མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལྷུན་རྩེ་རྫོང་ཁོངས་སུ་མཁའ་དམག་གི་རྟེན་གཞི་ཞིག་འཛུགས་སྐྲུན་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༠/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ལྷུན་རྩེ་རྫོང་ཁོངས་སུ་མཁའ་དམག་གི་རྟེན་གཞི་ཞིག་འཛུགས་བསྐྲུན་བྱས་ཡོད་པ་རྒྱ་གར་གཞུང་གིས་ཤེས་རྟོགས་བྱུང་ཡོད་ཅིང་གནད་དོན་དབྱེ་ཞིབ་པ་དག་གིས་རྒྱ་ནག་གིས་མཁའ་ལམ་ནས་རྒྱ་གར་ལ་གཏོར་རྒོལ་གཏོང་ཉེན་ཡོད་སྐོར་བརྗོད་འདུག

འཁོར་སྐར་ནས་བླངས་བའི་བོད་ལྷུན་རྩེ་རྫོང་ཁོངས་ཀྱི་མཁའ་དམག་རྟེན་གཞི།

ཁ་སང་ཕྱི་ཚེས་ ༢༧ ཉིན་རྒྱ་གར་གྱི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གཞུང་གིས་འཁོར་སྐར་བརྒྱུད་རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་གྱི་འཕགས་བོད་མཐའ་མཚམས་ཀྱི་ཉེ་ཁུལ་བོད་ལྷུན་རྩེ་རྫོང་ཁོངས་སུ་མཁའ་དམག་གི་གནམ་གྲུ་འཇོག་སའི་ལྕགས་ཁེབས་ཅན་གྱི་ཁང་པ་མང་པོ་ཞིག་དང་། སྡོད་ཁང་གསར་པ། གནམ་གྲུ་འཇོག་སའི་མདུན་གྱི་རྡོ་ཅལ་སོགས་གསར་རྒྱག་བྱས་ཟིན་ཡོད་པ་ཤེས་རྟོགས་བྱུང་འདུག

རྒྱ་གར་གྱི་མཁའ་དམག་གི་དམག་སྤྱི་ཟུར་པ་སྐུ་ཞབས་མལ་ཤལ་(Marshal BS Dhanoa) ལགས་ཀྱིས། ད་ལན་རྒྱ་ནག་གིས་གནམ་གྲུ་འཇོག་ས་གསར་རྒྱག་བྱས་པ་དེས། ཐེངས་རྗེས་མར་རྒྱ་གར་དང་རྒྱ་ནག་གི་དམག་མིའི་གདོང་ཐུག་བྱུང་ཚེ། ཁོང་ཚོའི་དམག་མིར་ལྷུན་རྩེར་རྟེན་གཞི་བྱས་པའི་མཁའ་དམག་གིས་རོགས་འདེགས་བྱ་རྒྱུ་ཡིན་པ་གསལ་པོ་རེད། ཅེས་དང་། ད་ལན་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་དེས། རྒྱ་གར་དང་ས་ཁམས་ཆབ་སྲིད་ཀྱི་རྩོད་རྙོག་འབྱུང་སྐབས། རྒྱ་ནག་གཞུང་གིས་འཆར་གཞི་ལྡན་པའི་དམག་འཁྲུག་གི་འཐབ་ཇུས་ཤིག་འདིང་མུས་ཡིན་སྐོར་སོགས་བརྗོད་འདུག

གནད་དོན་དབྱེ་ཞིབ་ཁག་ཅིག་གིས། རྒྱ་ནག་གཞུང་གིས་འཕགས་བོད་མཐའ་མཚམས་ས་ཐིག་དང་ཆེས་ཁ་ཐག་ཉེ་བའི་རྒྱ་གར་གྱི་མོན་རྟ་དབང་དང་། འབྲས་ལྗོངས། ལ་དྭགས། ཨུ་ཊར་ཁན་ཌི་མངའ་སྡེའི་ཁུལ་སོགས་སུ་མཁའ་དམག་དང་། སྐམ་དམག་གི་རྟེན་གཞི་སོགས་ཕྱོགས་ཡོངས་ནས་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་བྱེད་མུས་ཡིན་པ་དེས། རྒྱ་ནག་གཞུང་གིས་རྒྱ་དཀར་ནག་གི་འབྱུང་འགྱུར་ས་མཚམས་སོགས་ཀྱི་རྩོད་རྙོག་རིགས་འབྱུང་སྐབས། འཆར་གཞི་དང་ཐབས་ཇུས་རང་བཞིན་གྱི་ཐོག་ནས་འཐབ་རྒོལ་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་གིས་བོད་དིང་རི་དང་། ལྷུན་རྩེ། སྤུ་ཧྲེང་རྫོང་སོགས་སུ་མཁའ་དམག་གི་རྟེན་གཞི་བསྐྲུན་པ་ནི། འཕགས་བོད་མཐའ་མཚམས་ཁག་དང་ཧ་ཅང་ཁ་ཐག་ཉེ་སྟབས། རྒྱ་ནག་གིས་མཐའ་མཚམས་ཁུལ་དུ་མཁའ་དམག་གི་རྟེན་གཞི་རྒྱ་སྐྱེད་དང་འཆར་གཞི་དམིགས་བསལ་ཞིག་སྒྲིག་བཞིན་ཡོད་པའི་ཚོད་དཔག་བྱེད་ཀྱིན་འདུག

ཉེ་སྔོན་འཁོར་སྐར་བརྒྱུད་ལྟ་ཞིབ་བྱེད་སྐབས། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མཚོ་ནུབ་བོད་རིགས་རང་སྐྱོང་ཁུལ་གྱི་ན་གོར་མོ་གྲོང་ཁྱེར་ཁུལ་དུ་བྱེ་ཐང་ཞིག་ཏུ་རྡུལ་ཕྲན་མཚོན་ཆའི་ལྟེ་གནས་ཤིག་གསར་རྒྱག་དང་། བྱེ་ཐང་དུ་བགྲོད་པའི་ལམ། གོ་མཚོན་མངག་གཏོང་གི་ལམ་ཐིག དེ་བཞིན་གོ་མཚོན་ལྟེ་གནས་ཁང་དེའི་ཁང་པ་སོགས་གསར་རྒྱག་དང་།  མེ་ཤུགས་འཕུར་མདའ་སྐྱེལ་འདྲེན་ཆེད་སྒོ་རའི་ཁང་ཆེན་དང་། བྱེ་ཐང་དུ་ཤར་གཏོང་བྱ་སའི་རིམ་པ་མང་པོ་ཞིག་བཟོས་ཡོད་པ་སོགས་ཤེས་རྟོགས་བྱུང་འདུག

འདི་ལོའི་ཕྱི་ཟླ ༧ ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་རྒྱ་གར་གྱི་ཤར་ཨེ་ཤ་ཡའི་ཟུང་དྲུང་སྐུ་ཞབས་གྷ་རན་གྷ་ལལ་དྷ་སི་(Gourangalal Das) ལགས་ཀྱིས་སྣེ་འཁྲིད་པའི་རྒྱ་གར་གྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས། རྒྱ་ནག་མཐའ་མཚམས་དང་མཚོ་ཁུལ་གྱི་གནད་དོན་ལས་ཁུངས་ (Boundary and Oceanic Affairs Department)  ཀྱི་འགན་འཛིན་ཧོང་ལིང་(Hong Liang) ཟེར་བས་མགོ་ཁྲིད་པའི་རྒྱ་ནག་གི་ཚོགས་ཆུང་དང་ཐུག་འཕྲད་གནང་སྟེ། རྒྱ་ནག་དཀར་ནག་གཉིས་ཀྱིས་འཕགས་བོད་མཐའ་མཚམས་ཁུལ་དུ་འཛུགས་སྐྲུན་དང་མཉམ་ལས་བྱེད་ཕྱོགས་ཀྱི་སྐོར་ལ་གྲོས་མོལ་གནང་ཡོད་ལ། སྐབས་དེར་རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས་བསྒྲགས་གཏམ་ཞིག་སྤེལ་བའི་ཁྲོད། ཕྱོགས་གཉིས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་འཕགས་བོད་མཐའ་མཚམས་ཁུལ་དུ་ཞི་བདེ་བརྟན་བརླིང་དང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་རྒྱུན་ལྡན་བཞིན་ཡོང་རྒྱུའི་ཐད་ལ་གླེང་སློང་གནང་ཡོད་པ་མ་ཟད། མཐའ་མཚམས་ཁུལ་དུ་ཚོང་དོན་ཚུད་པའི་མཉམ་ལས་དང་། འདི་ལོའི་ལོའི་མཇུག་ཏུ་སླར་ཡང་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་ཁུལ་གྱི་གནད་དོན་དང་འབྲེལ་བའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་འདུ་ཞིག་རྒྱ་གར་དུ་འཚོག་འཆར་ཡོད་སྐོར་སོགས་བསྒྲགས་ཡོད་པ་རེད།

ཕྱི་ལོ་ ༢༠༢༠ ཟླ་ ༦ ཚེས་ ༡༥ ཉིན་བོད་དང་རྒྱ་གར་གྱི་ས་མཚམས་སུ་ཁེལ་བའི་གྷལ་ཝན་ལུང་གཞོངས་སུ་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་མཐའ་སྲུང་དམག་མི་ ༢༠ དང་རྒྱ་ནག་གི་མཐའ་སྲུང་དམག་མི་ ༤ ཡས་མས་ཀྱི་ཚེ་སྲོག་ཤོར་ཡོད་པའི་གནས་ཚུལ་ཐོན་ཏེ།  ཕྱོགས་གཉིས་བར་ཐེངས་མང་པོར་གྲོས་མོལ་བྱས་ཏེ་མཐའ་མཚམས་ཞི་བདེ་དང་བརྟན་བརླིང་ཡོང་སླད། ཕྱོགས་གཉིས་ཀྱི་དམག་མི་ཕྱིར་འཐེན་བྱ་རྒྱུའི་མོས་མཐུན་བྱུང་ཡོད་ཀྱང་། འདས་པའི་ལོ་ཤས་རིང་རྒྱ་དཀར་ནག་གཉིས་བར་འཕགས་བོད་མཐའ་མཚམས་ཁུལ་དུ་གདོང་ཐུག་ཡང་ཡང་བྱུང་ནས་གནས་སྟངས་ཛ་དྲག་ཅན་དུ་གྱུར་སྟབས། ཕྱོགས་གཉིས་ནས་མཐའ་མཚམས་བརྟན་སྲུང་ཆེད་གཞུང་ལམ་དང་དམག་དོན་ལྟེ་གནས་སྔར་ལས་མང་པོ་འཛུགས་སྐྲུན་བྱས་ཏེ་དམག་དོན་ནུས་པ་གོང་སྤེལ་དུ་གཏོང་མུས་ཡིན་པ་རེད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༡ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese