མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་དཀྱིལ་འཁོར་གྱི་བཟོ་བཀོད་ལྡན་པའི་ལྷ་ཁང་མཐའ་མ་རྗེ་འབུམ་སྒང་དེ་སྒྱུ་རྩལ་འགྲེམས་སྟོན་ཁང་ཞིག་ཏུ་བསྒྱུར།

བོད་ཀྱི་དུས་བབ།
༢༠༢༥/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དམག་གིས་མན་ཇུའི་ཨམ་བན་ནམ་མན་ཇུའི་བློན་ཆེན་དང་དམག་སྣ་མང་པོ་དུས་གཅིག་ཏུ་དཀྲོངས་སའི་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་རྗེ་འབུམ་སྒང་ལྷ་ཁང་དེ་རྒྱའི་སྒྱུ་རྩལ་འགྲེམས་སྟོན་ལྟེ་གནས་ཁང་ཞིག་ཏུ་བསྒྱུར་ཡོད་འདུག

རྗེ་འབུམ་སྒ་ལྷ་ཁང་སྒྱུ་རྩལ་འགྲེམས་སྟོན་ལྟེ་གནས་ཁང་ཞིག་ཏུ་བསྒྱུར་བ། དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་རྒྱ་རིགས་ཁང་བཟོ་འཆར་འགོད་པ་ཞ་ཡུས་ཅུན་ (夏玉君) ཟེར་བ་གཙོ་བྱས་པའི་རྒྱ་རིགས་སྒྱུ་རྩལ་བ་ཁག་ཅིག་གིས། དུས་རབས་བཅོ་བརྒྱད་པའི་ནང་༸རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་ཕྱག་བཏབ་པའི་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་རྗེ་འབུམ་སྒང་ལྷ་ཁང་དེ་དེང་རབས་ཀྱི་དགོས་མཁོ་དང་སྤྱི་ཚོགས་ཀྱི་འཕེལ་འགྲོས་དང་མཐུན་པ་བཟོས་ཡོད་ཟེར་ནས་དེང་རབས་སྒྱུ་རྩལ་འགྲེམས་སྟོན་ལྟེ་གནས་ཁང་ཞིག་ཏུ་བསྒྱུར་ཏེ། ལྷ་སར་བཙན་འཛུལ་ས་གནས་རྒྱ་གཞུང་དང་རྒྱ་རིགས་སྒྱུ་རྩལ་བ་ཤ་སྟག་གིས་རྒྱའི་སྒྱུ་རྩལ་འགྲེམས་སྟོན་ཁོ་ནའི་འོག་རྗེ་འབུམ་སྒང་དེ་རྒྱ་རིགས་ཚོར་ཡོང་འབབ་བཟོ་ས་ཞིག་ཏུ་བེད་སྤྱོད་གཏོང་གི་ཡོད་འདུག

དེ་འབྲེལ་ཧོང་ཀོང་དུ་རྟེན་གཞི་བྱས་པའི་ (Media OutReach) གསར་ཁང་གིས་བཅར་འདྲི་བྱས་པའི་ལེན་ཚན་ཞིག་ཏུ་རྒྱ་རིགས་སྒྱུ་རྩལ་བ་ཞ་ཡུས་ཅུན་ཟེར་བས། ང་ཚོས་རྗེ་འབུམ་སྒང་དེ་སྔོན་འབྲི་མཛོད་ཁང་དང་གློག་སྒྱུར་ས་ཚིགས་སུ་བེད་སྤྱོད་བཏང་མྱོང་བ་ཤེས་ཀྱིན་ཡོད། འོན་ཀྱང་། ངས་བོད་ནས་ཅི་ཞིག་བྱ་ཐུབ་བམ་བསམས་ནས་འདང་བརྒྱབ་རྗེས། རྗེ་འབུམ་སྒང་དེ་དེང་རབས་དང་མཐུན་པའི་སྒྱུ་རྩལ་འགྲེམས་སྟོན་ཁང་ཞིག་ཏུ་བསྒྱུར་ན་ཧ་ཅང་ལེགས་པོ་ཡོད་པའི་ཚོར་སྣང་བྱུང་། ཞེས་དང་། ལྷ་ཁང་དང་ཁང་པ་ཚང་མ་སྤྱི་དམངས་འགྲེམས་སྟོན་ཁང་ཞིག་ཏུ་བསྒྱུར་ཐབས་མེད་མོད། རྗེ་འབུམ་སྒང་གི་དཀྱིལ་འཁོར་གྱི་བཟོ་བཀོད་ཀྱིས་མི་རྣམས་འཚོལ་ཞིབ་ཀྱི་འགྲུལ་བཞུད་ཅིག་གི་སྟེང་དུ་འཁྲིད་ཐུབ་པ་དང་། རྗེ་འབུམ་སྒང་གི་བར་འཁྱམ་ནས་ནང་གི་མཆོད་ཁང་དང་མཆོད་རྟེན་གཙོ་བོ་སོགས་ཀྱིས་བོད་ཀྱི་དེང་རབས་སྒྱུ་རྩལ་དང་ལྷ་སར་རྒྱུས་ལོན་ཐུབ་པའི་ཁྱད་ཆོས་ལྡན་ཡོད་སྐོར་དང་།  རྗེ་འབུམ་སྒང་དེང་རབས་སྒྱུ་རྩལ་འགྲེམས་སྟོན་ལྟེ་གནས་ཁང་ཞིག་ཏུ་བསྒྱུར་སྐབས། ཁ་སྣོན་རྒྱག་རྒྱུར་གཙོ་འཛིན་མ་བྱས་པར་རིག་དངོས་ཁག་ཅིག་ཇེ་ཉུང་དུ་བཏང་ནས་རྗེ་འབུམ་སྒང་གི་ཐོག་མའི་བཟོ་དབྱིབས་དང་དེའི་སྙིང་བོ་སོགས་ཕྱིར་སྟོན་ཐབས་བྱས་ཡོད་སྐོར་སོགས་བརྗོད་འདུག

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས་ཀྱིས། རྒྱ་ནག་གཞུང་གི་འགྲེལ་བཤད་རྒྱག་སྟངས་བྱས་པ་ཡིན་ན། རྗེ་འབུམ་སྒང་སྒྱུ་རྩལ་ལྟེ་གནས་ཁང་གིས་བོད་ཀྱི་དེང་དུས་རིག་གནས་ཀྱི་རྣམ་པའི་ཐོག་ནས་བོད་ཀྱི་རིག་གཞུང་ངོ་སྤྲོད་བྱ་རྒྱུ་ཡིན་སྐོར་བརྗོད་འདུག འོན་ཀྱང་། ཕྱི་ལོ་ ༢༠༢༡ ལོར་སྒྱུ་རྩལ་ཁང་དེ་མགོ་བཙུགས་པ་ནས་བཟུང་རྒྱ་རིགས་སྒྱུ་རྩལ་བ་རྐྱང་རྐྱང་སྐད་བཏང་འདུག དེ་ནས་ང་ཚོས་ག་རེ་མཐོང་གི་འདུག་ཞུས་ན། རྗེ་འབུམ་སྒང་ལྷ་ཁང་ཞིག་ནས་སྒྱུ་རྩལ་གྱི་ལྟེ་གནས་འགྲེམས་སྟོན་ཁང་ཞིག་ཏུ་བསྒྱུར་བ་དང་། ལས་གཞི་དེ་མགོ་འཛུགས་མཁན་རྒྱ་རིགས་ཡིན་པ་དང་བཟོ་བཀོད་སོགས་བསྐྲུན་མཁན་རྒྱ་རིགས་ཡིན་པ། དེ་བཞིན། ད་སྔ་བར་རྒྱ་རིགས་སྒྱུ་རྩལ་བ་ཤ་སྟག་གི་སྒྱུ་རྩལ་འགྲེམས་སྟོན་བྱས་ཏེ། བོད་མི་ཚོར་གོ་སྐབས་མ་སྤྲད་པ་དང་བོད་མི་གཅིག་ཀྱང་ཉམས་ཞུགས་བྱས་བཅུག་མི་འདུག དེར་བརྟེན། རྒྱ་མི་ཚོས་རྒྱ་ནག་གི་སྒྱུ་རྩལ་དང་དེང་རབས་སྒྱུ་རྩལ་གྱི་རྣམ་པ་འཁྱེར་ནས་བོད་པའི་སྒྱུ་རྩལ་ཚོང་རྒྱག་སའི་ས་ཆ་ཞིག་ཆགས་ཡོད་ལ། ལྷག་པར་དུ་བོད་མི་ཚོར་སྐད་ཆ་གང་ཡང་མ་དྲིས་པར་དཀྱིལ་འཁོར་གྱི་བཟོ་བཀོད་ལྡན་པའི་བོད་པའི་དགོན་པ་གཅིག་པུ་དེ་རྒྱ་མིས་བོད་པའི་སྒྱུ་རྩལ་ཚོང་རྒྱག་སའི་ལྟེ་གནས་ཁང་དུ་བསྒྱུར་ཏེ། བོད་མི་ཚོར་གོ་སྐབས་རྩ་བ་ནས་མེད་པར་རྒྱ་མི་ནང་ཁུལ་་གྱི་ཁེ་ཕན་བསྐྲུན་སའི་ཡུལ་ཞིག་ཆགས་ཡོད། ཅེས་བརྗོད་བྱུང་།

རྒྱ་ནག་གཞུང་གིས་བོད་ཀྱི་ཤུལ་བཞག་རིག་དངོས་ལ་བདག་པོ་རྒྱག་གི་མེད་སྐོར་ལ་ཕན་ཐོགས་ལགས་ཀྱིས། རྗེ་འབུམ་སྒང་དེ་དུས་རབས་བཅོ་བརྒྱད་ནང་གི་བོད་པའི་དགོན་པ་རྩ་ཆེན་ཞིག་ཆགས་ཡོད། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་ཏེ་རིག་གནས་གསར་བརྗེའི་སྐབས་སུ་མཛོད་དུ་བེད་སྤྱོད་བྱས་ཡོད། སྙིང་རྗེ་བ་ཞིག་ལ་རྗེ་འབུམ་སྒང་གི་ཉེ་འཁྲིས་བོད་མི་དངོས་གྲུབ་ཞུ་བ་ཞིག་གིས། ཕྱི་ལོ་ ༢༠༢༣ ལོར་རྗེ་འབུམ་སྒང་གི་རྗེ་ཙོང་ཁ་བའི་ཚ་ཚ་སོགས་བདག་ཉར་བྱས་ཡོད་པའི་རིག་དངོས་སུམ་སྟོང་ཙམ་ལྟེ་གནས་ཁང་དེར་ཞལ་འདེབས་ཕུལ་འདུག སྐབས་དེར་ཁོང་གིས་ཕྱི་ལོ་ ༢༠༠༠ ལོར་རྒྱ་ནག་གཞུང་གིས་ལས་གཞིའི་ཐོག་ནས་རྗེ་འབུམ་སྒང་གི་གསང་སྤྱོད་ལ་འགྱུར་བ་བཏང་དུས། ཡུར་བའི་ནང་ནས་ཅ་དངོས་དེ་དག་རྙེད་སོན་བྱུང་ཡོད་པ་བཅར་འདྲིའི་ནང་བརྗོད་ཡོད་ལ། ཁོང་གིས་ཅ་དངོས་དེ་དག་གཏོར་བརླག་མི་འགྲོ་བའི་ཆེད་དུ་ལོ་ངོ་ ༢༠ ལྷག་རིང་བདག་ཉར་བྱས་ཡོད། དེའི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རིག་དངོས་ལ་བདག་པོ་རྒྱག་གི་ཡོད་ཅེས་ཞེ་དྲགས་བསྒྲགས་ཀྱིན་ཡོད་ཀྱང་། ཕྱི་ལོ་ ༢༠༠༠ རྗེས་ནས་ཀྱང་རྒྱ་ནག་གིས་བོད་ཀྱི་རིག་དངོས་ལ་བདག་པོ་རྒྱག་ཐུབ་མེད་པ་དེས། བོད་པའི་རིག་གཞུང་དང་རིག་དངོས་ཀྱི་བདག་པོ་ངོ་མ་བོད་པ་ཡིན་པ་དང་བདག་པོ་རྒྱག་ཐུབ་མཁན་ཡང་བོད་པ་ཡིན་པ་གསལ་བོ་བསྟན་ཡོད། ལྷག་པར་དུ་རྗེ་འབུམ་སྒང་དེ་བོད་མི་ཚོར་ཧ་ཅང་གལ་ཆེན་ཡིན་ཡང་། རྒྱ་མི་ཚོས་སོ་སོའི་དགོས་མཁོ་ལས་བོད་མི་གཅིག་ལ་གོ་སྐབས་སྤྲད་མེད་ལ། དེང་དུས་ཀྱི་རིག་གཞུང་འགྲེམས་སྟོན་ཟེར་བའི་འོག་ནས་རྒྱ་མིའི་སྒྱུ་རྩལ་བ་ཚོའི་འཁྲབ་སྟོན་འཁྲབ་ས་དང་བོད་ཀྱི་རིག་གཞུང་བཙོང་སའི་ཡུལ་ཞིག་ཏུ་བསྒྱུར་ཡོད། དེས་ས་གནས་ཀྱི་བོད་མི་རྣམས་ལ་སྐད་ཆ་མ་དྲིས་པར་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་ལ་རྡོག་རོལ་བཏང་བ་ཞིག་ཆགས་ཡོད་ཅེས་བརྗོད་བྱུང་།

རྗེ་འབུམ་སྒང་ལྷ་ཁང་དེང་རབས་སྒྱུ་རྩལ་གྱི་འགྲེམས་སྟོན་ལྟེ་གནས་ཁང་ཞིག་ཏུ་བསྒྱུར་བའི་ལས་གཞི་དེ། ཐོག་མར་ཕྱི་ལོ་ ༢༠༡༧ ལོ་ནས་རྒྱ་རིགས་ཁང་བཟོ་འཆར་འགོད་པ་ཞ་ཡུས་ཅུན་སོགས་ཀྱིས་ལྷ་ཁང་དེའི་ལོ་རྒྱུས་དང་འཆར་འགོད་སོགས་ལ་ཞིབ་འཇུག་བྱས་ཏེ། དེང་གི་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པར་བསྒྱུར་ཆེད་འཆར་འགོད་བྱས་པ་ནས་བྱུང་ཞིང་། ཕྱི་ལོ་ ༢༠༢༡ ལོར་ལས་གཞི་དེ་དངོས་སུ་གྲུབ་ཡོད་པ་དང་། ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་ཀྱིས། རྗེ་འབུམ་སྒང་དེང་རབས་སྒྱུ་རྩལ་འགྲེམས་སྟོན་ལྟེ་གནས་ཁང་དེར་བཅོས་འགོད་བྱས་ཏེ། རྒྱ་ནག་གི་སྲོལ་རྒྱུན་མཛེས་དཔྱོད་རིག་པའི་སློབ་གསོ་དར་སྤེལ་གཏོང་ཡུལ་བོད་ཀྱི་གནའ་བོའི་ལྷ་ཁང་ཐོག་མར་གྱུར་ཡོད་སྐོར་བསྒྲགས་འདུག་པ་མ་ཟད། ལྟེ་གནས་ཁང་དེའི་གྱང་ངོས་སུ་རྒྱ་ནག་གི་ཆིན་རྒྱལ་རབས་སྐབས་ཀྱི་ལྡེབས་རིས་སོགས་ཀྱང་ཡོད་སྐོར་བརྗོད་འདུག

རྗེ་འབུམ་སྒང་གི་འདས་པའི་ནང་བཟོ་བཀོད་དང་ད་ལྟ་བཅོས་བསྒྱུར་ཟིན་པའི་བཟོ་དབྱིབས་སོགས་ཀྱི་གནས་ཚུལ་རྒྱས་པ་ཤེས་རྟོགས་ཐུབ་རྒྱུ་ཁག་པོ་ཡིན་ཡང་། ལོ་ངོ་ཉིས་བརྒྱ་ལྷག་གི་རིན་ཐང་ལྡན་པའི་རྗེ་འབུམ་སྒང་གི་ལོ་རྒྱུས་ད་ལྟའང་བོད་ཀྱི་ཡིག་ཆ་ཁག་ཏུ་གསལ་ཐང་ངེར་ཡོད་པ་ལྟར། རྗེ་འབུམ་སྒང་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ར་ས་འཕྲུལ་སྣང་གཙུག་ལག་ཁང་ནས་ར་མོ་ཆེར་འགྲོ་སའི་ལམ་གྱི་ཤར་ངོས་རྒྱུད་སྨད་གྲྭ་ཚང་གི་ནུབ་ངོས་སུ་ཆགས་པའི་ལྷ་ཁང་ཞིག་ཡིན་པ་དང་། ཕྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་༸རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་གིས་ཕྱག་བཏབ། རྗེ་འབུམ་སྒང་ནི་བོད་ཀྱི་སྐུ་དྲག་མི་དྲག་བར་དབང་ཆའི་འཐབ་རྩོད་བྱུང་བ་ལ་བརྟེན་ནས། ཡིག་ཆ་ཁག་ཏུ་ཨམ་བན་ཞེས་འབོད་པའི་མན་ཇུའི་བློན་ཆེན་དང་དམག་བོད་དུ་དྲངས་པའི་ལོ་རྒྱུས་ཀྱི་ཀྱོག་མཚམས་ཤིག་ལས་བྱུང་ཞིང་། ཐོག་མའི་ཆར་རྗེ་འབུམ་སྒང་ལ་རྒྱ་འབུམ་སྒང་ཞེས་མིང་ཆགས།

དེ་ཡང་དུང་དཀར་ཚིག་མཛོད་སོགས་སུ། ཕྱི་ལོ་ ༡༧༢༡ ལོར་བོད་ཀྱི་བཀའ་བློན་ཡིན་པའི་ང་ཕོད་པ་རྡོ་རྗེ་རྒྱལ་པོ་དང་། གུང་ལུམ་པ་བ་བཀྲ་ཤིས་རྒྱལ་པོ། སྦྱར་ར་བ་བློ་གྲོས་རྒྱལ་པོ་བཅས་ང་ལམ་སྦྱར་གསུམ་དང་། ཁང་ཆེན་པཱ་དུར་བསོད་ནམས་རྒྱལ་པོ་དང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་བཅས་ཀྱི་བར་རྩོད་རྙོག་བྱུང་སྟེ། ང་ལམ་སྦྱར་གསུམ་གྱིས་མན་ཇུར་བློ་དཀར་བའི་ཁང་ཆེན་བསོད་ནམས་རྒྱལ་པོ་དཀྲོངས་པ་དང་། ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱིས་མན་ཇུ་ལ་མཉམ་འབྲེལ་བྱས་ཏེ་མན་ཇུའི་དམག་བོད་དུ་དྲངས་ནས་ང་ལམ་སྦྱར་གསུམ་དུས་གཅིག་ཏུ་སྲོག་ཐོག་བཏང་། སྐབས་དེ་ནས་བཟུང་བོད་དུ་གནས་སྡོད་ཨམ་བན་ཐོག་མ་བྱུང་བར་གྲགས། ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱིས་ཕྱི་ལོ་ ༡༧༢༧ ནས་ ༡༧༤༧ བར་བོད་ཀྱི་སྲིད་དབང་བསྐྱངས། ཁོའི་སྲས་འགྱུར་མེད་རྣམ་རྒྱལ་གྱིས་ ༡༧༤༧ ནས་ ༡༧༥༠ བར་སྲིད་བསྐྱངས། འགྱུར་མེད་རྣམ་རྒྱལ་གྱིས་བོད་སྡོད་ཨམ་བན་ཤུགས་རྐྱེན་ཇེ་ཆུང་དུ་གཏོང་ཐབས་སུ་ཨམ་བན་བོད་ནས་མཐར་དཀྲོལ་གཏོང་ཐབས་བྱས་སྟབས། བོད་སྡོད་ཨམ་བན་ཏཱ་ཞན་ཕུ་ཆེན(博啮)དང་ཨབ་ཏུན(拉布敦)གཉིས་ཀྱིས་ལྷ་སའི་ཁྲོམ་གཟིགས་ཁང་དུ་འགྱུར་མེད་རྣམ་རྒྱལ་གསོལ་སྟོན་ཐོག་གདན་ཞུས་ཀྱིས་གོ་སྐབས་བཟུང་ནས་དཀྲོངས་བས། འགྱུར་མེད་རྣམ་རྒྱལ་གྱི་མགྲོན་གཉེར་བློ་བཟང་བཀྲ་ཤིས་དང་ཡ་སོར་གཉིས་ཀྱིས་གནས་ཚུལ་དེ་ཤེས་འཕྲལ་བོད་དམག་ཁྲིད་དེ་བོད་སྡོད་ཨམ་བན་གཉིས་དང་། རྒྱའི་ཞི་དྲག་མི་སྣ་བརྒྱ་ལྷག་དུས་གཅིག་ཏུ་ཁྲོམ་གཟིགས་ཁང་ཉེ་འགྲམ་དུ་རྐྱེན་ལམ་དུ་བཏང་བས་ས་ཆ་དེར་ཐོག་མར་རྒྱ་འབུམ་སྒང་ཞེས་གྲགས། རྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་མཆོག་ནས་མི་བསད་པ་ཚོའི་སྒྲིབ་སྦྱོང་དུ་རྗེ་ཙོང་ཁ་བའི་སྐུ་བརྙན་སོར་ལྔ་བྱས་པ་འབུམ་གཅིག་བཞེངས་གནང་སྟེ་མཆོད་རྟེན་ཐོག་བརྩེགས་ལྔ་ལྡན་པ་ཞིག་གསར་བཞེངས་མཛད། མཆོད་རྟེན་གྱི་མཐའ་བཞིར་ལྕགས་ཐག་གི་དྲིལ་བུ་ཡོད་པ། དེ་ལ་རླུང་བུས་བསྐུལ་ནས་སྒྲ་དབྱངས་གྲོང་ཁྱེར་གྱི་ཕྱོགས་བཞིར་ཁྱབ་པ་དང་། ད་དུང་ལྷ་ཁང་ནང་ནས་དབུ་ཏོག་བར་སྐས་འཛེགས་ཏེ་འགྲོ་ས་ཡོད་པས། རྒྱ་འབུམ་མཐོ་བའི་སྒང་ལ། །མཐོ་རིང་སྐས་འཛེགས་བཙུགས་བཞག །ཕྱོགས་བཞི་གང་ནས་བལྟས་ཀྱང་། །སྙན་པའི་དྲིལ་བུའི་སྐད་རེད། །ཅེས་པའི་དམངས་གཞས་ཀྱང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༡ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese