མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོགས་ཀྱིས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་གྲོངས་རྐྱེན་ཁ་གསལ་དགོས་པའི་སྐུལ་འདེད་གནང་།

བོད་ཀྱི་དུས་བབ།
༢༠༢༥/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་སྡེ་གཉིས་ཀྱིས་རྒྱ་ནག་གཞུང་དང་ཝེ་ཐི་ནམ་གཞུང་གིས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་དོགས་གཞི་ཅན་གྱི་གྲོངས་རྐྱེན་དང་འབྲེལ་བའི་གནད་དོན་བཅུ་ཁ་གསལ་བཟོ་དགོས་པའི་སྐུལ་འདེད་གནང་།

མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་ཁྲི་པ་སྤྲུལ་སྐུ་ཧཱུཾ་ཀར་རྡོ་རྗེ་མཆོག འབྲེལ་ཡོད་ནས་པར་འདི་གར་མཁོ་སྤྲོད་གནང་།

ཟླ་འདིའི་ཕྱི་ཚེས་ ༨ ཉིན་རྒྱལ་ཚོགས་ཀྱི་བཙན་དབང་གི་འཛིན་བཟུང་བཀག་ཉར་བྱས་པའི་ཐོབ་ཐང་སྲུང་སྐྱོབ་ཚན་པ་དང་། གར་སོང་ཆ་མེད་དུ་གྱུར་བའི་བཙོན་པ་རྣམས་ཀྱི་ཐོབ་ཐང་རྩོད་ལེན་ཚན་པ་གཉིས་ཀྱི་ཆེད་མཁས་པ་དག་གིས། ཝེ་ཐི་ནམ་སྲིད་གཞུང་དང་རྒྱ་ནག་གཞུང་གིས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་ཝེ་ཐི་ནམ་གྱི་རྒྱལ་སྤྱིའི་སྨན་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་སྐུ་གྲོངས་བའི་དོགས་གཞི་ཅན་གྱི་གནད་དོན་ཁ་གསལ་བཟོ་དགོས་པའི་དགོས་འདུན་བཏོན་འདུག

རྒྱལ་ཚོགས་ཀྱིས་སྤེལ་བའི་ཡིག་ཆ་དེའི་ནང་། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཆེད་མཁས་པ་དག་ཝེ་ཐ་ནམ་སྲིད་གཞུང་དང་རྒྱ་ནག་གི་གསང་བའི་ལས་མི་སོགས་ཀྱིས་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་འཛིན་བཟུང་བཀག་ཉར་བྱས་པ་དང་། འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་ནས་མཐར་དོགས་གཞིའི་ངང་ནས་འདས་གྲོངས་སུ་གྱུར་བར་སེམས་འཚབ་ཆེན་པོ་ཡོད། ནང་མི་རྣམས་ཀྱི་ཆོག་མཆན་གང་ཡང་མེད་པར་ཁོང་གི་སྐུ་ཕུང་ཞུགས་འབུལ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ནང་ཞིབ་འཇུག་བྱ་རྒྱུའི་གོ་སྐབས་མེད་པར་བཟོས་པ་རེད། རྒྱལ་ཁབ་སུ་ཡིན་ཡང་ཁྲིམས་ཀྱི་ཐོག་ནས་འཛིན་བཟུང་བཀག་ཉར་བྱས་པ་རྣམས་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུ་ནི་གལ་ཆེན་ཡིན་ལ། བཀག་ཉར་དང་འཛིན་བཟུང་གི་འོག་ནས་འདས་གྲོངས་སུ་གྱུར་བ་ཚོའི་ཕུང་པོར་ཞིབ་འཇུག་དང་རྟོག་ཞིབ་བྱེད་དུ་མ་བཅུག་པ་ནི། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་དོན་ཚན་དྲུག་པར་འགྲོ་བ་མིའི་ཚེ་སྲོག་སྲུང་སྐྱོབ་དགོས་པའི་དོན་ཚན་དང་། གར་སོང་ཆ་མེད་དུ་གྱུར་བ་འགོག་ཐབས་དང་ཁྲིམས་མཐུན་གྱི་གནད་དོན་ཞིབ་འཇུག་དགོས་པ་ལས་ཡོངས་སུ་འགལ་ཡོད། ཅེས་གསལ་འདུག

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་མཆོག་གི་གནད་དོན་ཁ་གསལ་བཟོ་དགོས་པ་དང་འབྲེལ་ནས་གནད་དོན་བཅུའི་ཐད་གསལ་ཁ་བཟོ་དགོས་པའི་དོགས་འདྲི་གནང་བའི་ནང་། མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་འཛིན་བཟུང་བྱ་དགོས་པའི་ཁྲིམས་ཐོག་གི་རྒྱུ་རྐྱེན་དང་། གང་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་མེད།  རིན་པོ་ཆེ་མཆོག་ཝེ་ཐི་ནམ་དུ་ག་དུས་ཕེབས་འབྱོར་བྱུང་མིན་དང་། རྒྱ་ནག་གཞུང་དང་མཉམ་འབྲེལ་གྱི་ཐོག་རིན་པོ་ཆེ་མཆོག་འཛིན་བཟུང་བྱས་པའི་རྒྱུ་རྐྱེན། རིན་པོ་ཆེ་མཆོག་ས་གནས་གང་དུ་དགོངས་པ་རྫོགས་པ་དང་དེའི་འགན་དབང་སུ་ལ་ཡོད་མེད། རིན་པོ་ཆེ་མཆོག་གི་སྐུ་ཕུང་ལ་ཞིབ་འཇུག་བྱས་པའི་གྲུབ་དོན་དང་དཔང་རྟགས་རིགས་གསལ་སྟོན་བྱ་དགོས་སྐོར་སོགས་གསལ་འདུག

འདི་ལོའི་ཕྱི་ཟླ་ ༤ ཚེས་ ༣༠ ཉིན་ཡུ་རོབ་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ཚོགས་གཙོ་སྐུ་ཞབས་མི་ནིར་ས་ཏོ་རི་ (MEP Mounir Satouri) མཆོག་དང་། ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་འབྲེལ་ལམ་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཨེན་གིན་ཨེ་རོག་ལུ་ (MEP Engin Eroglu) མཆོག་རྣམ་གཉིས་ཀྱིས། ཡུ་རོབ་གྲོས་ཚོགས་སུ་རྒྱ་ནག་གཞུང་གིས་རིན་པོ་ཆེ་མཆོག་གི་སྐུ་གྲོངས་རྐྱེན་ལ་སེམས་འཚབ་དང་ཝེ་ཐི་ནམ་གཞུང་གིས་རིན་པོ་ཆེ་མཆོག་གི་ནང་མི་དང་། དད་ལྡན་མང་ཚོགས། དེ་བཞིན་འབྲེལ་ཡོད་རྣམས་ཀྱི་མོས་མཐུན་ཡོད་མེད་ལ་མ་ལྟོས་པར། གསང་བའི་ཐོག་ནས་གང་ཉིད་ཀྱི་སྐུ་ཕུང་ཞུགས་འབུལ་བྱས་པའི་གནད་དོན་ཐད་ལ་སེམས་འཚབ་ཧ་ཅང་ཆེན་པོ་ཡོད་སྐོར་གྱི་སྙན་ཞུ་ཞིག་རྒྱལ་ཚོགས་ལ་ཕུལ་ཡོད་པ་རེད།

འདས་ལོའི་ཕྱི་ཟླ་ ༨ པའི་ནང་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ལགས་མགོ་ལོག་ཁུལ་དུ་སླེབ་སྐབས། ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གིས་རྒྱ་གཞུང་གི་རེ་འདོད་ལྟར་སྣེ་ལེན་ཟབ་རྒྱས་མ་ཞུས་པ་དང་། གོང་རིམ་གྱི་བཀའ་ལ་མི་ཉན་པར་དགོན་པ་དང་སློབ་གྲྭ་མང་པོ་བཙུགས་པ། ཉམ་ཆུང་དབུལ་ཕོངས་ཀྱི་ཐོབ་ཐང་རྩོད་ལེན་གནང་ནས་རྙོག་ཟིང་བསླངས་ཡོད་སྐོར་གྱི་ཉེས་མིང་གཡོགས་ཏེ་སུན་གཙེར་ཡང་ཡང་བཟོས་རྐྱེན་སྐབས་ཤིག་རིང་གར་སོང་ཆ་མེད་དུ་གྱུར། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་མགོ་ལོག་དགའ་བདེ་རྫོང་ལུང་སྔོན་དགོན་པའི་གནད་ཡོད་མི་སྣར་རིན་པོ་ཆེ་མཆོག་ཝེ་ཐི་ནམ་གྱི་རྒྱལ་སྤྱིའི་སྨན་ཁང་(Vinmec Central Park International Hospital ) དུ་སྐུ་གྲོངས་ཟིན་སྐོར་གྱི་གསལ་ཁ་གང་ཡང་མེད་པའི་གཏམ་ངན་བཤད། དེ་ནས་ལུང་སྔོན་དགོན་པའི་སྐུ་ཚབ་དགེ་འདུན་པ་ལྔ་ཆེད་དུ་ཝེ་ཐི་ནམ་དུ་ཕེབས་ཏེ་རྩད་གཅོད་གནང་ཡོད་ཀྱང་། ཕྱི་ཟླ་ ༤ ཚེས་ ༡༠ ཉིན་གྱི་ཕྱི་དྲོར་རིན་པོ་ཆེ་མཆོག་གི་ཞལ་ཙམ་ལས་མཇལ་དུ་བཅུག་མེད་པ་མ་ཟད། སྐུ་ཚབ་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལའང་སྟངས་འཛིན་ནན་པོ་བྱས་ཏེ་གནས་ཚུལ་གང་ཡང་ཕྱི་རུ་ཁྱབ་ཏུ་བཅུག་མེད་པ་རེད།   ལོ་དེའི་ཕྱི་ཟླ ༤ ཚེས་ ༢༠ ཉིན་ཝེ་ཐི་ནམ་དུ་སྐུ་ཕུང་གསང་བའི་ཐོག་ནས་ཞུགས་འབུལ་ཞུས་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

ཆུ་ཚོད་ ༡༤ སྔོན་ལ།
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese