མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ནས་ཉི་ཧོང་གི་སྲིད་བློན་གསར་པར་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༥/༡༠/༢༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཉི་ཧོང་གི་བུད་མེད་སྲིད་བློན་ཐོག་མ་ལྕམ་སྐུ་ས་ནའེ་ཊ་ཀའེ་ཆི་ (Sanae Takaichi) ལགས་སུ་འཚམས་འཕྲིན་སྩལ།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཉི་ཧོང་གི་སྲིད་བློན་གསར་པ་ས་ནའེ་ཊ་ཀའེ་ཆི་ལགས་རྣམ་གཉིས། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འཕྲིན་སྩལ་བའི་ནང་། འཛམ་གླིང་ནང་གདོང་ལེན་བྱེད་དགོས་པའི་གཉན་འཕྲང་གི་དུས་སྐབས་འདིར། ཁྱེད་ཀྱིས་ལོ་ངོ་བཅུ་ཕྲག་འགའི་རིང་སྤྱི་ཚོགས་ཞབས་འདེགས་ཞུས་པའི་ཉམས་མྱོང་གིས་ཉི་ཧོང་གི་ལོ་རྒྱུས་སུ་གལ་གནད་ཆེ་བའི་དུས་སྐབས་འདི་སྣེ་ཁྲིད་བྱེད་པར་ཕན་ཐོགས་ཆེན་པོ་ཡོང་བར་ཐེ་ཚོམ་མེད། ཅེས་དང་། རྡུལ་ཕྲན་མཚོན་ཆའི་འཇབ་རྒོལ་རྐྱེན་གྱིས་དཀའ་སྡུག་ཚད་མེད་མྱངས་ཡོད་པར་བརྟེན། ཉི་ཧོང་གིས་འཛམ་གླིང་ནང་ཞི་བདེ་བསྐྲུན་པར་སྣེ་ཁྲིད་ཀྱིས་འབད་བརྩོན་བྱས་ཡོད་ལ། དེ་ནི་རྡུལ་ཕྲན་མཚོན་ཆ་རྩ་མེད་གཏོང་བའི་བྱ་གཞག་རླབས་ཆེན་ཞིག་ཡིན། ལྷག་པར་དུ་འཛམ་གླིང་གི་ས་ཁུང་མང་པོར་ངེས་གཏན་མེད་པ་དང་འགྱུར་བ་ཆེན་པོ་འབྱུང་བཞིན་པའི་དུས་སྐབས་འདིར། གྲོས་མོལ་དང་ཕྱི་འབྲེལ་གྱི་ཐོག་ནས་དཀའ་ངལ་སེལ་ཐབས་ཀྱི་འབད་བརྩོན་བྱ་རྒྱུ་གལ་འགངས་ཆེན་པོ་རེད། ཅེས་གསུངས།

༸མགོན་པོ་མཆོག་གིས། ཁྱེད་རང་ལ་ཉི་ཧོང་གི་སྲིད་བློན་གྱི་འོས་བསྡུའི་རྒྱལ་ཁ་ཐོབ་པའི་སྒེར་གྱི་ལེགས་འགྲུབ་ཙམ་དུ་མ་ཟད།  ཉི་ཧོང་གིས་ཁྱེད་རང་བུད་མེད་སྲིད་བློན་ཐོག་མར་བདམས་པར་ངོས་རང་དགའ་པོ་བྱུང་། ངོས་ནས་ཐོག་མར་ངོས་རང་གི་བརྩེ་བའི་ཨ་མ་ལགས་ནས་སྦྱངས་པའི་ཁྱད་ཆོས་ནི། བུད་མེད་རྣམས་གཞན་གྱི་ཚོར་སྣང་ལ་བྱམས་བརྩེ་ཆེ་བ་དང་ཚོར་སྣང་སྐྱེན་པོ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། དེ་བཞིན་བྱམས་བརྩེའི་ཐོག་ཚན་རིག་གིས་དཔྱད་ཞིབ་བྱས་པ་བརྒྱུད། བུད་མེད་རྣམས་གཞན་གྱི་ན་ཟུག་ལ་ཚོར་བ་སྐྱེན་པོ་དང་ཚོར་སྣང་ཆེ་བ་ཡོད་པའི་དཔང་རྟགས་ཀྱང་ཡོད། དེར་བརྟེན་ངོས་ནས་བུད་མེད་ཀྱི་མགོ་ཁྲིད་མང་བ་ཡོད་ཚེ། འཛམ་གླིང་འདིར་བསམ་ཤེས་ཆེ་བ་དང་ཞི་བདེ་ལྡན་པ་ཞིག་ཏུ་འགྱུར་རྒྱུའི་ཡིད་ཆེས་བརྟན་པོ་ཡོད། ཁྱེད་ནས་ཉི་ཧོང་དང་འཛམ་གླིང་ཁྱོན་ཡོངས་སུ་བདེ་སྐྱིད་སྲ་བརྟན་དུ་གཏོང་བར་འགོག་རྐྱེན་འཕྲད་པའི་དཀའ་ངལ་ལ་གདོང་ལེན་དང་གོ་སྐབས་འཛིན་ཐུབ་པའི་སྨོན་འདུན་ཡོད། ཅེས་གསུངས།

ལྕམ་སྐུ་ས་ནའེ་ཊ་ཀའེ་ཆི་ལགས་ནི་ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༧ ཉིན་ཉི་ཧོང་གི་ནཱ་རཱ་ཁུལ་ (Nara) དུ་ཡོད་པའི་ཡཱ་མ་ཏོ་ཀོ་རི་ཡཱ་མ་ (Yamatokōriyama) གྲོང་ཁྱེར་དུ་སྐྱེས་ཤིང་། ནཱ་རཱ་ཁུལ་གྱི་ཨུ་ནེ་བྷི་མཐོ་རིམ་སློབ་གྲྭ་ (Nara Prefectural Unebi High School) ནས་འབྲིང་རིམ་སློབ་སྦྱོང་བྱས་པ་དང་། ཀོ་བྷེ་གཙུག་ལག་སློབ་གཉེར་ཁང་ (Kobe University) ནས་ཚོང་རིག་གི་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༨༩ ཟླ་ ༣ པའི་ནང་ཉི་ཧོང་གི་ཨ་ས་ཧི་རླུང་འཕྲིན་ཁང་ (TV Asahi) དུ་གསར་འགོད་མདོ་འཛིན་པའི་ཕྱག་ལས་གནང་བ་མ་ཟད། ཕྱི་ལོ་ ༡༩༩༠ ཟླ་ ༡༡ ནང་ཧྥུ་ཇི་རླུང་འཕྲིན་ཁང་ (Fuji Television) གི་མདོ་འཛིན་པའི་ལས་གནས་གཉེར། ཕྱི་ལོ་ ༡༩༩༣ ནས་ ༢༠༠༣ བར་ཉི་ཧོང་གི་གྲོས་ཚོགས་འོག་མའི་འཐུས་མི་དང་། ནང་སྲིད་དང་བརྡ་འཕྲིན་བློན་ཆེན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༢༠༢༢ ནས་ ༢༠༢༤ བར་དཔལ་འབྱོར་བདེ་འཇགས་བློན་ཆེན་གྱི་འགན་འཁུར་བཞེས། ཟླ་འདིའི་ཕྱི་ཚེས་ ༤ ཉིན་གུ་ཡངས་དམངས་གཙོ་སྲིད་དོན་ཚོགས་པའི་ཚོགས་གཙོར་བདམས། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ཉི་ཧོང་གྲོས་ཚོགས་གོང་འོག་གཉིས་ཀྱིས་ལྕམ་སྐུ་ས་ནའེ་ཊ་ཀའེ་ཆི་ལགས་རྒྱལ་ཁབ་ཀྱི་བུད་མེད་སྲིད་བློན་ཐོག་མར་འོས་འདེམས་བྱས།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

སྐར་མ ༢༧ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

ཆུ་ཚོད་ ༢༢ སྔོན་ལ།
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་མིའི་ཆོས་དད་རང་དབང་ལ་རྒྱབ་སྐྱོར་ཡོད་པའི་གྲོས་ཆོད་གཏན་འབེབས་གནང་།

༢༠༢༦/༠༣/༢༧
ttttt
Mobile App

བསྐལ་བའི་མེ་འཕྲིན་དམར་པོའི་སྙན་དེབ་དབུ་འབྱེད་དང་བགྲོ་གླེང་འཚོགས།

༢༠༢༦/༠༣/༢༦
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

༢༠༢༦/༠༣/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese