མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་ས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་བོད་ནང་གི་གློག་བརྙན་སྟོན་རྒྱུར་དཀའ་ངལ་འཕྲད་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

ད་ལོའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་འཛམ་གླིང་གི་རྒྱལ་ཁབ་མི་འདྲ་བ་ ༡༥ ནས་གློག་བརྙན་གྲངས་ ༨༨ སྟོན་རྒྱུ་ཡིན་པའི་ཁྲོད་བོད་མིས་བཟོ་སྐྲུན་བྱས་པའི་གློག་བརྙན་གསུམ་སྟོན་འཆར་འདུག

འདི་ལོའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༤ པ་འཚོག་རྒྱུ་ཡིན་པའི་གསལ་བསྒྲགས་གནང་། ༢༠༢༥།༡༠།༢༤ དུས་བབ་ཀྱི་པར།

དེ་རིང་ཉིན་གུང་ཆུ་ཚོད་ ༡༡།༣༠ ཐོག་དྷ་རམ་ས་ལའི་ཀ་ཅཱ་རི་རྫོང་དཔོན་ལས་ཁུངས་ཀྱི་ཚོགས་ཁང་དུ། ཁྲུང་ཁྲུང་དཀར་མོ་སྒྱུ་རྩལ་ཐེབས་རྩ་ཁང་གི་འགན་འཛིན་བསྟན་འཛིན་བསོད་ནམས་ལགས་དང་། ཁོང་གི་བཟའ་ཟླ་རི་ཏུ་ས་རིན་(Ritu Sarin)ལགས་གཉིས་ཀྱིས། ཟླ་འདིའི་ཕྱི་ཚེས་ ༣༠ ནས་ཕྱི་ཟླ་ ༡༡ ཚེས་ ༢ བར་ཉིན་བཞིའི་རིང་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ། ཕྱི་ལོ་ ༢༠༢༥ ལོའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་(DIFF) ཐེངས་ ༡༤ པ་འཚོག་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་བ་དང་།ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་འཛམ་གླིང་རྒྱལ་ཁབ་མི་འདྲ་བ་ ༡༥ ལྷག་ནས་ཐོན་པའི་གློག་བརྙན་རིང་ཐུང་ཁྱོན་བསྡོམས་ ༨༨ སྟོན་འཆར་འདུག

འདི་གའི་གསར་འགོད་པས་ཐེངས་འདིའི་གློག་བརྙན་དུས་སྟོན་སྐོར་དྲིས་པར་བསྟན་འཛིན་བསོད་ནམས་ལགས་ཀྱིས། ད་ལོའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་འཚོག་དགོས་པའི་རྒྱུ་མཚན་ནི་དྷ་སྟེང་བོད་ཕྲུག་ཁྱིམ་སྡེར་ས་ཆ་ཆེན་པོ་ཡོད་པ་དང་། ད་ལོར་ང་ཚོས་གློག་བརྙན་སྟོན་སའི་ཚོགས་ཁང་བཞི་གོ་སྒྲིག་ཞུ་བཞིན་ཡོད། ད་ལོའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་གློག་བརྙན་རིང་ཐུང་ཁྱོན་བསྡོམས་ ༨༨ སྟོན་རྒྱུ་ཡིན་ཞིང་། སྐབས་དེར་གློག་བརྙན་བཟོ་སྐྲུན་པ་མང་པོ་མཉམ་ཞུགས་གནང་གི་ཡོད། དེའི་ཁྲོད་ཀྱི་མང་ཆེ་ཤོས་རྒྱ་གར་ནས་ཡོང་གི་ཡོད། གློག་བརྙན་བཟོ་སྐྲུན་པ་དང་མཉམ་དུ་བགྲོ་གླེང་ཡང་བྱ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་གློག་བརྙན་དུས་ཐོག་གློག་བརྙན་འདེམས་ཐོན་བྱེད་སྟངས་སྐོར་ལ་ཁོང་གིས། གློག་བརྙན་དུས་སྟོན་ཐོག་གློག་བརྙན་འདེམས་མཁན་ཚོགས་མི་དགུ་ལས་གྲུབ་པའི་ཚོགས་ཆུང་ཞིག་ཡོད། གློག་བརྙན་བཟོ་མཁན་རྣམས་ཀྱིས་ལོ་གཅིག་རིང་གློག་བརྙན་དུས་སྟོན་ཆེད་གློག་བརྙན་ལ་ལྟ་བཞིན་ཡོད་པ་རེད། ད་ལོའི་དུས་སྟོན་ཐོག་གློག་བརྙན་ཁྱོན་གྲངས་ ༨༠༠ ལྷག་ཐོ་འགོད་བྱས་བྱུང་། དེའི་ཁྲོད་ཀྱི་གློག་བརྙན་གྲངས་ ༧༠༠ ལྷག་དྲ་ལམ་བརྒྱུད་ནས་བསྟན་ཡོད། གློག་བརྙན་ ༨༨ ད་ལོའི་གློག་བརྙན་དུས་སྟོན་ཐོག་འདེམས་ཐོན་བྱུང་བ་རེད། གློག་བརྙན་འདེམས་རྒྱུ་ཧ་ཅང་ཁག་པོ་འདུག གློག་བརྙན་ཚང་མ་སྟོན་ཐུབ་ཀྱི་མི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པས་ཐེངས་འདིའི་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་ཅི་ཙམ་ཡོད་མེད་དྲིས་པར་བསྟན་འཛིན་བསོད་ནམས་ལགས་ཀྱིས། ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་བོད་པ་རང་ཉིད་ཀྱིས་བཟོས་པའི་གློག་བརྙན་དྲུག་ཐོ་འགོད་བྱས་བྱུང་། སྔོན་མ་དང་མི་འདྲ་བར་གློག་བརྙན་ཡག་པོ་བཟོས་འདུག དེའི་ཁྲོད་ནས་གློག་བརྙན་གསུམ་འདེམས་ཐོན་བྱུང་བ་རེད། གཅིག་ནི་ཁེ་ན་ཌར་གནས་སྡོད་བོད་ཀྱི་གཞོན་སྐྱེས་གློག་བརྙན་འཁྲབ་ཁྲིད་པ་སྐྱིད་རོང་ཀུན་བཟང་ལགས་ཀྱི་གློག་བརྙན་ (100 sunset) ཞེས་པ་དེ་རེད། གློག་བརྙན་དེ་ནི་ཊོ་རོན་ཊོ་རྒྱལ་སྤྱིའི་གློག་བརྙན་དུས་ཐོག་བསྟན་ཡོད་པ་རེད། བོད་པར་མཚོན་ན་དེ་ནི་སྤོབས་པ་སྐྱེ་དགོས་པའི་གནས་ཚུལ་ཞིག་རེད། གཉིས་པ་སུད་སིར་གནས་སྡོད་གཡང་འཛོོམས་ (Yangzom Brauen) ལགས་དང་ཁོང་མོའི་པ་ལགས་གཉིས་ཀྱིས་བཟོས་པའི་གློག་བརྙན་རྨོ་ལགས་ཞེས་པ་དེ་རེད། གློག་བརྙན་དེ་གཡང་འཛོམས་ཀྱི་རྨོ་ལགས་ཀྱི་ལོ་རྒྱུས་སྐོར་རེད། གསུམ་པ་དེ་བཀྲས་མཐོང་ཁི་རི་སི་ཌི་ལགས་ཀྱི་(far from home) ཞེས་པ་དེ་རེད། གློག་བརྙན་དེ་ནི་བཀྲས་ཟུར་བཀྲས་མཐོང་ལགས་ཀྱི་ལོ་རྒྱུས་རེད། ཅེས་འགྲེེལ་བརྗོད་གནང་བྱུང་།

ཐེངས་འདིའི་དུས་སྟོན་ཐོག་བོད་ནང་བཟོ་སྐྲུན་བྱས་པའི་གློག་བརྙན་ཡོད་མེད་དྲིས་པར་ཁོང་གིས། བོད་ནང་ནས་བཟོ་སྐྲུན་བྱས་པའི་གློག་བརྙན་རྣམས་ང་ཚོའི་གློག་བརྙན་དུས་སྟོན་ཐོག་སྟོན་རྒྱུ་ཧ་ཅང་ཁག་པོ་འདུག དྷ་རམ་ས་ལ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་མིང་གི་ཐོག་ནས་དཀའ་ངལ་འཕྲད་ཡོད་ས་རེད། འདས་ལོར་གློག་བརྙན་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསའ་སྟོན་པའི་ཐབས་ཤེས་མང་པོ་བྱས་པ་ཡིན། གློག་བརྙན་དེའི་ཚོགས་པ་དེ་རྒྱ་ནག་ནང་དུ་འདུག ང་ཚོས་འབྲེལ་བ་བྱས་ཀྱང་མཐའ་མར་ཆོག་མཆན་ཐོབ་མ་བྱུང་། དེ་ཧ་ཅང་ཡ་མཚར་ཞིག་རེད། གློག་བརྙན་དེ་རྒྱ་གར་གྷོ་ཝ་གློག་བརྙན་དུས་སྟོན་ཐོག་བསྟན་པ་རེད། དེ་ཡང་རྒྱ་གར་ནང་དུ་གློག་བརྙན་དེ་སྟོན་མ་ཆོག་པ་མ་ཡིན་པར། དྷ་རམ་ས་ལའི་གློག་བརྙན་དུས་སྟོན་ཡིན་པས་དམིགས་བསལ་ཆོག་མཆན་མ་སྤྲད་པ་ཞིག་ཡིན་ས་རེད། དེ་བས་བོད་ནང་ནས་བཟོ་སྐྲུན་བྱས་པའི་གློག་བརྙན་སྟོན་རྒྱུ་ཧ་ཅང་ཁག་པོ་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

ཧི་མ་ལ་ཡའི་རྒྱུད་ནས་གློག་བརྙན་དུས་སྟོན་ཐོག་མཉམ་ཞུགས་བྱས་ཡོད་མེད་དྲིས་པར་ཁོང་གིས། ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་འབྲུག་ཡུལ་ནས་གློག་བརྙན་རིང་པོ་གཅིག་དང་ཐུང་བ་གཉིས་ཁྱོན་གློག་བརྙན་གསུམ་ཡོད་ཅིང་། གློག་བརྙན་བཟོ་སྐྲུན་བྱེད་མཁན་ ༡༢ ཙམ་མཉམ་ཞུགས་བྱེད་ཀྱི་ཡོད། དྷ་རམ་ས་ལ་གློག་བརྙན་དུས་སྟོན་དང་འབྲུག་ཡུལ་གཉིས་ཀྱི་བར་འབྲེལ་བ་ཆེ་རུ་འགྲོ་བཞིན་ཡོད། རྒྱ་གར་ཨ་རུ་ན་ཅལ་མངའ་སྡེ་ནས་ཐོན་པའི་གློག་བརྙན་གཅིག་ཡོད། དེ་ཡང་བོད་པའི་རིག་གཞུང་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད་རེད། ཨ་རུ་ན་ཅལ་ནང་གི་དགེ་འདུན་པ་ཞིག་གིས་དྭ་ཕྲུག་སློབ་གྲྭ་བཙུགས་པའི་སྐོར་རེད། ལ་དྭགས་དང་བལ་ཡུལ་སོགས་ནས་གློག་བརྙན་མེད། ཅེས་འགྲེལ་བརྗོད་གནང་བྱུང་།

གློག་བརྙན་དུས་སྟོན་གྱི་གལ་གནད་སྐོར་ལ་ཁོང་གིས། གློག་བརྙན་དུས་སྟོན་འདི་ནི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཞིག་ཆགས་ཡོད་པ་དང་། བོད་དང་དམིགས་བསལ་འབྲེལ་བ་མེད་ཀྱང་། བོད་དོན་ལ་གལ་ཆེན་པོ་མཐོང་གི་འདུག སྔོན་མ་བོད་ཀྱི་ཟློས་གར་ཁང་དུ་འཚོགས་པ་རེད་ལ། དེང་སྐབས་བོད་ཕྲུག་ཁྱིམ་སྡེའི་སློབ་གྲྭར་འཚོགས་བཞིན་ཡོད། གློག་བརྙན་དུས་སྟོན་འཚོགས་ས་བོད་པའི་སྤྱི་ཚོགས་ཤིག་ཆགས་ཡོད་དུས། འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་དང་རྒྱ་གར་ནས་ཡོང་མཁན་རྣམས་ཀྱིས་བོད་དོན་ཐོག་དམིགས་བསལ་དོ་སྣང་ཡོང་གི་འདུག ངས་འདི་ནི་འཇམ་པོའི་སྟོབས་ཤུགས་(soft power)ཤིག་རེད་བསམ་གྱི་འདུག འདི་བརྒྱུད་ནས་བོད་དོན་ཐོག་གོ་རྟོགས་ཆེན་པོ་ཡོང་གི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ནི་ཕྱི་ལོ་ ༢༠༡༢ ལོར་ཁྲུང་ཁྲུང་དཀར་མོ་སྒྱུ་རྩལ་ཐེབས་རྩ་ཁང་གི་འགན་འཛིན་བསྟན་འཛིན་བསོད་ནམས་ལགས་དང་ཁོང་གི་བཟའ་ཟླ་རི་ཏུ་ས་རིན་(Ritu Sarin)ལགས་གཉིས་ཀྱིས་མགོ་བཙུགས་པ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༢༣ ལོར་གློག་བརྙན་དུས་སྟོན་ཐོག་རྒྱ་གར་གྱི་གློག་བརྙན་བཟོ་སྐྲུན་པ་ ༥༠ ལྷག་མཉམ་ཞུགས་གནང་གི་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༤༠ ལྷག་ནས་ཐོན་པའི་གློག་བརྙན་རིང་གྲས་དང་ཐུང་གྲས་ཁྱོན་བསྡོམས་ ༩༢ སྟོན་ཡོད་པ་དང་། འདས་ལོར་འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༢༨  ལྷག་ནས་ཐོན་པའི་གློག་བརྙན་རིང་གྲས་དང་ཐུང་གྲས་ཁྱོན་བསྡོམས་ ༩༡ བསྟན་ཡོད་པའི་ཁྲོད། ༧གོང་ས་མཆོག་གི་མཛད་རྣམ་བདེ་སྐྱིད་ཀྱི་ཤེས་རབ་དང་། བོད་པ་རང་ཉིད་ཀྱིས་བཟོ་སྐྲུན་བྱས་པའི་གློག་བརྙན་གསུམ་བཅས་བསྟན་ཡོད་འདུག་ལ། ལོ་རེ་བཞིན་བོད་མིས་བཟོས་པའི་གློག་བརྙན་ཇེ་མང་དང་སྤུས་ཚད་ཇེ་ལེགས་སུ་འགྲོ་བཞིན་ཡོད་འདུག

གསར་འགོད་པ།  བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཉིན་གྲངས་ ༡༥ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

སྐར་མ ༧ སྔོན་ལ།
Mobile App

བོད་ཀྱི་འགྲེམས་སྟོན་ཁང་ཁག་གིས་འགྲེམས་སྟོན་བྱེད་ཕྱོགས་སྐོར་ལ་གྲོས་བསྡུར་གནང་།

ཆུ་ཚོད་ ༢༡ སྔོན་ལ།
བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཕུལ།  བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༡༨
Mobile App

བཀྲ་ཤིས་བདེ་ལེགས་ལགས་ཀྱིས་སྐབས་བཅུ་བདུན་པའི་ཡུ་རོབ་སྤྱི་འཐུས་ཀྱི་དམ་བཅའ་ཕུལ། 

༢༠༢༦/༠༥/༡༨
Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

༢༠༢༦/༠༥/༡༧
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥

མཆན། 1

  1. Jamyang says:
    ཟླ་བ། 7 སྔོན།

    བོད་ནང་གི་གློག་བརྙན་སྟོན་རྒྱུ་ག་རེ་བྱས་ནས་དཀའ་ངལ་འཕྲད་པ་རེད་དམ་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese