མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་།

བོད་ཀྱི་དུས་བབ།
༢༠༢༥/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་དང་འབྲེལ་བའི་བརྗོད་གཞི་བཞིའི་ཐོག་མཁས་པའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་། ༢༠༢༥།༡༠།༢༨ དུས་བབ་ཀྱི་པར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩ པ་ཙམ་ལ་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ཕེབས་པའི་༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ཞིག་འཚོགས་སོང་། ཚོགས་ཐོག་ཏུ་ཀིརྟིའི་བྱེས་པ་གྲྭ་ཚང་གི་མཁན་རིན་པོ་ཆེ་སློབ་དཔོན་ཆེན་མོ་དཀོན་མཆོག་རྒྱ་མཚོ་མཆོག་དང་། མཁན་ཟུར་ཨ་ལགས་མཁན་པོ་ཕུན་ཚོགས་བསྟན་འཛིན་རྒྱ་མཚོ་མཆོག མཁན་ཟུར་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་མཆོག ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་དྲུང་ཡིག་སློབ་དཔོན་དཀོན་མཆོག་འཇིགས་མེད་ལགས། ༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱོགས་སྒྲིག་པ་སློབ་དཔོན་ཆེན་མོ་རེ་མདོ་སེང་གེ་ལགས། དེ་བཞིན་ཀིརྟིའི་བྱེས་པ་གྲྭ་ཚང་གི་འདུས་མང་ཡོངས་བཅས་འཛོམས་འདུག

ཐེངས་འདིའི་བགྲོ་གླེང་སྐོར་ལ་མཁན་རིན་པོ་ཆེ་སློབ་དཔོན་ཆེན་མོ་དཀོན་མཆོག་རྒྱ་མཚོ་མཆོག་གིས་འདི་གའི་གསར་འགོད་པར། འདས་ལོའི་ཕྱི་ཟླ་དང་པོའི་ནང་རྒྱ་གར་རྡོ་རྗེ་གདན་དུ། ཀིརྟིའི་དགེ་རྩ་ཚོགས་པ་དང་ཀིརྟིའི་བྱེས་པ་གྲྭ་ཚང་གཉིས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་རིན་པོ་ཆེ་མཆོག་གི་ཞབས་བརྟན་སྨོན་ལམ་དང་དགེ་ལུགས་སྨོན་ལམ་ཆེན་མོ་འཕར་མ་འཚོག་བཞིན་པའི་སྐབས་སུ། བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱིས་འདི་ལོ་༧སྐུའི་གོ་སྟོན་དང་འབྲེལ་བའི་ཐོག་བྱམས་བརྩེ་ལོར་སྲུང་གཙི་ཞུ་བཞིན་ཡོད་པར་བརྟེན། དགོན་པ་དང་གྲྭ་ཚང་ཁག་ནས་ལས་རིམ་གང་ཡོད་མེད་ཐོག་བཀའ་ཡིག་ཕེབས་ཡོད་པ་བཞིན། ཀིརྟིའི་བྱེས་པ་གྲྭ་ཚང་གི་ངོས་ནས་ཚན་པ་གསུམ་དུ་དབྱེ་ནས་སྲུང་གཙི་ཞུ་བཞིན་ཡོད། དེ་རིང་༧སྐུའི་གོ་སྟོན་དང་འབྲེལ་བའི་རིག་གཞུང་བགྲོ་གླེང་ནི་གྲྭ་ཚང་རང་དུ་གོ་སྒྲིག་ཞུས་པ་རེད། ཕྱི་ལོ་ ༢༠༢༦ ལོའི་ཟླ་དང་པོའི་ནང་སྨོན་ལམ་འཕར་མ་ཞིག་འཚོག་འཆར་ཡོད་ཅིང་། དེའི་སྐབས་སུ་༧སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གདན་འདྲེན་ཞུས་ཏེ་༧གོང་ས་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་ཐོག་བགྲོ་གླེང་ཞུ་འཆར་ཡོད། དེ་དང་མཉམ་དུ་༧རྗེ་ཙོང་ཁ་པ་དང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱི་ཆོས་ཕྱོགས་ཀྱི་མཛད་རྣམ་ཞིག་རྩོམ་སྒྲིག་བྱེད་བཞིན་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

མཁན་ཟུར་ཨ་ལགས་མཁན་པོ་ཕུན་ཚོགས་བསྟན་འཛིན་རྒྱ་མཚོ་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་པ་ལས་འཕྲོས་བའི་གཏམ་ཐོག་བགྲོ་གླེང་གནང་བའི་སྐོར་འདི་གའི་གསར་འགོད་པར། ངའི་བརྗོད་གཞི་ནི་༧གོང་ས་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་པ་ཆ་ཚང་རེད། མཛད་པའི་ནང་ནས་གལ་ཆེ་ཤོས་དེ་གསུང་གི་མཛད་པ་རེད། གསུང་གི་མཛད་པའི་ནང་དུ་འཆད་རྩོད་རྩོམ་གསུམ་ཡོད། འཆད་པའི་ཆ་ནས་དུས་འཁོར་དབང་ཆེན་སུམ་ཅུ་སོ་བཞི་དང་། ལམ་རིམ་གྱི་མཚོན་པའི་ཧ་ཅང་རྒྱ་ཆེན་པོ་རེད། གསུང་རྩོམ་ལ་དངོས་སུ་གསུངས་པ་དང་མ་གསུངས་པ་སོགས་ཡོད་ལ། དུས་རབས་ཉེར་གཅིག་པའི་སྟོན་པ་ཞེས་ཞུ་བཞིན་ཡོད་པ་ལྟར། ༧གོང་ས་མཆོག་གི་གསུང་ལའང་དུས་རབས་ཉེར་གཅིག་པའི་བཀའ་འགྱུར་ཞེས་ཞུས་ཀྱང་འགྲིག་གི་འདུག་བསམ་གྱི་འདུག  བརྗོད་བྱ་ཡང་ཆོས་ལུགས་དང། ཆབ་སྲིད། དཔལ་འབྱོར་སོགས་འདུལ་བྱར་གང་ལ་གང་འདོད་ལྟར་རྒྱ་ཆེན་པོ་རེད། དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་པ་ལས་གལ་ཆེན་པོ་ཞིག་ཏུ་མཐོང་གི་ཡོད། གསུང་གི་རྟེན་ས་ཐུགས་ཀྱི་ཡོན་ཏན་རེད། དེ་དག་ཆ་ཚང་གི་མཛད་པ་བསྐྱངས་ཐུབ་པ་དེ་སྐུ་ལ་རག་ལས་ཡོད། སྐུ་འཁྲུངས་པ་ནས་ད་ལྟ་བར་དུ་མཛད་པ་བསྐྱངས་ཡོད། ༧རྒྱལ་བ་ཡིད་བཞིན་ནོར་བུ་ཞེས་པ་དེ་མཚན་དོན་མཚུངས་པ་ཞིག་ཡིན་པ་དེ། མཛད་པ་ཆ་ཚང་ཐོག་ནས་ཤེས་པ་ཞིག་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་དུ་༧སྐུའི་གོ་སྟོ་ནའབྲེལ་བའི་རིག་གཞུང་ཞིག་འཆོགས། ༢༠༢༥།༡༠།༢༨ དུས་བབ་ཀྱི་པར།

༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་དྲུང་ཡིག་སློབ་དཔོན་དཀོན་མཆོག་འཇིགས་མེད་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་ལས་མངོན་པའི་བོད་ཀྱི་སྐད་ཡིག་གི་རིན་ཐང་ཐོག་བགྲོ་གླེང་གནང་བར་འདི་གའི་གསར་འགོད་པར། ད་ལྟའི་ཆར་བོད་ཕྱི་ནང་གཉིས་སུ་བོད་ཀྱི་སྐད་ཡིག་གནས་སྟངས་དེ་ཉམས་ཆག་ལ་འགྲོ་བའི་ཉེན་ཁ་ཆེན་པོ་ཞིག་གི་མཚམས་སུ་བསླེབས་ཡོད། བོད་ཀྱི་སྐད་ཡིག་ནི་བོད་མི་རིགས་ཀྱི་སྲོག་རྩ་དང་། ཆོས་དང་རིག་གཞུང་གི་རྩ་བ་ཡིན་ཞེས་སྲུང་སྐྱོབ་བྱེད་དགོས་བཤད་བཞིན་ཡོད་པ་དེ། སྐབས་སུ་བབ་པ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཕྲིན་དང་སྦྱར་ནས་བཤད་ན། ༧གོང་ས་མཆོག་ནས་བོད་ཀྱི་སྐད་ཡིག་ཐོག་ཡོད་པའི་ནང་པའི་ཆོས་ལ་ཉམས་ལེན་མཛད་ཡོད་པར་བརྟེན་ནས། མཛད་པ་འཕྲིན་ལས་རྒྱ་ཆེར་རྒྱས་ཏེ་འཛམ་གླིང་གི་དད་གུས་བྱེད་སའི་དབུ་ཁྲིད་ཅིག་ཏུ་གྱུར་ཡོད། དེ་ནི་བོད་ཀྱི་སྐད་ཡིག་ནང་དུ་ཡོད་པའི་ནང་ཆོས་ཀྱི་ཉམས་ལེན་ལ་བརྟེན་ནས་བྱུང་བ་ཡིན་དུས། གཞུང་གང་ལ་བརྟེན་སའི་སྐད་ཡིག་དེ་རང་བཞིན་གྱི་རྩ་ཆེན་ཞིག་ཆགས་ཡོད་པ་དང་།  དེ་སྲུང་སྐྱོབ་བྱ་དགོས་པ་ཞིག་ཡིན་པ་ཤེས་དགོས་ཀྱི་ཡོད་པ་རེད། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱ་རྒྱུ་དེ་བོད་ཀྱི་མི་རིགས་ཀྱི་ཞེན་ཁོག་ཙམ་མིན་པར། ནང་པའི་ཆོས་ཀྱི་རིག་གཞུང་དང་འབྲེལ་ཡོད་པས། འཛམ་གླིང་གི་འགྲོ་བ་ཡོངས་ཀྱི་སེམས་ཀྱི་བདེ་སྐྱིད་ཀྱི་རྩ་བ་ཆགས་ཡོད། བོད་ཀྱི་སྐད་ཡིག་རིན་ཐང་ཤེས་པའི་ཐོག་གཞུང་དང་སྒེར་སུ་ཡིན་རུང་སྲུང་སྐྱོང་བྱ་དགོས། ཞེས་འགྲེལ་བརྗོད་གནང་བྱུང་།

༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱོགས་སྒྲིག་པ་སློབ་དཔོན་ཆེན་མོ་རེ་མདོ་སེང་གེ་ལགས་ཀྱིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་ཡོན་སློབ་སྦྱོང་རྒྱ་ཁྱབ་ཏུ་དར་སྤེལ་མཛད་པའི་ཐོག་བགྲེ་གླེང་གནང་བར་འདི་གའི་གསར་འགོད་པར། བོད་མ་ཤོར་བའི་སྔོན་དུ་བོད་ཀྱི་ཆབ་སྲིད་དང་ཤེས་ཡོན་གྱི་གནས་སྟངས་ཧ་ཅང་སྐྱོ་བོ་ཡོད་ཀྱང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཙན་བྱོལ་དུ་ཕེབས་རྗེས་བོད་ཀྱི་གནས་སྟངས་ལྡབ་མང་པོ་ཡར་རྒྱས་བཏང་ཐུབ་ཡོད། དེ་ཡང་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་འབྱོར་བ་ནས་བཟུང་མི་རབས་གསར་བ་རྣམས་བོད་པ་ཚུལ་ལྡན་གྱི་ངོ་བོར་སྐྱེད་སྲིང་ཐུབ་པ་དང་། བོད་ཀྱི་གནས་སྟངས་དེ་རྒྱུ་མཚན་དང་གནས་ལུགས་ཀྱི་ཐོག་ནས་འཐབ་རྩོད་བྱ་ཐུབ་པ། བོད་ཀྱི་ཆོས་དང་རིག་གཞུང་རྒྱུད་འཛིན་བྱ་ཐུབ་པ། མ་འོངས་བར་འཛམ་གླིང་དང་མཉམ་དུ་འགྲོ་ཐུབ་པའི་དཔུང་སྡེ་གསོ་སྐྱོང་ཐུབ་པའི་གལ་གནད་བཅས་ཀྱི་དགོངས་གཞི་རླབས་ཆེན་པོ་རེད། སྔོན་མ་བོད་ནང་གི་དགོན་པ་ཁག་ཏུ་ཞུགས་རྗེས་ནང་ཆོས་སྦྱངས་པ་མ་གཏོགས། སྔོན་འགྲོ་སོགས་ཀྱི་འཛིན་གྲྭ་རིགས་ཡོད་པ་མ་རེད། ཕྱི་ལོ་ ༡༩༦༠ ནང་དུ་༧གོང་ས་མཆོག་ནས་དགོན་སྡེ་ཁག་ཏུ་སོ་སོའི་དགོན་པའི་འགྲོ་ལུགས་ཙམ་མིན་པར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གཞུང་ཆ་ཚང་ལྡན་པའི་མི་རབས་ཤིག་གསོ་སྐྱོང་བྱེད་ཐུབ་ཚེ། མ་འོངས་བར་དགོན་པའི་བསྟན་པར་འོད་སྣང་འབར་ཡོང་བའི་བཀའ་སློབ་མང་པོ་བསྩལ་བ་བཞིན། ཕྱི་ལོ་ ༡༩༧༠ སྨད་དང་ཕྱི་ལོ་༡༩༨༠ ནང་དུ་ཆོས་བརྒྱུད་རིས་མེད་ཀྱི་ཐོག་དགོན་པའི་ནང་སློབ་གྲྭ་མང་པོ་བཙུགས་པ་རེད། ད་ལྟའི་ཆར་དགོན་པའི་ནང་གི་གྲྭ་བ་མང་ཤོས་སློབ་སྦྱོང་བྱེད་མཁན་ཆགས་ཡོད། ༧གོང་ས་མཆོག་ནས་སྐབས་དང་དུས་ལ་གཟིགས་ཏེ་ཆོས་དང་རིག་གཞུང་དེ་དུས་རབས་དང་འགལ་ཟླར་མི་འགྲོ་བའི་དགོངས་པ་བཞེས་ཀྱི་ཡོད། དེང་སང་ཚན་རིག་གི་དུས་རབས་ཤིག་ཡིན་པས། ང་ཚོའི་རིག་གཞུང་དེ་ཚན་རིག་དང་མཉམ་དུ་གནས་ཚེ། ང་ཚོའི་སྤྱི་ཚོགས་སུ་ཚན་རིག་སློབ་སྦྱོང་སྤེལ་དགོས་པ་དང་། སོ་སོའི་སྐད་ཡིག་གི་བརྒྱུད་ལམ་ཐོག་ནས་སྤེལ་བ་རེད། དེ་ཡང་ཚན་རིག་གི་སློབ་སྦྱོང་གཅིག་པུ་མིན་པར། ང་ཚོའི་སྐད་ཡིག་གིས་མ་འདང་བའི་སྟོང་ཆ་མང་པོ་ཞིག་ལ། ༧གོང་ས་མཆོག་གི་མཛད་པ་འཕྲིན་ལས་ལ་བརྟེན་ནས་ཁ་སྐོང་བྱེད་ཐུབ་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

མཁན་ཟུར་ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་མཆོག་གིས་བོད་བརྒྱུད་ནང་བསྟན་དེ་བླ་མའི་ཆོས་ལུགས་མ་ཡིན་པ་གསལ་སྟོན་གནང་བའི་མཛད་པའི་ཐོག་བགྲོ་གླེང་གནང་བར་འདི་གའི་གསར་འགོད་པར། བོད་ནང་དར་བའི་ནང་པ་སངས་རྒྱས་བའི་ཆོས་ལ་ཕྱི་རྒྱལ་བ་དང་ནང་པའི་གྲས་ནས་ཀྱང་བླ་མའི་ཆོས་ལུགས་ཞེས་མིང་བཏགས་ཏེ་ངོས་འཛིན་བྱས་པ་རེད། ཕྱི་ལོ་ ༡༩༦༠ ལོར་རྒྱ་གར་རྡོ་རྗེ་གདན་དུ་༧གོང་ས་མཆོག་ནས་བོད་དུ་དར་བའི་ནང་པ་སངས་རྒྱས་པའི་ཆོས་དེ་བླ་མའི་ཆོས་ལུགས་མ་ཡིན་པའི་ལམ་སྟོན་བཀའ་སློབ་མང་པོ་གནང་ཡོད་པ་རེད། ཕྱི་ལོ་ ༡༩༦༢ ལོར་༧གོང་ས་མཆོག་གིས་ཕྱག་དཔེ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ལྗགས་རྩོམ་གནང་ཡོད་ཅིང་། དེའི་ཁ་སྣོན་གྱི་ས་བཅད་གཉིས་ནང་བོད་ཀྱི་ནང་པ་སངས་རྒྱས་པའི་གནས་སྟངས་དང་ཆོས་ལུགས་དར་སྟངས་སྐོར་བཀའ་སློབ་རྒྱས་པ་ཡོད། ཕྱི་ལོ་ ༡༩༦༣ ལོར་ལེགས་བཤད་བློ་གསལ་མིག་འབྱེད་ལྗགས་རྩོམ་གནང་། དེའི་ནང་བོད་བརྒྱུད་ནང་བསྟན་དེ་བླ་མའི་ཆོས་ལུགས་མ་ཡིན་པའི་སྐོར་གསུངས་ཡོད། ༧གོང་ས་མཆོག་ནས་ཕྱག་དཔེ་དེ་གཉིས་ཀྱི་ནང་དུ་རྒྱུ་མཚན་གསུམ་དང་དཔེ་གཅིག་གི་སྒོ་ནས་བོད་བརྒྱུད་ནང་བསྟན་དེ་བླ་མའི་ཆོས་ལུགས་མ་ཡིན་པ་གསལ་སྟོན་གནང་ཡོད། ཕྱི་ལོ་ ༡༩༦༧ དང་༡༩༧༢ ལོར་༧གོང་ས་མཆོག་ཐའེ་ལན་ཌི་ལ་ཐེངས་གཉིས་ཕེབས་ཏེ་གནས་བརྟན་སྡེ་བའི་དགེ་སློང་དང་མཉམ་དུ་བགྲོ་གླེང་གནང་ཡོད་པ་རེད། དེ་བཞིན་བོད་ཀྱི་ཆོས་བརྒྱུད་ཁག་གི་ཁུངས་པཎ་གྲུབ་བཅུ་བདུན་ཡིན་པ་གསལ་སྟོན་བྱས་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༤ ལོར་རྒྱལ་སྤྱིའི་འདུལ་བའི་བགྲོ་གླེང་ཐོག་༧གོང་ས་མཆོག་ནས་བཀའ་སློབ་ལམ་སྟོན་གནང་ཡོད། ༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་དེ་དཔལ་ན་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཡིན་གསུངས་བཞིན་པའི་གནད་འགག་དེ་ལ་ཐུག་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༥ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༧ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese