མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནམ་མཁའི་སྔུར་སྒྲ་ཞེས་པའི་ཆེད་སྒྲིག་ལ་ཨོ་གླིང་གི་དེང་རབས་ཆེད་སྒྲིག་ཡག་ཤོས་ཀྱི་བྱ་དགའ་ཐོབ།

བོད་ཀྱི་དུས་བབ།
༢༠༢༥/༡༠/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་དུ་གནས་སྡོད་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱིས་ཆེད་སྒྲིག་ནམ་མཁའི་སྔུར་སྒྲ་ཞེས་པའི་ཆེད་སྒྲིག་ལ་ཕྱི་ལོ་ ༢༠༢༥ ལོའི་ཨོ་གླིང་གི་དེང་རབས་ཆེད་སྒྲིག་ཡག་ཤོས་ཀྱི་བྱ་དགའ་ཐོབ་འདུག

བོད་ཀྱི་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་བརྩམས་ཆོས་དང་གཟེངས་རྟགས། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།

ཁ་སང་ཨོ་གླིང་གི་སྒྲ་ཕབ་ལས་བཟོ་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༥ ལོའི་ཨ་རེ་ཡ་ (Aria) གླུ་གཞས་སྒྱུ་རྩལ་གཟེངས་རྟགས་གནང་བའི་ཁྲོད། ཨོ་གླིང་དུ་གནས་སྡོད་བོད་ཀྱི་གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་ནམ་མཁའི་སྔུར་སྒྲ་ཞེས་པའི་ཆེད་སྒྲིག་ལ་དེང་རབས་ཆེད་སྒྲིག་ཡག་ཤོས་ཀྱི་བྱ་དགའ་ཐོབ་འདུག

དེའི་ཐད་སྒེར་ཀྱི་སྤྱི་ཚོགས་དྲ་ལམ་སྟེང་ཆོས་རྒྱལ་ལགས་ཀྱིས། ངས་སྤྲོ་སེམས་ཁོལ་བའི་ངང་ནས་ཞུ་འདོད་པ་ཞིག་ལ། ཆེད་སྒྲིག་ནམ་མཁའི་སྔུར་སྒྲ་ཞེས་པར་ཨོ་གླིང་གི་ཕྱི་ལོ་ ༢༠༢༥ ལོའི་དེང་རབས་གླུ་གཞས་ཆེད་སྒྲིག་གི་བྱ་དགའ་ཐོབ་སོང་། ཞེས་དང་། ད་ལན་རང་ཉིད་དངོས་སུ་མཛད་སྒོར་བཅར་མ་ཐུབ་ཀྱང་། བསྟན་འཛིན་ཡེ་ཤེས་ལགས་ཀྱིས་ཚབ་གནང་བར་བཀའ་དྲིན་ཆེ། ད་ལན་གྱི་བྱ་དགའ་དེ་ནི་བྱམས་བརྩེའི་ལོ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་སྐབས་འདིར་ཆེས་དོན་སྙིང་ལྡན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་བརྗོད་འདུག

ཕྱི་ལོ་ ༢༠༢༠ ལོར་བསྟན་འཛིན་ཆོས་རྒྱལ་ལགས་ཀྱི་བརྩམས་ཆོས་བར་དོ་ཞེས་པ་རྒྱལ་སྤྱིའི་གྷེ་རམ་མེ་ (Grammy) གཟེངས་རྟགས་ཀྱི་ཁོངས་སུ་ཚུད་མྱོང་ཡོད་ལ། དེ་ནི་བོད་མི་སྒེར་བ་ཞིག་གི་རོལ་དབྱངས་སྒྱུ་རྩལ་གྱི་བརྩམས་ཆོས་གྷེ་རམ་མེ་ (Grammy) གཟེངས་རྟགས་ཀྱི་ཁོངས་སུ་ཚུད་པ་ཐེངས་གཉིས་པ་དེ་ཡིན་ཞིང་། ཕྱི་ལོ་ ༢༠༠༡ ལོར་གླིང་བུ་བ་ངག་དབང་མཁས་མཆོག་ལགས་ཀྱི་གླུ་གཞས་རྒྱང་རིང་གི་ས་དེ་ན་ཞེས་པའང་ཚུད་ཡོད་འདུག ཕྱི་ལོ་ ༢༠༠༤ ལོར་སྟོད་རྒྱུད་གྲྭ་ཚང་གི་དགེ་འདུན་པ་བཞིའི་ཆོས་དབྱངས་གྷི་རམ་མེ་གཟེངས་རྟགས་ཀྱི་འོས་གཞིའི་ཁོངས་སུ་ཚུད་དེ་མཇུག་མཐར་བྱ་དགའ་ཡང་ཐོབ་ཡོད་འདུག

གཞས་པ་བསྟན་འཛིན་ཆོས་རྒྱལ་ལགས་ནི་གཞས་པ་དང་རོལ་དབྱངས་བ། དབྱངས་རྩོམ་པ་པོ་བཅས་ཡིན་འདུག་ལ། རོལ་དབྱངས་ཆེད་བསྒྲིགས་གྲངས་ ༩ ཙམ་ཡོད་འདུག ཁོང་ནི་བོད་མངའ་རིས་ཁུལ་གྱི་ས་མ་འབྲོག་གི་གཞི་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཕྱི་ལོ་ ༡༩༧༠ དོན་གྲངས་ནང་རྒྱ་གར་ནང་བཙན་བྱོལ་དུ་སླེབས་ཏེ་དྷ་རམ་ས་ལའི་བོད་ཁྱིམ་སློབ་གྲྭའི་ནང་འཚར་ལོངས་བྱུང་ཡོད་པ་དང་། ཕྱི་ལོ་ ༡༩༩༧ ལོར་ཨོ་གླིང་དུ་གཞིས་སྤོས་བྱས་རྗེས་རྐྱང་གཞས་དང་ཕྱིའི་རོལ་ཚོགས་གཞན་དང་ལྷན་དུ་གླུ་གཞས་སྣ་ཚོགས་བླངས་དང་ལེན་མུས་ཡིན་འདུག་ལ། ཨོ་གླིང་གྲོས་ཚོགས་སུ་བོད་དོན་ཞུ་གཏུགས་དང་ཨོ་གླིང་དུ་བོད་མིའི་གནད་ཡོད་མི་སྣ་གདན་འདྲེན་སོགས་ཞུས་ཏེ་བོད་དོན་ལས་འགུལ་སྤེལ་བ་སོགས་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

སྐར་མ ༥༢ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese