གྱུར་ཡོད་སྐོར་སྙན་ཐོ་བཏོན།

སུ་ཊོག་ཧོམ་སི་ཤར་ཨེ་ཤ་ཡ་དང་རྒྱ་གར་ཞི་བདེ་རྒྱ་མཚོའི་གནད་དོན་ལྟེ་གནས་ཁང་གིས་(The Stockholm Center for South Asian and Indo-Pacific Affairs) བོད་ནང་གི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན། སྙན་ཐོའི་པར། ༢༠༢༥།༡༠།༠༦

ཟླ་འདིའི་ཕྱི་ཚེས་ ༦ ཉིན་སུ་ཝེ་ཌིན་དུ་རྟེན་གཞི་བྱས་པའི་སུ་ཊོག་ཧོམ་སི་ལྷོ་ཨེ་ཤ་ཡ་དང་རྒྱ་གར་ཞི་བདེ་རྒྱ་མཚོའི་གནད་དོན་ལྟེ་གནས་ཁང་(The Stockholm Center for South Asian and Indo-Pacific Affairs)གིས། བོད་ནང་གི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་ཡོད་ཅིང་། སྙན་ཐོ་དེའི་ནང་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ཆེད་མཁས་པ་མི་གྲངས་ ༢༠ ལྷག་གིས་རྟོག་ཞིབ་དང་ཉམས་ཞིབ་བྱས་པ་བརྒྱུད། བོད་ནང་དུ་གནམ་གཤིས་འགྱུར་ལྡོག་འགྲོ་བ་དེས་ཨེ་ཤ་ཡའི་རྒྱལ་ཁབ་ཁག་ལ་ཆུ་དང་ཟས་བཅུད། ནུས་ཤུགས་སོགས་ཀྱི་དཀའ་ངལ་འཕྲད་ཉེན་ཡོད་པ་མ་ཟད། གོ་ལའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ལ་ཐད་ཀར་འབྲེལ་བ་ཆགས་ཡོད་སྐོར་སོགས་གསལ་འདུག

ཤོག་ངོས་ ༢༧༦ ཡོད་པའི་སྙན་ཐོ་དེའི་ནང་། འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་པའི་བོད་མཐོ་སྒང་ནི་ལྷོ་དང་ལྷོ་ཤར་ཨེ་ཤ་ཡའི་མི་གྲངས་ཐེར་འབུམ་ ༢ ཙམ་གྱི་འཚོ་རྟེན་དུ་གྱུར་བའི་འཛམ་གླིང་གི་ཆུ་བོ་ཆེན་པོ་བཅུ་ཡི་འབྱུང་ཁུངས་ཡིན་ཡང་། དེང་སྐབས་བོད་ནང་གི་གཙང་པོ་དག་གི་མགོ་ཁུངས་སུ་གྱུར་བའི་གངས་རི་དང་བོད་ཀྱི་འཁྱམ་རོམ་དག་ཞུ་མུས་ཡིན་སྟབས། བོད་ཀྱི་གཙང་པོ་དག་གི་རྒྱུད་དུ་གནས་པའི་རྒྱལ་ཁབ་ཚོའི་མི་སེར་རྣམས་ལ་ཆུ་ལོག་དང་། ཐན་པ། དེ་བཞིན་འཚོ་རྟེན་སོགས་ཀྱི་ཐད་ནས་དཀའ་ངལ་འཕྲད་ཉེན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་ཁབ་འཕེལ་རྒྱས་ཀྱི་མིང་འོག་ནས་མངའ་ཁོངས་སྟངས་འཛིན་དང་དམག་དོན་གྲ་སྒྲིག་སོགས་ཀྱི་སླད་བོད་ནང་གཞི་རྒྱ་ཆེ་བའི་རྨང་གཞིའི་འཛུགས་སྐྲུན་ལས་འཆར་ཏེ། གཞུང་ལམ་དང་། ལྕགས་ལམ། ཆུ་རགས་དང་གནམ་ཐང་སོགས་གསར་རྒྱག་དང་། བོད་ནང་གི་ས་གནས་མང་པོ་ཞིག་ལ་དམག་སྒར་བཙུགས་ཏེ། དམག་དོན་སྦྱོང་བརྡར་གྱི་ལས་དོན་སྤེལ་ནས་བོད་ཀྱི་སྐྱེས་ཁམས་ཁོར་ཡུག་ལ་གཏོར་བརླག་གཏོང་བཞིན་པ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་ཁོར་ཡུག་སྲུང་སྐྱོབ་ཐད་ལ་མ་འཇོག་མང་པོ་བྱས་པ་མ་ཟད། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཁག་ལ་ཞུགས་ནའང་། རྒྱལ་ཁབ་དང་ཚོགས་སྡེ་ཁག་གི་ཉེན་བརྡ་ལ་རྩིས་མེད་ཐོག བོད་ནང་གི་ཁོར་ཡུག་ལ་སྦག་བཙོག་དང་། གཏེར་ཁ་སྔོག་འདོན་སོགས་ཚུད་པའི་ལས་འདོན་མང་པོ་གཉེར་བཞིན་པའི་ཁར། ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་རྣམས་ལ་དམ་དྲག་སོགས་བྱས་ཏེ། བོད་ནང་གི་སྐྱེས་ཁམས་ཁོག་ཡུག་ལ་གཏོར་བརླག་ཐེབས་ཀྱི་ཡོད། ཅེས་གསལ་འདུག 

སྙན་ཐོའི་ནང་ཕྱི་ལོ་ ༢༠༢༠ ལོ་ནས་ད་ལོ་བར་རྒྱ་ནག་གཞུང་གིས་བོད་ནང་གི་སྐྱེས་ཁམས་ཁོར་ཡུག་བདག་གཅེས་དང་སྲུང་སྐྱོབ་ལ་ཁ་གཡར་ནས་ཉུང་མཐར་ཡང་འབྲོག་མི་གྲངས་༩༣༠༠༠༠ ཙམ་བཙན་གྱིས་གནས་སྤོར་བྱས་ཏེ་བོད་ཀྱི་འབྲོག་མིའི་འཚོ་བ་མཇུག་བསྒྲིལ་དུ་བཅུག་ཡོད་པ་མ་ཟད། ཁ་གསབ་དང་རོགས་སྐྱོར་སོགས་གང་ཡང་མེད་པས་འབྲོག་མི་དེ་དག་གི་ངེས་གཏན་མེད་པའི་འཚོ་བར་དོ་ཕོགས་ཆེན་པོ་བྱུང་ཡོད་ལ།  གནས་སྤོར་བྱས་པའི་འབྲོག་མི་དག་གིས་ཆོས་ལུགས་ཉམས་ལེན་དང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བར་དམ་དྲག་བྱས་ཡོད་པའི་མ་ཚད། བོད་སྐད་བཤད་པར་དམ་དྲག་དང་། ཆེད་དུ་རྒྱ་ནག་ནས་བོད་དུ་བསླེབས་པའི་རྒྱ་རིགས་དག་ལ་གཉེན་སྒྲིག་སོགས་བྱེད་བཅུག་སྟེ། བོད་ཀྱི་ཆོས་རིག་རྩིས་མེད་རྡོག་རོལ་གཏོང་གིན་ཡོད་པའི་ཁར། བོད་ནང་གི་ས་གནས་ཁག་ཏུ་སྲོལ་རྒྱུན་གྱི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་ལ་བཀག་འགོག་གིས་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་འཕྲད་མུས་ཡིན། ཞེས་གསལ་འདུག 

ཡང་སྙན་ཐོ་དེའི་ནང་། བོད་ནང་ཆེས་འཇིགས་སྣང་སྐྱེས་དགོས་པ་ནི་ད་ལྟ་རྒྱ་ནག་གཞུང་གིས་བོད་ནང་གི་ས་གནས་མང་པོ་ཞིག་ཏུ་གློག་འདོན་ཆུ་རགས་གསར་རྒྱག་གིས་བོད་དེ་གློག་འདོན་ཆུ་རགས་ཀྱི་རྟེན་གཞི་ཆེན་པོ་ཞིག་ཏུ་བསྒྱུར་ཐབས་བྱེད་བཞིན་པ་དེ་ཡིན་ལ། ད་ལྟ་རྒྱ་ནག་གིས་གསར་རྒྱག་བྱེད་མུས་ཡིན་པའི་མེ་ཏོག་རྫོང་ཁོངས་ཀྱི་ཡར་ཀླུང་གཙང་པོའི་བཞུར་རྒྱུན་གྱི་གློག་འདོན་ཆུ་རགས་གཅིག་པུར་ཨ་སྒོར་དུང་ཕྱུར་ ༡༦༠ ལྷག་གི་འགྲོ་གྲོན་གཏོང་གིན་ཡོད་སྟབས། ཆུ་རགས་སོགས་ཚུད་པའི་འཛུགས་སྐྲུན་དེ་དག་གིས། བོད་ཀྱི་ས་གནས་ཁག་གི་ས་གཤིས་མི་བརྟན་པ་དང་། རི་ཉིལ།  ས་ཡོམ་སོགས་ཡོང་སླ་བ་མ་ཟད། རྒྱ་གར་དང་བྷང་ལ་དྷེ་ཤི་ལྟ་བུའི་བོད་ཀྱི་ལྷོ་རྒྱུད་ཀྱི་རྒྱལ་ཁབ་དག་ལ་རང་བྱུང་གི་གོད་ཆག་ཤུགས་ཆེན་ཡོང་ཉེན་དང་། རྒྱ་ནག་གིས་བོད་ནང་ཆུ་རགས་དེ་དག་གསར་རྒྱག་སྐབས་མི་མང་གནས་སྤོར་དང་། ལྷག་པར་དུ་འཛུགས་སྐྲུན་གྱི་འཆར་འགོད་དང་། ཁོར་ཡུག་གི་ཐོག་འགན་མ་ཁུར་བ་ནི། ས་ཁམས་ཆབ་སྲིད་ཀྱི་ཐོག་ནས་ཀྱང་རྒྱལ་ཁབ་ཕན་ཚུན་བར་འཁོན་འཛིང་ཡོང་བའི་གཞི་རྩར་གྱུར་ཡོད། ཅེས་གསལ་འདུག 

དེ་བཞིན་སྙན་ཐོ་དེའི་ནང་རྒྱ་ནག་གཞུང་གིས་ཁྲིམས་མཐུན་མིན་པའི་ཐོག་ནས་བོད་ནང་དུ་རྒྱ་རིགས་གནས་སྤོར་བྱེད་འཇུག་མུས་ཡིན་པའི་སྐོར་དང་། རྒྱ་ནག་གཞུང་གིས་འགྲིམ་འགྲུལ་ཁོ་ནར་ཁ་གཡར་ནས་འཛུགས་སྐྲུན་བྱས་དང་བྱེད་མུས་ཡིན་པའི་མེ་འཁོར་ལྕགས་ལམ་དང་། གནམ་ཐང་། གློག་འདོན་ཆུ་རགས་སོགས་ཀྱིས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བརླག་གཏོང་མུས་ཡིན་པའི་སྐོར། ཁྲིམས་མཐུན་མིན་པའི་ཐོག་ནས་ལི་ཐིམ་དང་ཟངས་ཚུད་པའི་གཏེར་ཁ་སྔོག་འདོན་བྱེད་མུས་ཡིན་པའི་སྐོར། ལྷག་པར་བོད་ཀྱི་གནམ་གཤིས་འགྱུར་ལྡོག་དེ་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གཙོས། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་དང་ཐད་ཀར་འབྲེལ་བ་ཡོད་པས། རྒྱལ་སྤྱི་ཁྱོན་ཡོངས་ཀྱིས་བོད་ནང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ལ་གཞོལ་དགོས་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ནང་གི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ཐད་ལ་སྐུལ་འདེད་བྱ་དགོས་པའི་རེ་སྐུལ་གནང་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༡༧ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༧ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese