མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་རིག་གཞུང་དུས་སྟོན་འཚོག་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༥/༡༠/༢༤
Share on FacebookShare on TwitterShare on EmailShare on Whatsapp

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་སྒྲིག་འཛུགས་ཀྱི་སྒྲིག་གཞི་སོགས་ལ་བསྐྱར་ཞིབ་དང་དུས་རབས་དང་མཐུན་པའི་འགྱུར་བ་གཏང་རྒྱུ་དང་མུ་མཐུད་བོད་ཀྱི་བཟོ་རིག་དང་སྐད་ཡིག་གི་ཐད་ལ་ཞབས་འདེགས་བསྒྲུབ་རྒྱུ་ཡིན་སྐོར་གསུངས་བྱུང་།

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་༧སྐུའི་གོ་སྟོན་སྲུང་གཙིའི་རིག་གཞུང་དུས་སྟོན་འཚོག་བཞིན་པ། ༢༠༢༥།༡༠།༢༤ དུས་བབ་ཀྱི་པར།

 དེ་རིང་དང་སང་ཉིན་བཅས་ཉིན་གྲངས་གཉིས་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་དང་བསྟུན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ། ཕྱི་ལོ་ ༢༠༢༥ ལོའི་ནོར་གླིང་རིག་གཞུང་དུས་སྟོན་ཞིག་འཚོག་མུས་ཡིན་ཞིང་། དེ་རིང་དབུ་འབྱེད་མཛད་སྒོར་སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་གིས་དབུས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་རྣམ་པ་གསུམ་དང་། རྒྱ་གར་གྱི་འཇར་མན་དོན་གཅོད་ཀྱི་ཆབ་སྲིད་དྲུང་ཆེ་སྐུ་ཞབས་ནི་ཁོ་ལ་སི་(Nikolause Koch)ལགས། དགལ་ལྡན་པོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས།  གནས་ཆུང་སྐུ་རྟེན་ལགས། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། དེ་བཞིན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ལས་བྱེད་དང་། ཕྱོགས་ཡོང་གི་མགྲོན་པོ་སོགས་འཛོམས་འདུག

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པར། ད་ལོ་ལོ་ཧྲིལ་པོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གོ་སྟོན་དང་འབྲེལ་བ་ཆགས་ཀྱི་ཡོད་རེད། དེ་འདྲ་སོང་ཙང་ཚོགས་སྡེ་ཆེ་ཆུང་གང་འདྲ་ཞིག་ཡིན་ན་ཡང་། གོ་སྟོན་དང་སྟབས་བསྟུན་ནས་དུས་དྲན་སྲུང་གཙི་ཞུ་རྒྱུར་འབད་བརྩོན་ཞུ་དུས། ང་ཚོ་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ལའང་གོ་སྐབས་ཡག་པོ་ཞེ་དྲགས་ཤིག་བྱུང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་འདས་པའི་མི་ལོ་སུམ་ཅུའི་རིང་ལ་འཛིན་སྐྱོང་གི་དབུ་འཛིན་གནང་མཁན་དང་། རྒན་ལགས་རྣམ་པ། ལས་བྱེད་རྣམ་པ་ཚོས་ཕྱག་ལས་གང་འཇམ་པ་དང་གང་གྲུབ་འབྲས་ཐོན་པ་དེ་དག་རྒྱལ་སྤྱིའི་ནང་སྤོབས་པ་མཐོ་བའི་ཐོག་ནས་འགྲེམས་སྤེལ་ཞུ་ཐུབ་རྒྱུ་དེ་ང་ཚོའི་དམིགས་ཡུལ་གཅིག་ཡིན། དེ་དང་ཆགས་ཅིག་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དེ། རང་ཁ་རང་གསོའི་སྒྲིག་འཛུགས་ཤིག་ཡིན་ཡིན་དུས། ཚོང་འགྲེམས་སོགས་ལ་དམིགས་ནས་དུས་སྟོན་དེ་གོ་སྒྲིག་ཞུས་པ་ཞིག་ཡིན། ཞེས་གསུངས་བྱུང་།

ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགན་འཛིན་བཀའ་ཟུར་བློ་བཟང་སྙན་གྲགས་ལགས། བོད་ཀྱི་དུས་བབ་གསར་ཁང་གི་པར།

ཡང་ཁོང་གིས། སྤྱིར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དེའི་འཛིན་སྐྱོང་གི་ཐོག་ལ་ཕྲན་བུ་ཕྲན་བུ་ཡར་རྒྱས་གཏང་དགོས་པ་དང་། ཚགས་ཚུད་དུ་གཏང་དགོས་པའང་ཡོང་གི་འདུག དེ་ང་ཚོ་ནོར་གླིང་གཅིག་པུ་མ་རེད། ཡུན་རིང་གནས་པའི་སྒྲིག་འཛུགས་ལ་བསྐྱར་ཞིབ་བྱས་ཏེ། སྒྲིག་འཛུགས་གང་འདྲ་ཞིག་ཡིན་རུང་ཚགས་ཚུད་དུ་འགྲོ་རྒྱུ་དང་། ལྷག་པར་དེང་སང་གི་དུས་ཚོད་དང་བསྟུན་པའི་ཐོག་ནས་འགྱུར་འགྲོས་འགྲོ་དགོས་པ་དེ་ཆོས་ཉིད་ཅིག་རེད། ང་ཚོ་ཡིན་ནའང་དེ་བཞིན་དུ་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་དང་། དེ་བཞིན་ལས་འཆར་སྤེལ་ཕྱོགས་ཙམ་མ་ཟད། ལས་འཆར་གསར་པ་ག་རེ་སྤེལ་དགོས་མིན་སོགས། ཐོག་མའི་དམིགས་ཡུལ་གཞིར་བཟུང་བཟོ་རིག་པའི་སྒྱུ་རྩལ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱ་ཐུབ་རྒྱུའི་ཐད་ལ་དམིགས་ཡུལ་བཟུང་བ་བཞིན། གང་ལ་གང་འཚམ་གྱི་ཡག་པོ་ཞིག་ཡོང་གི་འདུག དེ་དང་མཉམ་དུ་དེ་སྔ་ཡིན་ན་ནོར་གླིང་གིས་མཐོ་སློབ་ཅིག་ཀྱང་བཙུགས་ཏེ། སློབ་འཇུག་གནང་མཁན་མེད་ཙང་མཐོ་སློབ་སྒོ་རྒྱབ་པ་རེད་དེ། ད་ལྟ་ང་ཚོའི་བསམ་བློའི་ནང་འཆར་གཞི་སྒྲིག་ཡ་དེ། བོད་ཀྱི་རིག་གཞུང་དང་སྐད་ཡིག་དེ་ཡིན་གཅིག་མིན་གཅིག་མཐོ་སློབ་ཡོད་མེད་ལ་མ་བལྟོས་པར་རྒྱ་གར་གཙོས། ཕྱིའི་རྒྱལ་ཁབ་ཁག་གི་བོད་ཀྱི་ན་གཞོན་ཚོ་ལ་དུས་ཐུང་གི་སློབ་ཁྲིད་དང་སློབ་ཡོན་སྤྲད་ཐུབ་རྒྱུར་བང་ཞིག་བསྒྲིགས་ཡོད་པ་དང་། དེ་དང་དེ་འདྲ་བའི་བསམ་བློའི་ནང་ལས་འཆར་མང་པོ་ཞིག་ཡོད། དེ་དག་རིམ་པའི་རིམ་པའི་ལག་ལེན་བསྟར་ཐུབ་པ་ཡིན་ན། ཐོག་མར་བཙུགས་པའི་དམིགས་ཡུལ་གཞི་བཟུང་གི་ཐོག་ནས་ལས་ཀ་བྱ་ཐུབ་རྒྱུ་ཞིག་རེད། ཅེས་གསུངས་བྱུང་། 

དེ་བཞིན་སྐུ་མགྲོན་གཙོ་བོ་གླིང་རིན་པོ་ཆེ་མཆོག་གིས། ང་ཚོ་ཚང་མས་མཁྱེན་གསལ་བཞིན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། ཐུགས་རྗེའི་གཟིགས་པའི་ཐོག་ནས་ང་རང་ཚོའི་ནོར་གླིང་འདི་མི་ལོ་སུམ་ཅུ་ཙམ་གྱི་གོང་དུ་ཐོག་མར་དབུ་འཛུགས་བྱས། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་མང་པོ་ཕེབས་ཡོད་རེད་ལ། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱག་དངུལ་གསོལ་རས་སྩལ་ཡོད་རེད། སྦྱིན་བདག་མང་དག་ཅིག་ཀྱང་ངོ་སྤྲོད་གནང་ཡོད་རེད། དེ་འདྲའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་གཟིགས་པའི་ཐོག་ནས་དབུ་འཛུགས་གནང་ཐུབ་པ་ཞིག་དང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་གཞུང་གི་དབུ་འཁྲིད་ཀྱི་ཐོག་ནས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དེ་ཆོས་དོན་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་བཞག་འདུག དེ་ནས་རིམ་པས་ཚོགས་པ་འདི་དགོས་པ་རྒྱུ་མཚན་མང་དག་ཅིག་ལ་བརྟེན་ནས་ཟུར་དུ་བཙུགས་གནང་ནས་དེབ་སྐྱེལ་བྱས། སྐབས་དེར་ཐང་ཀ་དང་། བརྐོས་སོགས་ཀྱི་སྒྱུ་རྩལ་གཙོ་བོ་བྱས་ནས་སྒྱུ་རྩལ་མཁན་མང་པོ་ཞིག་རུབ་རུབ་བཟོ་ཐུབ་པ་བྱུང་། ང་ཚོ་བཙན་བྱོལ་ནང་མི་སྒེར་གྱིས་བོད་ཀྱི་སྲོལ་རྒྱུན་མི་ཉམས་རྒྱུན་འཛིན་བྱེད་མཁན་མི་ཉུང་བ་ཞིག་ཡོད་རེད་དེ། སྤྱི་བའི་སྒྲིག་འཛུགས་ཤིག་གི་ཐོག་ནས་ཉར་ཚགས་བྱེད་མཁན་གྱི་སྡེ་ཚན་ཞིག་མེད་པ་ཡིན་དུས།  སྐབས་དེར་སྒྱུ་རྩལ་བ་རྣམས་རུབ་རུབ་བཟོས་ནས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དེ་གཙོ་བོ་གཟེངས་སུ་ཐོན་འཇུག་མཁན་ནི། གཙོ་བོ་སྒྱུ་རྩལ་མཁན་རྣམས་དང་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་ལགས་ཀྱིས་ཐུགས་ཁུར་ཆེ་བཞེས་གནང་ནས། ཕྱག་ལས་གཞི་རྒྱ་ཆེན་པོ་ཞིག་གནང་ནས་ད་བར་འདི་ལྟར་ཚུགས་ཐུབ་པ་བྱུང་བ་རེད། ཅེས་གསུངས་སོང་། 

ཡང་རིན་པོ་ཆེ་མཆོག་གིས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་གཙོ་བོ་བོད་ཀྱི་རིག་གནས་ཀྱི་ནང་ནས་བཟོ་རིག་པའི་སྒྱུ་རྩལ་གྱི་གལ་ཆེན་པོ་ཞེ་དྲགས་ཤིག་མི་ཉམས་གོང་འཕེལ་དང་། ཉམས་པ་སླར་གསོ་བྱུང་ཐུབ་པ་ཞིག་དང་། གང་ལྟར་དྷ་རམ་ས་ལར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུ་མཁན་རྣམས་ཀྱིས། གཙུག་ལག་ཁང་དུ་ཆོས་མཇལ་ཞུས་ཚར་བའི་རྗེས་སུ། ཚང་མས་དགའ་པོ་བྱས་ནས་ཡོང་ས་དེ་ནོར་བུ་གླིང་ག་ཆགས་ཀྱི་འདུག བྱས་ཙང་དེ་འདྲ་ཡིན་དུས་ལྟེ་གནས་ཁང་འདིའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་སླད་ཞབས་འདེགས་ཞེ་དྲགས་ཀྱི་རྒྱ་ཆེན་པོ་ཞིག་བསྒྲུབས་ཐུབ་ཡོད་རེད། དེ་རིང་དུས་སྟོན་ཐེངས་དང་པོར་འཚོག་གི་ཡོད་ཙང་། བརྒྱུད་ལམ་འདིའི་ཐོག་ནས་སྐུ་ངོ་སྐལ་བཟང་ཡེ་ཤེས་གཙོ་བོར་གྱུར་བའི་སྐབས་དེ་དུས་ཀྱི་ཕྱག་ལས་གནང་མཁན་མང་པོ་ཞིག་དགོངས་པ་རྫོགས་ཚར་རེད་ལ། ད་ལྟ་བཞུགས་པའང་ག་ཙམ་ཞིག་ཡོད་པ་ཚང་མར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་ཡ་དང་། ད་ད་ལོ་ང་ཚོ་ལོ་སུམ་ཅུ་འཁོར་བའི་དུས་སྟོན་ཁེལ་བསྡད་ཀྱི་འདུག བྱས་ཙང་ཞབས་ལོ་སུམ་ཅུ་འཁོར་མཁན་དང་། དེ་བཞིན་ཞབས་ལོ་ཉི་ཤུ་འཁོར་མཁན་རྣམས་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུའི་བཀའ་མོལ་ཞིག་བྱུང་སོང་། དེ་བཞིན་སྐུ་ངོ་སྐལ་བཟང་ཡེ་ཤེས་ལགས་སུའང་དམིགས་བསལ་གྱི་བཀའ་དྲིན་རྗེ་དྲན་གྱི་གཟེངས་རྟགས་ཤིག་དབུལ་རྒྱུའི་བཀའ་མོལ་ཡང་བྱུང་། ང་ཚོ་མི་རབས་གོང་མ་རྣམས་ཀྱི་བཀའ་དྲིན་རྗེས་སུ་དྲན་པའི་ཐོག་ནས་ལས་དོན་གཉེར་རྒྱུ་གལ་ཆེན་རེད། ཅེས་གསུངས་སོང་།

སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ནས་ལམ་སྟོན་གསུང་བཤད་གནང་། དུས་བབ་ཀྱི་པར། ༢༠༢༥།༡༠།༢༤

 རྒྱ་གར་གྱི་འཇར་མན་དོན་གཅོད་ཀྱི་སྤྱི་ཁྱབ་ཆབ་སྲིད་དྲུང་ཆེ་སྐུ་ཞབས་ནི་ཁོ་ལ་སི་མཆོག་གིས། ངས་དེ་རིང་དུས་སྟོན་གྱི་དབུ་འབྲེལ་མཛད་སྒོའི་ཐོག བོད་ཀྱི་རིག་གཞུང་གཅེས་སྐྱོང་གི་འགན་འཛིན་བློ་བཟང་སྙན་གྲགས་མཆོག་དང་། དགེ་རྒན་རྣམ་པ། སློབ་མ་རྣམ་པ། ནོར་གླིང་མཐོ་སློབ་ཀྱི་སློབ་མ་བཅས་ཀྱིས་གྲུབ་འབྲས་ཡག་པོ་ཐོན་པར་བསྔགས་བརྗོད་ཞུ། ཁྱེད་ཅག་གིས་ཡིག་ཚགས་དང་བཟོ་རིག་གི་ལམ་ནས་བོད་ཀྱི་རིག་གཞུང་གཅེས་སྐྱོང་དང་བདག་ཉར་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད། དེ་ནི་དངོས་གནས་རླབས་ཆེན་གྱི་བྱ་གཞག་ཅིག་རེད། ང་ཚོ་ནི་ཚོང་ལས་ཐོན་རྫས་བཟོ་བསྐྲུན་དང་ཉོ་ཚོང་དེ་གལ་ཆེ་ཤོས་སུ་གཙི་བའི་དུས་རབས་ཤིག་ཏུ་འཚོ་གནས་བྱེད་མུས་ཡིན། དེང་སྐབས་བཟོད་བསྲན་དང་བརྩོན་འགྲུས་ལས། འཕྲུལ་རིག་བཟོ་སྐྲུན་གྱི་ལས་དོན་ལ་མང་བ་གཞོལ་ཐུབ་ཚེ་དེས་ཁྲོམ་རར་དབང་བསྒྱུར་ཐུབ་ཀྱང་། ཁྱེད་ཅག་གིས་ལག་ཤེས་བཟོ་རྩལ་གྱི་ལས་ལ་གཞོལ་བའི་ལམ་བུ་ཞིག་འདེམས་པ་རེད། ཁྱེད་ཅག་གིས་གསར་གཏོད་དང་ཁྱེད་རང་གིས་ག་རེ་བཟོ་སྐྲུན་བྱས་པའི་མཛེས་སྡུག་ལ་དོ་སྣང་བྱས་ཏེ། ཅ་དངོས་ཉོ་ཚོང་བྱེད་མཁན་གྱི་ཡིད་སེམས་བཀུག་ནས་ཕན་ཚུན་འབྲེལ་བ་བྱུང་བས། ཁྱེད་ཅག་ལ་མི་མང་གི་དགའ་མོས་བྱེད་བཞིན་ཡོད། རིག་གཞུང་ནི་སྤྱི་ཚོགས་ཀུན་གྱི་རྨང་གཞི་ལྟ་བུ་ཡིན་ཡང་། དེ་ནི་དམག་དོན་དང་བཙན་གནོན་སོགས་ཀྱི་དབང་གིས་ཉམས་ཆག་དང་། མི་རྣམས་ཀྱི་སྣང་ངོར་རིག་གཞུང་གི་གལ་ཆེ་རང་བཞིན་དེ་བརྗེད་འགྲོ་བ་ཡིན། ཞེས་གསུངས་སོང་། 

དེ་བཞིན་ནོར་གླིང་བོད་ཀྱི་རིག་གཞུང་དུས་སྟོན་ཐོག བོད་ཀྱི་ཐང་ཁ་དང་། བོད་སྨན། བཟོ་བཀོད། དེ་བཞིན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་བཟོ་སྐྲུན་བྱས་པའི་ཐོན་རྫས། རི་མོའི་བརྩམས་ཆོས་དང་། བྱིས་པས་བྲིས་པའི་རི་མོ། ཆོས་ཕྱོགས་ཀྱི་ཆོ་ག་སོགས་ཀྱི་འགྲེམས་སྟོན་དང་། བོད་ཀྱི་དཔེ་མཛོད་ཁང་གིས་དཔེ་དེབ་ཚོང་འགྲེམས། བོད་ཀྱི་འགྲེམས་སྟོན་ཁང་གིས་༧གོང་ས་རྒྱལ་མཛད་རྣམ་གྱི་པར་རིས་འགྲེམས་སྟོན་སོགས་གནང་དང་གནང་མུས་ཡིན་འདུག 

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༨ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

མཆན། 1

  1. Gendun says:
    ཟླ་བ། 7 སྔོན།

    ་་་་་་་་་དེ་རིང་དུས་སྟོན་ཐེངས་དང་པོར་འཚོག་གི་ཡོད་ཙང་། བརྒྱུད་ལམ་འདིའི་ཐོག་ནས་སྐུ་ངོ་སྐལ་བཟང་ཡེ་ཤེས་གཙོ་བོར་གྱུར་བའི་སྐབས་དེ་དུས་ཀྱི་ཕྱག་ལས་གནང་མཁན་མང་པོ་ཞིག་དགོངས་པ་རྫོགས་ཚར་རེད་ལ། ད་ལྟ་བཞུགས་པའང་ག་ཙམ་ཞིག་ཡོད་པ་ཚང་མར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་ཡ་དང་།
    བོད་ཀྱི་དུས་བབ་འབྲེལ་ཡོད་རྣམས་ལ་ཞུ་རྒྱུ།
    ནོར་གླིང་ངེས་སྟོན་པ་ཟུར་པ་བཀའ་བློན་ཁྲི་ཟུར་སྐལ་བཟང་ཡེ་ཤེས་མཆོག་སྐུ་འཚོ་བཞུགས་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese