མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

བོད་ཀྱི་དུས་བབ།
༢༠༢༥/༡༠/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༥ ལོའི་ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་དེ་ཨ་རི་དང་། ཉི་ཧོང་། ཨོ་གླིང་གསུམ་གྱི་རྫས་འགྱུར་རིག་པའི་སློབ་དཔོན་གསུམ་ལ་ཐོབ་འདུག

From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025

ཁ་སང་ཕྱི་ལོ་ ༢༠༢༥ ལོའི་ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ལྷན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་བ་ལྟར་ན། འདི་ལོའི་ནོ་སྦེལ་རྫས་འགྱུར་གཟེངས་རྟགས་དེ་ཉི་ཧོང་ཀྱོ་ཊོ་གཙུག་ལག་སློབ་གླིང་གི་སློབ་དཔོན་སུ་སུ་མུ་ཀི་ཏ་གྷ་ཝ་(Susumu Kitagawa) ལགས་དང་། ཨོ་གླིང་མེལ་བྷུར་ནེ་གཙུག་ལག་སློབ་གླིང་ (University of Melbourne) གི་སློབ་དཔོན་རི་ཆཱར་ཌི་རོ་བྷི་སོན་ (Richard Robson) ལགས།  ཨ་རིའི་ཁཱ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གླིང་གི་སློབ་དཔོན་ཨོ་མཱར་ཡཱ་གྷི་ (Omar M. Yaghi)  ལགས་བཅས་སུ་ལྕགས་རིགས་ཀྱི་སྐྱེ་ལྡན་སྒྲོམ་གཞི་གསར་གཏོད་བྱས་པའི་ངོས་འཛིན་ལ་བརྟེན་ནས་འབུལ་གཏན་ཁེལ་ཡོད་འདུག

ནོ་སྦེལ་ལྷན་ཚོགས་ཀྱི་དེ་འབྲེལ་གནས་ཚུལ་ནང་། ཕྱི་ལོ་ ༢༠༢༥ ལོའི་ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཐོབ་མཁན་རྣམས་ཀྱིས་འདུས་རྡུལ་གྱི་སྟོང་ཆ་ཆེན་པོ་ཞིག་བསྐྲུན་པ་བརྒྱུད་རླངས་རྫས་དང་རྫས་འགྱུར་གྱི་རིགས་གཞན་དེའི་ནང་བསྐྱོད་ཐུབ་པའི་འདུས་རྡུལ་བཟོ་སྐྲུན་བྱས་ཡོད། འདུས་རྡུལ་བཟོ་སྐྲུན་དེ་ལྕགས་རིགས་དང་འབྲེལ་བའི་སྐྱེ་ལྡན་གྱི་སྒྲོམ་གཞི་ཞིག་ཡིན་ཞིང་། དེ་ནི་བྱེ་ཐང་གི་རླུང་ནས་ཆུ་གསོག་ཐུབ་པ་དང་། འཚོ་རླུང་ཟུང་ལྡན་(carbon dioxide)འཛིན་ཐུབ་པ། དུག་རླངས་(toxic gases)གསོག་འཇོག རྫས་འགྱུར་འདྲེས་སྦྱོར་གྱི་ནུས་པ་འདོན་སྤེལ་བྱེད་པར་བེད་སྤྱོད་གཏོང་ཐུབ་ཀྱི་ཡོད། ཅེས་གསལ་འདུག

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཚོགས་ཆུང་གི་འགན་འཛིན་ཧེ་ནེར་ལིན་ཁི་ (Heiner Linke)ལགས་ཀྱིས། ལྕགས་རིགས་སྐྱེ་ལྡན་སྒྲོམ་གཞིས་ང་ཚོས་སྔོན་ཆད་མཐོང་མེད་པའི་དགོས་མཁོ་མང་པོ་བསྐྲུན་ཏེ་ལྕགས་རིགས་ཀྱི་བྱེད་ལས་གསར་བ་བྱེད་ཐུབ་ཀྱི་ཡོད། ཅེས་དང་། ཚོགས་མི་ཨོ་ལོ་ཧྥི་རཱམ་ས་ཊི་རོམ་(Olof Ramstrom) ལགས་ཀྱིས། གཟེངས་རྟགས་ཐོབ་མཁན་རྣམས་ཀྱིས་མུ་མཐུད་དུ་འབད་བརྩོན་བྱས་པའི་གྲུབ་འབྲས་ལ་བརྟེན་ནས་། ང་ཚོས་ཉིན་རྒྱུན་གྱི་འཚོ་བའི་ཁྲོད་དུ་ལྕགས་རིགས་འདྲེས་སྦྱོར་གྱི་ལས་རིགས་གསར་བ་མང་པོ་འཕེལ་རྒྱས་སུ་ཕྱིན་ཏེ། དེས་ང་ཚོར་ཤུགས་ཆེན་ཆེས་ཆེ་བའི་རྣམ་པ་ཞིག་ཏུ་བསྒྱུར་བཞིན་ཡོད་ལ། སྒྲོམ་གཞི་འདི་བེད་སྤྱོད་མང་པོར་བྱེད་ཐུབ་ཀྱི་ཡོད། མིའི་རིགས་ཀྱི་མ་འོངས་བར་ཕན་ཐོགས་ཡོང་སླད། སྒྲོམ་གཞི་འདི་བེད་སྤྱོད་མང་པོ་གཏོང་བའི་རེ་བ་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

དབྱིན་ཡུལ་རྒྱལ་གཞུང་རྫས་འགྱུར་ཚོགས་པའི་ཚོགས་གཙོ་ཨན་ནེ་ཌེ་ཌོ་ཧེར་ཌི་(Annette Doherty) ལགས་ཀྱིས་། ཁྱེད་རྣམ་པའི་ལས་དོན་གྱིས་རྫས་འགྱུར་གྱི་ལས་ཀ་ཡག་ཤོས་མཚོན་ཐུབ་ཡོད། མི་དང་བསམ་བློ། གསར་རྙེད་བཅས་མཉམ་འབྲེལ་གྱི་ཐོག་ནས་འཛམ་གླིང་ལ་འགྱུར་བ་བཏང་བ་རེད།  ལྕགས་རིགས་སྐྱེ་ལྡན་སྒྲོམ་གཞི་ནི་དངོས་པོའི་སྡེ་ཚན་ཡ་མཚན་ཞིག་རེད། དེས་རླངས་གཟུགས་གསོག་འཇོག་དང་། སྨྱོ་རྫས་ལས་དུག་ཕྱིར་འདོན་པ། ཁོར་ཡུག་ཁྲོད་ཀྱི་འབག་བཙོག་གཙང་བཟོ་བྱེད་པ་སོགས་བེད་སྤྱོད་མང་པོ་ཡོད། དེ་བཞིན་ལོ་ལྟར་འཛམ་གླིང་གི་འཕྲོད་བསྟེན་དང་། ཁོར་ཡུག། བཟའ་བཅའ། སྲོག་རླུང་སོགས་ཀྱི་དཀའ་ངལ་སེལ་ཐབས་སུ་ལས་ཀ་བྱེད་བཞིན་ཡོད་པས།འདི་ལོའི་གཟེངས་རྟགས་ཐོབ་མཁན་རྣམས་ནི་ལས་དོན་དེའི་དཔེ་མཚོན་རླབས་ཆེན་ཆགས་ཡོད། ཅེས་བརྗོད་འདུག

གཟེངས་རྟགས་ཐོབ་མཁན་སློབ་དཔོན་སུ་སུ་མུ་ཀི་ཏ་གྷ་ཝ་ལགས་ཀྱིས་ཁ་པར་བརྒྱུད་ནས་ནོ་སྦེལ་གསར་འགོད་ལྷན་ཚོགས་ཐོག ངའི་ཕུགས་བསམ་ནི་རླུང་བཟུང་ནས་རླུང་དབྱེ་འབྱེད་བྱེད་རྒྱུ་དེ་ཡིན། དཔེར་ན། CO2 དང་། སྲོག་རླུང་། ཆུ་སོགས་ཀྱི་ནུས་པ་བསྐྱར་བཟོ་བྱས་ཏེ་དངོས་རྫས་ཕན་ཐོགས་ཅན་དུ་བསྒྱུར་རྒྱུ་དེ་ཡིན། ཞེས་བརྗོད་འདུག

སློབ་དཔོན་སུ་སུ་མུ་ཀི་ཏ་གྷ་ཝ་(Susumu Kitagawa) ལགས་ནི་ཕྱི་ལོ་ ༡༩༥༡ ལོར་ཉི་ཧོང་གི་ཀྱོ་ཊོ་རུ་སྐྱེས་ཅིང་། ཕྱི་ལོ་ ༡༩༧༩ ལོར་ཀྱོ་ཊོ་གཙུག་ལག་སློབ་གླིང་ནས་ཡང་རླུང་ནག་རྫས་ཀྱི་རྫས་སྦྱོར་རིག་པའི་(hydrocarbon chemistry) ཐོག་འབུམ་རམས་པའི་བསླབ་པ་མཐར་སོན། ཕྱི་ལོ་ ༡༩༧༩ ནས་ ༡༩༨༨ བར་ཁིན་དྷི་གཙུག་ལག་སློབ་གླིང་(Kindai University) དུ་དགེ་རྒན་དང་། སློབ་དཔོན་གཞོན་པ་བཅས་ཀྱི་ལས་འགན་ཁུར། ཕྱི་ལོ་ ༡༩༩༢ ལོར་ཌོ་ཀྱོ་མེ་ཌི་རོ་ཕོ་ལི་ཌིན་གཙུག་ལག་སློབ་གླིང་(Tokyo Metropolitan University) དུ་སྐྱེ་མེད་རྫས་སྦྱོར་རིག་པའི་(inorganic chemistry) སློབ་དཔོན་ཆེན་མོའི་འགན་ཁུར། ཕྱི་ལོ་ ༢༠༠༧ ནས་ ༢༠༡༣ བར་ཚན་རིག་ལྟེ་གནས་ཁང་(the Institute for Integrated Cell–Material Sciences) གསར་འཛུགས་བྱས་ཏེ་འགན་འཛིན་གྱི་ལས་འཁུར་གནང་། ཕྱི་ལོ་ ༢༠༡༡ ལོར་ཉི་ཧོང་ཚན་རིག་ལྷན་ཚོགས་ཀྱི་ཚོགས་མིར་བསྐོ་བཞག་གནང་།  ཁོང་ལ་ཉི་ཧོང་རྫས་སྦྱོར་སྤྱི་ཚོགས་ཀྱི་གཟེངས་རྟགས་དང་། (Chemical Society of Japan Award) ཧུམ་བྷོལ་ཌི་ཉམས་ཞིབ་གཟེངས་རྟགས་(Humboldt Research Prize)  ཊེ་ཇེན་ནི་སི་གཟེངས་རྟགས། (De Gennes Prize) ཉི་ཧོང་གཙུག་ལག་གཟེངས་རྟགས།(Japan Academy Prize)  ཧྥུ་ཇི་ཧ་རཱ་གཟེངས་རྟགས།(Fujihara Award) སོགས་ཐོབ་ཡོད་འདུག

སློབ་དཔོན་རི་ཆཱར་ཌི་རོ་བྷི་སོན་ (Richard Robson)ལགས་ནི་ཕྱི་ལོ་ ༡༩༣༧ ལོར་དབྱིན་ཡུལ་གྱི་ནུབ་ཡོར་ཁི་ཤི་རི་རུ་སྐྱེས་ཤིང་། ཕྱི་ལོ་ ༡༩༥༩ ནས་ ༡༩༦༢ ཨོ་ཁི་སི་ཧྥོར་ཌི་བྷི་རཱ་སི་ནོ་སི་མཐོ་སློབ་(Brasenose College) དུ་རྗས་སྦྱོར་རིག་པའི་ཐོག་སློབ་གཉེར་བྱས། ཕྱི་ལོ་ ༡༩༦༢ ནས་ ༡༩༦༤ ཁཱ་ལི་ཧྥོར་ནི་ཡ་འཕྲུལ་རིག་མཐོ་སློབ་(California Institute of Technology) དང་སི་ཌན་ཧྥོར་ཌི་གཙུག་ལག་སློབ་གླིང་(Stanford University) གཉིས་ནས་ཉམས་ཞིབ་བྱས། ཕྱི་ལོ་ ༡༩༦༦ ནས་ཨོ་གླིང་མེལ་བྷུར་ནེ་གཙུག་ལག་སློབ་གླིང་རྫས་འགྱུར་རིག་པའི་སློབ་དཔོན་ཆེན་མོའི་འགན་ཁུར། ཕྱི་ལོ་ ༡༩༩༨ ཨོ་གླིང་རྒྱལ་གཞུང་རྫས་འགྱུར་མཐོ་སློབ་ཀྱི་བྷུ་རོ་སི་གཟེངས་རྟགས་ཐོབ་ཡོད་འདུག

སློབ་དཔོན་ཨོ་མཱར་ཡཱ་གྷི་ (Omar M. Yaghi)  ལགས་ནི་ཕྱི་ལོ་ ༡༩༦༥ ལོར་ཇོར་ཌིན་གྱི་པ་ལི་སི་ཐན་གྱི་སྐྱབས་བཅོལ་བའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་གློག་དང་འཐུང་ཆུའི་དཀའ་ངལ་ནང་བྱིས་པ་མང་པོ་དང་མཉམ་དུ་འཚར་ལོངས་བྱུང་། ལོ་ ༡༥ ཐོག་ཨ་ཕའི་རེ་བ་ལྟར་ཨ་རིར་གནས་སྤོ་བྱས་ཏེ། ཨ་རིའི་ནེའུ་ཡོག་གི་ཧུ་ཌི་སོན་མཐོ་སློབ་(Hudson Valley Community College) ཏུ་སློབ་སྦྱོང་བྱེད་མགོ་བཙུགས། དེ་ནས་ནེའུ་ཡོག་ཨལ་བྷ་ནི་གཙུག་ལག་སློབ་གླིང་(State University of New York at Albany) དུ་སློབ་གཉེར་བྱས། ཕྱི་ལོ་ ༡༩༩༠ ལོར་ཨི་ལོ་ནོ་སི་གཙུག་ལག་སློབ་གླིང་ (University of Illinois at Urbana–Champaign) འབུམ་རམས་པའི་བསླབ་པ་མཐར་སོན། ཕྱི་ལོ་ ༡༩༩༢ ནས་ ༡༩༩༨ བར་ཨ་རི་རྫོ་ན་གཙུག་ལག་སློབ་གླིང་(Arizona State University) དུ་སློབ་དཔོན་ལས་འཕར་གྱི་འགན་ཁུར། ཕྱི་ལོ་ ༡༩༩༦ ནས་ ༢༠༠༦ བར་མི་ཁི་གྷན་གཙུག་ལག་སློབ་གླིང་(University of Michigan) དུ་རྫས་སྦྱོར་རིག་པའི་གཙུག་ལག་སློབ་དཔོན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༢༠༡༢ ལོ་ནས་བཟུང་ཨ་རིའི་བྷར་ཁེ་ལེ་ཁཱ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གླིང་དུ་རྫས་འགྱུར་རིག་པའི་སློབ་དཔོན་ཆེན་མོའི་འགན་ཁུར། ཁོང་ལ་ཨལ་བྷར་ཌི་ཨིན་སི་ཊིན་ཚན་རིག་གཟེངས་རྟགས་ (Albert Einstein World Award of Science) དང་།ཥ ཉི་ཧོང་རྒྱལ་སྤྱིའི་རྫས་སྦྱོར་མཉམ་འབྲེལ་ཚོགས་པའི་གཟེང་ས་རྟགས། (Japan Society of Coordination Chemistry International Award) རྒྱ་ནག་ནཱ་ནོ་གཟེངས་རྟགས། (China Nano Award) སོགས་གཟེངས་རྟགས་མི་འདྲ་བ་ ༤༠ ལྷག་ཐོབ་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༦ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༩ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese