མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅོ་བརྒྱད་པ་མཇུག་བསྒྲིལ་སོང་།

བོད་ཀྱི་དུས་བབ།
༢༠༢༥/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp

དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་ནས་གསར་འགོད་པས་ཕྱོགས་ལྷུང་མེད་པའི་ཐོག་ནས་དྲང་བདེན་དང་དངོས་ཡོད་གནས་ཚུལ་འགོད་དགོས་པ་དང་། ལོ་རྒྱུས་དང་འབྲེལ་ནས་རྒྱབ་ལྗོངས་ཀྱི་གནས་ཚུལ་ཉམས་ཞིབ་གནང་ཐུབ་ན་ཕན་ཐོགས་ཆེ་དགོས་སྐོར་གསུངས་སོང་།


ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅོ་བརྒྱད་པ་མཇུག་སྒྲིལ། ༢༠༢༥།༡༠།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།

དེ་རིང་ཕྱི་ཚེས་ ༨ ཉིན་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། གསར་འགྱུར་མེ་ལོང་གི་བརྗོད་གཞིའི་ཐོག་ས་རཱ་བོད་རིག་པའི་བགྲོ་གླེང་ཐེངས་བཅོ་བརྒྱད་པ་མཇུག་བསྒྲིལ་སོང་། མཇུག་བསྡོམས་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་གཙོས་པའི་བོད་ཀྱི་དཔེ་མཛོད་ཁང་གི་ཉམས་ཞིབ་དང་པར་སྐྲུན་ཚན་པའི་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་རྣམ་གཉིས་ཕེབས་འདུག

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་མཆོག་གིས། ཕྱི་ལོ་ ༡༩༥༩ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་དུ་ཞབས་སོར་འཁོད་ནས་ཐོག་མར་མ་སུ་རི་རུ་བཞུགས་སྒར་དང་པོ་ཡོད་པའི་སྐབས། ལོ་དེའི་ལོ་མཇུག་ཏུ་༧གོང་ས་མཆོག་གི་དགོངས་པ་དང་པོ་དེ་ཤེས་ཡོན་གྱི་ཐོག་ལ་བོད་ཕྲུག་ཚོར་ཤེས་ཡོན་སྤྲོད་རྒྱུ་དང་། ཤེས་ཡོན་མ་སྤྲོད་གོང་དུ་སློབ་དེབ་གྲ་སྒྲིག་བྱ་རྒྱུ། དེ་བཞིན་དགེ་རྒན་འོས་སྦྱོང་བྱ་རྒྱུ་སོགས་དགོངས་པ་བཞེས། དགེ་རྒན་འོས་སྦྱོང་སྐབས་སུ། སློབ་དེབ་དེ་འཛིན་གྲྭ་སོ་སོར་འཚམ་པའི་ཉམས་མྱོང་ཡོང་ཆེད་ཁག་ཅིག་ (Lucknow) རུ་དམའ་རིམ་དགེ་རྒན་གྱི་ཟབ་སྦྱོང་དུ་བཏང་འདུག དེ་ནས་སློབ་དེབ་ཚོགས་ཆུང་བཙུགས་པ་དང་། དེང་དུས་དང་མཐུན་པའི་སློབ་དེབ་ཕྱོགས་སྒྲིག་གནང་དགོས་པར་བརྟེན། འཛིན་གྲྭ་སོ་སོ་དང་ཕྲུ་གུའི་བསམ་བློའི་གནས་ཚད་ལ་བལྟས་ནས་བང་སྒྲིག་དགོས་པས། དེ་ལ་སློབ་སྟོན་པ་བྷ་བྷུ་མཐར་ཕྱིན་དང་། དེ་སྔའི་གཞུང་ཞབས་ཟུར་པ་ལྷ་ལུང་པ་བློ་བཟང་ཕུན་ཚོགས་རྣམ་པ་གཉིས་གདན་འདྲེན་ཞུས་ཏེ། སློབ་དེབ་ཕྱོགས་སྒྲིག་བྱེད་པའི་སྐབས། འཛིན་གྲྭ་སོ་སོར་དཔག་པའི་སློབ་དེབ་གང་འདྲ་བྱེད་དགོས་མིན་གྱི་ལམ་སྟོན་ཞུས་པ་རེད། ཅེས་དང་།

གོང་དུ་གསུངས་པ་ལྟར་བོད་ནང་དུ་གསར་འགྱུར་ཡོང་སའི་ཁུངས་གཙོ་བོ་དེ་མཐར་ཕྱིན་བྷ་བྷུ་ཡི་གསར་འགྱུར་རེད། ངས་ཞབས་ཕྱི་ཡུན་རིང་པོ་ཞུས་པའི་སྐབས། ཐེངས་གཅིག་སྐུ་མདུན་གྱིས་མཐར་ཕྱིན་བྷ་བྷུའི་རྒྱུད་པ་ཁུ་ནུ་རེད། ཕལ་ཆེར་ཆོས་ལུགས་ཡེ་ཤུ་མིན་འགྲོ་དེ་འདྲ་གསུང་གི་འདུག ཡིན་ནའང་ཁོང་བོད་པའི་ཐོག་ལ་དོ་སྣང་དང་སེམས་ཁུར་ཆེན་པོ་ཡོད་པ་ཞིག་དང་། བོད་པ་ལས་ལྷག་པ་ཡོད་རེད། དེ་བཞིན་ཁོང་གིས་གསར་འགྱུར་དེ་བོད་ལ་གཏོང་དུས་ཚོང་པ་ཕར་ཚུར་འགྲོ་མཁན་ཚོའི་བརྒྱུད་ནས་གཏོང་བ་མ་གཏོགས། དེང་སང་སྦྲག་བརྒྱུད་ནས་གཏོང་རྒྱུ་མེད་པ་རེད། དེར་བརྟེན་ཚོང་པ་ཕར་འགྲོ་ཚུར་འོང་བརྒྱུད་ནས་གསར་འགྱུར་བཏང་བ་དེ་ལས་ཕན་ཐོགས་ཆེན་པོ་ཡོང་གི་ཡོད། ཁོང་ནི་དགོངས་པར་གང་ཡོད་པ་དེ་ཐད་ཀར་གསུང་མཁན་ཞིག་རེད། དེར་བརྟེན་གཞུང་གིས་འཛིན་སྐྱོང་བྱེད་ཕྱོགས་དང་ལས་ཀ་བྱེད་སྟངས་ཀྱི་ཐོག་ལ་མ་འགྲིག་པའི་སྐོར་དགོངས་འཆར་གནང་བ་དང་། ཁ་ཤས་དཔེར་ན་བོད་ནང་རང་ས་རང་སྲུང་བྱེད་མཁན་གྱི་དམག་མི་དགོས་པ་དང་། ཕྱི་རྒྱལ་ཁག་ཏུ་ཆིངས་ཡིག་བཞག་དགོས་པའི་སྐོར་བསམ་ཚུལ་ཡོང་གི་ཡོད་ཀྱང་། ང་ཚོའི་ངོས་ནས་བསམ་བློ་གུ་དོག་པོ་དང་རྗེས་ལུས་ཐེབས་པ་ཡིན་པས། དེའི་སྒང་ལ་དོ་སྣང་ཁྱོན་ནས་སླེབས་ཀྱི་མེད་པ་སོགས་གསུངས་མྱོང་།

ཕྱི་ལོ་ ༡༩༧༠ ལོའི་ནང་མཐར་ཕྱིན་བྷ་བྷུ་ལགས་ཀྱིས་རང་དབང་ཡོད་དུས་རང་དབང་མེད། རང་དབང་མེད་དུས་རང་དབང་ཡོད་ཅེས་པ་དེ་བརྩམས་པ་རེད། དེའི་ཐད་ལས་བྱེད་ནང་ཁུལ་དུ་སྐད་ཆ་བཤད་སྐབས། བོད་ལ་རང་དབང་རང་བཙན་ཡོད་པའི་སྐབས་སུ་རང་དབང་མེད་པ་དང་། ༡༩༥༩ ལོར་བོད་རང་བཙན་ཤོར་བའི་རྗེས་སུ་རང་དབང་ཡོད་པའི་སྐོར་གོ་མྱོང་། ཞེས་དང་། གསར་འགོད་པས་གསར་འགྱུར་འབྲི་བའི་སྐབས་དྲང་བདེན་དང་དངོས་ཡོད་གནས་ཚུལ་གང་ཡོད་པ་དེ་ཇི་མ་ཇི་བཞིན་འགོད་དགོས་གལ་ཆེན་པོ་རེད། ལོ་རྒྱུས་དང་འབྲེལ་ནས་གནས་ཚུལ་འབྲི་སྐབས་རྒྱབ་ལྗོངས་ཀྱི་གནས་ཚུལ་ལ་ཉམས་ཞིབ་ཏོག་ཙམ་གནང་ཐུབ་ན། གནས་ཚུལ་དེ་ཁྱབ་ཆེན་པོ་འགྲོ་ཡི་ཡོད་པས་མིས་གོ་བ་དེ་དངོས་ཡོད་གནས་ཚུལ་གོ་ཐུབ་ན་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་གྱི་འདུག དེར་བརྟེན་གསར་འགོད་པས་དངོས་ཡོད་གནས་ཚུལ་ཇི་མ་ཇི་བཞིན་འགོད་དགོས་པ་དང་། ཕྱོགས་ལྷུང་གི་གནས་ཚུལ་རྩ་བ་ནས་མེད་པ་དང་དྲང་བདེན་གྱི་གནས་ཚུལ་འགོད་དགོས་པའི་ཐད་དགོངས་པ་བཞེས་རོགས་གནང་། ཞེས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༧ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese