མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

བོད་ཀྱི་དུས་བབ།
༢༠༢༥/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་དུས་མཐའི་འཇིགས་སྐྲག་གི་ཁྲོད་སྒྱུ་རྩལ་གྱི་སྟོབས་ཤུགས་བསྐྱར་དུ་ར་སྤྲོད་བྱས་པའི་བརྩམས་ཆོས་ལ་འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་འབུལ་གཏན་ཁེལ་འདུག

Hungary’s Laszlo Krasznahorkai poses for photographers in London [File: Matt Dunham/AP]

ཁ་སང་ཕྱི་ཚེས་ ༩ ཉིན་སུ་ཝེ་ཌན་གྱི་ཚན་རིག་སློབ་གླིང་དུ། ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༢༥ ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ (László Krasznahorkai)་ལགས་ལ་འབུལ་གཏན་ཁེལ་ཡོད་ཅིང་། ཁོང་ལ་འདི་ལོའི་ནོ་སྦེལ་གཟེངས་རྟགས་འབུལ་དོན་ནི། ཁོང་གིས་མི་རྣམས་ཀྱི་བློ་འགུག་ཐུབ་པ་དང་མཐོང་རྒྱ་ཡངས་པའི་བརྩམས་ཆོས་ཀྱིས་དུས་མཐའི་འཇིགས་སྐྲག་གི་ཁྲོད་སྒྱུ་རྩལ་གྱི་སྟོབས་ཤུགས་བསྐྱར་དུ་ར་སྤྲོད་བྱས་པར་བསྔགས་བརྗོད་གནང་ཡོད་འདུག

དེ་འབྲེལ་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གི་གསལ་བསྒྲགས་ནང་། ཧང་གྷ་རི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ལགས་ནི་རྩོམ་པ་པོ་ཀཱ་ཧྥི་ཀ་ལགས་(Kafka)་ནས་རྩོམ་པ་པོ་ཐོ་མ་སི་བྷིར་གར་ཌི་(Thomas Bernhard) བར་དུ་དར་ཁྱབ་བྱུང་བའི་ཡུ་རོབ་དཀྱིལ་མའི་སྲོལ་རྒྱུན་གྱི་རྟོགས་བརྗོད་འབྲི་མཁན་གྱི་རླབས་ཆེ་བའི་རྩོམ་པ་པོ་ཞིག་ཡིན།  ཁོང་གི་བརྩམས་ཆོས་ལ་ཆོ་མེད་དང་སྐྱུག་བྲོ་བའི་ཚད་བརྒལ་གྱི་ཁྱད་ཆོས་ཡོད། ཁོང་གི་ཕྱག་ལས་ལ་གནོན་ཤུགས་མང་པོ་ཞིག་ཡོད་ཀྱང་། ཁོང་གིས་བསམ་བློ་ཞིབ་ཚགས་ཀྱི་སྒོ་ནས་རྩོམ་རིག་ཐོག་ལག་ལེན་རྣལ་མ་ཞིག་བྱས་ཐུབ་ཡོད། ཅེས་གསལ་འདུག

རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ལགས་ཀྱིས། སྤྱིར་བཏང་ངས་དེབ་གཅིག་ལས་རྩོམ་འབྲི་བྱེད་འཆར་མེད་ཀྱང་། ངའི་བརྩམས་སྒྲུང་ཐོག་མ་སཱ་ཐན་ཐན་གྷོ་(Satantango)ཞེས་པ་འགྲེམས་སྤེལ་བྱས་པའི་རྗེས་སུ། ངའི་མི་ཚེ་ནི་ནམ་ཡང་ནོར་བཅོས་བྱེད་མུས་ཡིན་ཞེས་པ་བརྩམས་ཏེ། རང་ཉིད་ཀྱི་རྩོམ་ཡིག་འབྲི་རྩལ་ཡར་རྒྱས་གཏོང་འདོད་བྱུང་། ཅེས་དང་། ད་ལྟའི་འཛམ་གླིང་གི་གནས་བབ་ལ་བསམ་བློ་བཏང་ན་ཧ་ཅང་སེམས་པ་སྐྱོ་བ་ཞིག་རེད།  དེ་ནི་ཕུགས་འདུན་ཆེ་ཤོས་དེ་ཡིན། ཞེས་བརྗོད་འདུག

རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ལགས་ནི་ཕྱི་ལོ་ ༡༩༥༤ ལོར་ཤར་ཧང་གྷ་རི་བྷི་ཁི་སི་རྫོང་གི་གྷུ་ལ་(Gyula)གྲོང་གསེབ་ཏུ་སྐྱེས་ཤིང་། ཁོང་གི་ཨ་ཕ་གྷོར་གྷི་(György Krasznahorkai)ལགས་ནི་ཁྲིམས་རྩོད་པ་ཞིག་ཡིན་པ་དང་། ཨ་མ་ནི་སྤྱི་ཚོགས་ཞབས་ཞུ་བ་ཞིག་ཡིན་འདུག  ཕྱི་ལོ་ ༡༩༧༢ ལོར་ཨེ་རེ་ཁེལ་ཧྥ་རན་ཁི་མཐོ་རིམ་སློབ་གྲྭ་ (Erkel Ferenc high school)ནས་སློབ་མཐར་ཕྱིན། ཕྱི་ལོ ༡༩༧༣ ལོར་ཇོ་སི་ཧྥི་ཨ་ཌི་ལཱ་གཙུག་ལག་སློབ་གླིང་(József Attila University)དུ་ཁྲིམས་ལུགས་རིག་པའི་སློབ་གཉེར་བྱེད་མགོ་བཙུགས། ཕྱི་ལོ་ ༡༩༧༦ ལོར་ཨོ་ཌི་ཝོ་སི་ལོ་རན་ཌི་གཙུག་ལག་སློབ་གླིང་(Eötvös Loránd University) དུ་ཆེད་ལས་བརྗེ་བསྒྱུར་བྱས་ཏེ། ཕྱི་ལོ་ ༡༩༧༨ ནས་ ༡༩༨༣ བར་དུ་མི་རིགས་སྡེ་ཁག་(ELTE Faculty of Humanities)ཏུ་ཧང་གྷ་རིའི་སྐད་ཡིག་དང་རྩོམ་རིག་ཐོག་སློབ་གཉེར་བྱས། ཁོང་གི་མཐར་ཕྱིན་དཔྱད་རྩོམ་ནི་ཧང་གྷ་རི་རྩོམ་པ་པོ་སིན་ཌོར་མཱ་རེ་ (Sándor Márai)ལགས་ཀྱི་ལས་དོན་སྐོར་ལ་བྲིས་ཡོད་འདུག  ཕྱི་ལོ་ ༡༩༨༥ ལོར་ཁོང་གིས་སཱ་ཐན་ཐན་གྷོ་ཞེས་པའི་བརྩམས་སྒྲུང་ཞིག་བརྩམས་ཏེ་ཧང་གྷ་རི་ནང་དགའ་བསུ་ཆེན་པོ་ཐོབ། ཕྱི་ལོ་ ༡༩༨༧ ནས་བཟུང་ཧང་གྷ་རི་ནས་རྒྱ་ནག་དང་།  ཉི་ཧོང་། ལྷོ་སོག་བཅས་ཀྱི་ཨེ་ཤ་ཡའི་ཁུལ་འགྲུལ་བཞུད་བྱས་ཏེ། ཁོང་གིས་གནམ་འོག་སྐྱོ་གདུང་དང་གཏོར་བཤིག དམག་འཁྲུག་དང་དམག་འཁྲུག ཨོར་གྷི་བཙོན་། འགོག་རྒོལ་གྱི་ཡིད་གདུང་སོགས་བརྩམས་ཆོས་མང་པོ་ཡོད་ཅིང་། ཕྱི་ལོ་ ༡༩༨༧ ལོར་ཨ་ཌི་ལཱ་ཇོ་སི་ཧྥི་གཟེངས་རྟགས་(Attila József Prize)་ཐོབ་ཡོད་པ་དང་། ཕྱི་ལོ་ ༡༩༩༣ ལོར་ཁོང་གི་བརྩམས་ཆོས་འགོག་རྒོལ་གྱི་ཡིད་གདུང་ལ་འཇར་མན་གྱི་རྩོམ་རིག་གཟེངས་རྟགས་(Bestenliste-Prize) ཐོབ། ཕྱི་ལོ་ ༢༠༡༣ ལོར་ཁོང་གི་བརྩམས་ཆོས་སཱ་ཐན་ཐན་གྷོ་ལ་བསྒྱུར་རྩོམ་ཡག་ཤོས་ཀྱི་གཟེངས་རྟགས་(Best Translated Book Award)ཐོབ། ཕྱི་ལོ་ ༢༠༡༤ ལོར་ཝི་ལིན་ནི་ཁ་རྒྱལ་སྤྱིའི་རྩོམ་རིག་དུས་སྟོན་གྱི་གཟེངས་རྟགས་(  Vilenica Prize (Vilenica International Literary Festival, Slovenia)ཐོབ། ཕྱི་ལོ་ ༢༠༡༥ ལོར་རྒྱལ་སྤྱིའི་སྐྱེས་པའི་རྩོམ་པ་པོའི་གཟེངས་རྟགས་སོགས་ཐོབ་ཡོད་འདུག

སྤྱིར་ཕྱི་ལོ་ ༡༩༠༡ ནས་ད་བར་ནོ་སྦེལ་རྩོམ་རིག་བྱ་དགའ་ཐེངས་ ༡༡༨ སྤྲད་དེ་གཟེངས་རྟགས་ཐོབ་མཁན་རྩོམ་པ་པོ་གྲངས་ ༡༢༢ བྱུང་ཡོད་པའི་ཁྲོད། ཕྱི་ལོ་ ༢༠༡༩ ལོའི་ནོ་སྦེལ་རྩོམ་རིག་བྱ་དགའ་དེ་ཡུ་རོབ་ཨོ་སི་ཊི་ཡའི་རྩོམ་པ་པོ་པི་ཊར་(Peter Handke ) དང་། ཕྱི་ལོ་ ༢༠༢༠ དེ་ཨ་རིའི་སྙན་ངག་པ་ལུ་སི་ཡ་སུ་(Louise Glück ) ། ཕྱི་ལོ་ ༢༠༢༡ དང་ ༢༠༢༢ ལོར་སྐུ་ཞབས་ཨབ་དྷུལ་ར་ཛག་གྷུར་ནཱ་ (Abdulrazak Gurnah) དང་། ཧྥ་རན་སིའི་རྩོམ་པ་པོ་ཨེ་ནི་(Annie Ernaux ) བཅས་སུ་ཐོབ། ཕྱི་ལོ་ ༢༠༢༣ ལོར་ནོར་ཝེའི་བརྩམས་སྒྲུང་དང་འཁྲབ་གཞུང་རྩོམ་པ་པོ། སྙན་ངག་པ་སྐུ་ཞབས་ཇོན་ཧྥོ་སི་( Jon Fosse) ལགས་ལ་ཐོབ། ཕྱི་ལོ་ ༢༠༢༤ ལོར་ལྷོ་ཀོ་རི་ཡའི་རྩོམ་པ་པོ་ཧན་ཀང་ལགས་སུ་ཕུལ་ཡོད་འདུག རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ལགས་ནི་ཧང་གྷ་རི་རྒྱལ་ཁབ་ཀྱི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཐོབ་མཁན་གཉིས་པ་དེ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

ཆུ་ཚོད་ ༡༨ སྔོན་ལ།
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese