མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མང་ར་རྫོང་དམུ་གེ་ཐང་དུ་འཕུར་མདེལ་ཞིག་ལྷུང་སྟེ་འབར་གས་ཆེན་པོ་བྱུང་།

བོད་ཀྱི་དུས་བབ།
༢༠༢༥/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་མཚོ་སྔོན་ཞིང་ཆེན་མང་ར་རྫོང་མགོ་མང་གྲོང་རྡལ་དམུ་གེ་ཐང་རྩྭ་ཐང་དུ་གློ་བུར་འཕུར་མདེལ་ཞིག་ལྷུང་ནས་འབར་གས་ཆེན་པོ་བྱུང་ཡོད་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་འཕུལ་མདེལ་དེ་སུས་འཕངས་བ་ཡིན་སོགས་གང་ཡང་བཤད་མེད་པ་རེད།

མང་ར་རྫོང་དམུ་གེ་ཐང་དུ་མེ་ཤུགས་འཕུར་མདེལ་ཞིག་ལྷུང་ནས་གས་ཐོར་བྱུང་། ༢༠༢༥།༡༠།༡༣ དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་བོད་མཚོ་སྔོན་ཞིང་ཆེན་མང་ར་རྫོང་མགོ་མང་གྲོང་རྡལ་གྱི་འབྲོག་རུ་སྡེ་བ་དང་ཆོས་ཚ་སྡེ་བ་གཉིས་ཀྱི་བར་དུ་ཡོད་པའི་དམུ་གེ་ཐང་གི་རྩྭ་ཐང་དུ། གློ་བུར་དུ་འཕུར་མདའ་ཞིག་ལྷུང་སྟེ་འབར་གས་བྱུང་ཡོད་ཅིང་། ས་གནས་མི་མང་གིས་བརྒྱབ་པའི་བརྙན་ཐུང་ནང་དུ་དངངས་སྐྲག་ཆེན་པོས་འཕུར་མདེལ་དེ་ཁྱིམ་ཚང་ཞིག་གི་ཐོག་ལྷུང་ན་དཔེ་བསག་རྒྱུ་ཡིན་པའི་སེམས་འཚབ་ཆེན་བྱེད་ཀྱི་འདུག འབར་གས་བྱུང་རྗེས་ས་གནས་ཀྱི་འབྲེལ་ཡོད་མགོ་འཁྲིད་ཡུལ་དངོས་སུ་ཕྱིན་ནས་རྟོག་ཞིབ་བྱས་ཡོད་ཚུལ་བརྗོད་འདུག་ཀྱང་གནད་དོན་ཀྱི་འབྱུང་རྩ་གང་ཡིན་སོགས་བརྗོད་མེད་པ་རེད།

འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། དངོས་ཡོད་གནས་ཚུལ་གང་ཡིན་གསལ་པོ་མེད་ཀྱང་། ས་གནས་མི་མང་གིས་འཕུར་མདེལ་དེ་ལན་ཀྲུའུ་གྲོང་ཁྱེར་ཕྱོགས་ནས་མང་ར་རྫོང་ཁོངས་ཀྱི་མང་རའི་བྱེ་མ་ཐང་དུ་ཚོད་ལྟ་ཆེད་འཕངས་བ་ཞིག་ཡིན་སྲིད་ཀྱང་། བྱེ་མ་ཐང་ནས་སྤྱི་ལེ་ ༦ ཙན་ལས་མེད་པའི་དམུ་གེ་ཐང་དུ་ལྷུང་ནས་འབར་གས་བྱུང་བ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་སྐོར་དང་། འབར་གས་སོང་ཤུལ་གྱི་ཆག་རོ་ཧ་ཅང་ཆེན་པོ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་ལ། མང་རའི་བྱེ་མ་ཐང་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་ར་རྫོང་མགོ་མང་གྲོང་རྡལ་ནས་ནུབ་ལྷོའི་ཕྱོགས་སུ་ཧ་ལམ་སྤྱི་ལེ་ ༣༠ ཙམ་གྱི་མཚམས་སུ་ཡོད་ཅིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༡༣༡༣ ཡོད་འདུག

ཡང་འབྲེལ་ཡོད་བོད་མི་གཞན་ཞིག་གིས་འདི་གའི་གསར་འགོད་པར། ས་གནས་བོད་མི་རྣམས་ཀྱིས་ས་གནས་སྲིད་གཞུང་ལ་མེ་ཤུགས་འཕུར་མདེལ་དེ་གང་ནས་འཕངས་ཡོད་མེད་དང་། མེ་ཤུགས་འཕུར་མདེལ་དེ་འཕེན་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་དྲིས་ཡོད་ཀྱང་། གཞུང་ཕྱོགས་ནས་གནས་ཚུལ་དེར་གསལ་ཁ་གང་ཡང་བཟོས་མི་འདུག དེ་བཞིན་ས་གནས་ཀྱི་གསར་ཁང་ཁག་གིས་ཀྱང་གནས་ཚུལ་དེའི་སྐོར་ལ་གང་ཡང་སྤེལ་མི་འདུག རྒྱ་གཞུང་གིས་གསང་བའི་ཐོག་མེ་ཤུགས་འཕུར་མདེལ་ལ་ཚོད་ལྟ་བྱས་པ་ཞིག་ཡིན་ས་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

ཁ་སང་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་གི་སྐར་དམར་གསར་ཁང་(红星新闻)གི་གསར་འགོད་པས། འཕུར་མདེལ་དེའི་སྐོར་ལ་མང་ར་རྫོང་མྱུར་སྐྱོབ་ཚན་པར་སྐད་ཆ་དྲིས་པར། ས་གནས་དེར་ཆག་རོ་བརྡབ་སྐྱོན་མ་བྱུང་གོང་ནས་མྱུར་སྐྱོབ་བྱ་རྒྱུར་གྲ་སྒྲིག་བྱས་ཡོད་ལུགས་དང་། ས་གནས་ཀྱི་ཡུལ་མི་རྣམས་གནས་སྤོ་རུ་བཅུག་ཡོད་ཚུལ་བཤད་འདུག ཡིན་ནའང་། འབྲེལ་ཡོད་བོད་མི་ཞིག་གིས་ས་གནས་བོད་མིར་གོང་རིམ་ནས་བརྡ་ལན་གང་ཡང་འབྱོར་མེད་སྐོར་བརྗོད་བྱུང་།

ལྷོ་སོག་རྩྭ་ཐང་དུ་འབར་གས་བྱུང་བའི་འཕུར་མདེལ་གྱི་ཆག་རོ། photo:RFI

བོད་ཡུལ་དུ་གློ་བུར་འཕུར་མདེལ་ལྷུང་སྟེ་འབར་གས་བྱུང་བ་ད་ལན་ཐེངས་དང་པོ་མིན་པར་དེ་སྔོན་ཡང་འབྲོག་ཁུལ་གྱི་རྫི་བོ་སོགས་ཀྱིས་གང་ནས་ལྷུང་བ་ཡིན་མི་ཤེས་པའི་འཕྲུལ་ཆས་ཆེན་པོ་རེ་རི་ཀླུང་དུ་འབར་གས་བྱུང་བའི་ཆག་རོ་མཐོང་བའི་གནས་ཚུལ་ཁག་ཅིག་བྱུང་ཡོད་ལ། དེ་བཞིན་རྒྱ་ནག་དམར་གཞུང་གི་བཙན་བཟུང་འོག་ཡོད་པའི་ལྷོ་སོག་གི་ཨོ་ཐོག་ཨལ་བྷ་སི་སུ་མོ་(Albas Sumu)ཞེས་པའི་རྩྭ་ཐང་དུ་ཕྱི་ལོ་ ༢༠༡༤ ཟླ་ ༨ ཚེས་ ༧ ཉིན་འཕུལ་མདེལ་ཞིག་འབར་གས་བྱུང་སྟེ་། དུག་རྫས་ཤུགས་ཆེར་འཕྱུར་ནས་དབུགས་གཏོང་ལེན་བྱེད་པ་ལའང་དཀའ་ངལ་བྱུང་བའི་གནས་ཚུལ་ཐོན་ཡོད་པ་དང་། དྲ་ལམ་ནས་འབར་རྫས་ཀྱི་ཆག་རོ་རྣམས་མེ་ཤུགས་འཕུལ་མདེལ་གྱི་ལྷུ་ལག་ཡིན་པའི་དཔྱད་གླེང་མང་པོ་བྱུང་བར་བརྟེན། རྒྱ་ནག་གཞུང་ཕྱོགས་ནས་དེ་འབྲེལ་གནས་ཚུལ་རྣམས་ནག་གསུབ་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

སྐར་མ ༥༠ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese