མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་འཚོགས།

བོད་ཀྱི་དུས་བབ།
༢༠༢༥/༡༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་བསྟི་གནས་ཁང་གི་གོ་སྒྲིག་འོག་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་འཚོགས་སོང་།

བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་བགྲོ་གླེང་འཚོག་བཞིན་པ། ༢༠༢༥།༡༡།༡ ཐད་གཏོང་ནས་པར་བླངས།

དེ་རིང་ཕྱི་ཚེས་ ༡ ཉིན་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་བསྟི་གནས་ཁང་གི་གོ་སྒྲིག་འོག ༸གོང་ས་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དང་བྱམས་བརྩེའི་ལོ་སྲུང་གཙི་དང་འབྲེལ་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་ཆེད་དོན་བགྲོ་གླེང་འཚོགས་སོང་། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་། དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག ཆེ་བསྟོད་སྐུ་མགྲོན་བོད་མི་མང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་ཡེ་ཤེས་དབང་མོ་མཆོག་གི་དབུས་ཁྱད་མཁས་མི་སྣ་དང་ཚོགས་བཅར་བ་བཅས་འཛོམས་འདུག

ཐོག་མར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་བསྟི་གནས་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ངག་དབང་རབ་རྒྱས་ལགས་ཀྱིས་ཕེབས་བསུའི་གཏམ་བཤད་གནང་གྲུབ་མཚམས། ཚོགས་པའི་འགན་འཛིན་བསོད་ནམས་དཔལ་ལྡན་ལགས་ཀྱིས། འདི་ལོ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གོ་སྟོན་དང་བྱམས་བརྩེའི་ལོ་སྲུང་གཙི་ཞུ་ཡི་ཡོད་པ་ལྟར། དབུས་བོད་མིའི་སྒྲིག་འཛུགས་གཙོས་པའི་བོད་མིའི་ཚོགས་སྡེ་ཁག་དང་དགོན་སྡེ་ཁག སློབ་གྲྭ་ཁག མི་སྒེར་སོ་སོའི་ངོས་ནས་གོ་སྟོན་དང་འབྲེལ་བའི་ལས་རིམ་དང་སྤྱི་ཚོགས་ཞབས་ཞུའི་ལས་འཆར་མང་པོ་ཞིག་བསྒྲུབས་དང་སྒྲུབ་བཞིན་པ་རེད། དེར་བརྟེན་ལྷ་སྤྱི་ཚོགས་ཞབས་ཞུ་ཁང་གིས་ད་ལོའི་གོ་སྐབས་འདི་དང་བསྟུན་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་གྱི་ཆ་ཤས་ཆུང་ཤས་ཙམ་ཞིག་འགྲུབ་ཐུབ་རྒྱུའི་ཆེད་དུ་དེ་རིང་གི་༸རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་ཁྱད་མཁས་མི་སྣའི་ཆེད་དོན་བགྲོ་གླེང་གོ་སྒྲིག་ཞུ་རྒྱུ་བྱུང་། ཞེས་དང་། ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་བསྟི་གནས་ཁང་གི་འབྱུང་རིམ་དང་ལོ་རྒྱུས་སོགས་ངོ་སྤྲོད་གནང་སོང་།

དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་བཞིན་པ། ༢༠༢༥།༡༡།༡ ཐད་གཏོང་ནས་པར་བླངས།

དམིགས་བསལ་སྐུ་མགྲོན་བཀའ་ཟུར་ཐུབ་བསྟན་ལུང་རིགས་མཆོག་གིས། དེ་རིང་གི་བགྲོ་གླེང་གི་བརྗོད་གཞི་དེ་དག་དོན་སྙིང་ལྡན་པ་ཞིག་དང་། དུས་ཚོད་ཀྱི་ཆ་ནས་དགོས་མཁོར་འཚམ་པ་དང་དུས་ལ་བབས་པ་ཞིག་བྱུང་འདུག་བསམ་སོང་། དེར་བརྟེན་དམིགས་བསལ་གྱིས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་དགོངས་པ་སྔོན་ལ་རྫོགས་པ་དང་། སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མདོ་སྨད་ཡུལ་དུ་སྐུ་འཁྲུངས་པ་དེ་དག་ང་ཚོ་བོད་པའི་འབྱུང་འགྱུར་གྱི་གནས་ཚུལ་མང་པོ་ཞིག་ལ་དགོངས་པ་བཞེས་ཏེ་བྱུང་བ་ཞིག་ཡིན་པ་ཚང་མས་གསལ་པོ་མཁྱེན་ཐུབ་པ་ཆགས་ཡོད་པ་རེད་བསམ་གྱི་འདུག ལྷག་པར་དུ་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་དེ་དག་ལས་སླ་པོ་དང་བཀྲ་ཤིས་པོའི་ཐོག་ནས་བྱུང་མེད། འོན་ཀྱང་། ༸གོང་ས་མཆོག་གིས་དགུང་ལོ་ ༡༦ ཐོག་ཆབ་སྲིད་ཀྱི་ཐུགས་འགན་ཆ་ཚང་བཞེས་ཏེ། ཞི་འགྲིག་ཡོང་རྒྱུའི་དགོངས་པ་བཞེས་རྒྱུ་དང་ཐབས་ཤེས་གནང་རྒྱུ། མཐའ་མ་ང་ཚོ་བཙན་བྱོལ་དུ་འབྱོར་ཐུབ་པ་སོགས་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། དེ་བཞིན་༸གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་གནང་བ་ནས་བཟུང་ནང་ཆོས་ཟེར་བ་གང་འདྲ་ཞིག་ཡིན་པ་གཞི་ནས་གསལ་པོ་ཞིག་ཚང་མས་གོ་རྟོགས་ཡོང་བ་དང་། ད་ལྟའི་ཆར་ཆོས་ལུགས་ཚང་མ་མཐུན་སྒྲིལ་ཡོང་བ་སོགས་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་རེད། ཅེས་གསུངས།

ཡང་བཀའ་ཟུར་མཆོག་གིས། ལྷག་པར་དུ་རྒྱལ་སྤྱིའི་ནང་ཆ་བཞག་ན། བོད་ཟེར་བ་དེ་གོ་ཐོས་མ་བྱུང་བ་ཞིག་ཡིན་ཡང་། ད་ལྟའི་ཆར་རྒྱལ་སྤྱིའི་ནང་ས་ཁྱབ་རྡོ་ཁྱབ་ཆགས་པ་དེའང་༸མགོན་པོ་གང་ཉིད་མཆོག་གི་མཛད་པ་འཕྲིན་ལས་དང་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པ་དེ་དག་གི་ཐོག་ནས་༸མགོན་པོ་གང་ཉིད་མཆོག་ང་ཚོར་གལ་གནད་ཇི་ཙམ་ཆགས་ཀྱི་ཡོད་པ་གསལ་པོ་རེད། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་ཆ་ཚང་ང་ཚོར་གསོལ་རས་གནང་བ་རེད། གསོལ་རས་གནང་བའི་སྐབས་བཀའ་ལྕི་མོ་ཞིག་ཕེབས་ཏེ། ཡར་གསོལ་བ་བཏབ་རུང་མ་གསན་པར་མ་འོངས་པར་མི་གཅིག་ལ་བརྟེན་དགོས་པ་ཞིག་མ་ཡིན་པ་དང་། མང་ཚོགས་ཀྱིས་འོས་བསྡུ་བྱས་པའི་ལས་ཀྱི་སྣེ་མོ་བས་འགན་འཁུར་དགོས་པ་དང་། བཅའ་ཁྲིམས་བསྐྱར་བཅོས་བྱེད་དགོས་པ་སོགས་བཀའ་ཕེབས་པ་ལྟར། ང་ཚོས་བཅའ་ཁྲིམས་བསྐྱར་བཅོས་བྱས་ཏེ་འཛིན་སྐྱོང་དང་དེའི་འགན་ཆ་ཚང་ལས་ཀྱི་སྣེ་མོ་བར་ཡོད་པ་གཏན་ལ་ཕབ་པ་རེད། ཅེས་དང་། དེ་རིང་གི་བརྗོད་གཞི་དེའི་ཐོག་ལ་བགྲོ་གླེང་གནང་བའི་རྗེས་སུ་གྲུབ་དོན་དེ་མང་ཚོགས་ནང་ལ་ཁྱབ་ཐུབ་རྒྱུ་དང་། མང་ཚོགས་ཀྱིས་༸གོང་ས་མཆོག་བོད་མི་རྣམས་ལ་གལ་གནད་ཇི་ཙམ་ཆགས་ཀྱི་ཡོད་པ་དང་། འབྲེལ་བ་གང་འདྲ་ཆགས་ཀྱི་ཡོད་པ་སོགས་ཤེས་རྟོགས་དགོས་སྐོར་དང་། ད་ལན་གྱི་བགྲོ་གླེང་གི་གྲུབ་དོན་གྱི་ཐོག་ནས་ཚང་མ་རྡོག་རྩ་གཅིག་སྒྲིལ་ཡོང་ཐུབ་རྒྱུའི་ཐོག་ལ་ཕྱག་ལས་གནང་ཐུབ་རྒྱུའི་རེ་བ་ཞུ་ཡི་ཡོད་སྐོར་སོགས་གསུངས་སོང་།

སྐུ་མགྲོན་གཙོ་བོ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས་གསུང་བཤད་གནང་བཞིན་པ། ༢༠༢༥།༡༡།༡ ཐད་གཏོང་ནས་པར་བླངས།

སྐུ་མགྲོན་གཙོ་བོ་སྲིད་ཚབ་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་གིས། དེ་རིང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྩ་བའི་བླ་མ་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་འབྲེལ་ནས་ཁོང་ང་ཚོར་བཀའ་དྲིན་ཆེན་པོ་ག་ཚོད་ཡིན་མིན་སྐོར་ལ་ཞུ་དགོས་དུས་ཁག་པོ་འདུག་སྟེ། ང་ཚོ་ཚང་མས་ཁོང་བཀའ་དྲིན་ཆེན་པོ་ཡིན་པ་ཤོད་ཀྱི་ཡོད་སྟབས། ཁོང་གིས་ད་ལྟའི་བར་དུ་སྐུ་ལས་བསྐྱོན་ནས་བསྐྱངས་ཡོད་པའི་ལས་དོན་དག་མཇུག་སྐྱོང་དགོས་པ་དང་དོན་ཕན་ཡོང་བ་ཞིག་བྱེད་དགོས་ཀྱི་འདུག དེ་ཡང་བཙན་བྱོལ་ནང་ཡོད་པའི་བོད་མི་སྦར་མོ་གང་ཙམ་མིན་པར་བོད་ནང་དུ་བཞུགས་པའི་བོད་མི་ཡོངས་ལའང་བདེ་སྐྱིད་ཡོང་བ། བོད་ཀྱི་བདེན་མཐའ་གསལ་བ་དང་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་གྱི་ཆེད་དུ་ཁོང་ནང་བཞིན་ཞིག་མི་ཡོང་ནའང་ང་ཚོས་རང་ཉིད་ཀྱི་འཇོན་ཚོད་དཔག་ཚོད་བཞིན་ཤུགས་བསྐྱོན་རྒྱུ་གལ་ཆེན་ཡིན། ཞེས་དང་། ང་ཚོ་བཙན་བྱོལ་ནང་ཡོད་པ་ཚོས་གཞན་ལ་རྒན་བདག་འཐོན་རྒྱུ་མ་ཡིན་པར་རང་གིས་རང་ཉིད་ལ་རྒན་བདག་བྱེད་པའི་དུས་ཚོད་ཅིག་བསླེབས་ཡོད་པ་མཐོང་གི་འདུག ངས་དེ་སྔ་ནས་རང་བསྟོད་དང་གཞན་སྨད་བྱས་ནས་བསྡད་ན་ང་ཚོའི་སྤྱི་ཚོགས་ལ་ཕན་ཐོགས་གང་ཡང་མི་འདུག་ཅེས་ཞུས་མྱོང་། རང་ཉིད་ཡག་པོ་ཡོད་ཚེ་གཞན་ཡང་ཡག་པོ་ཡོང་བའི་ཆེད་དུ་ག་རེ་གནང་དགོས་པ་དེ་གནང་དགོས་ཀྱི་འདུག་མ་གཏོགས། ང་ཡག་པོ་དང་དད་པ་ཆེན་པོ་ཡིན་པ་དང་ཁོ་ཅིག་ཅིག་རེད་མདོག་མདོག་བཤད་བསྡད་ན་ཕན་ཐོགས་མི་འདུག  བཀའ་དྲིན་རྗེས་དྲན་དངོས་གནས་ཤིག་དྲན་གྱི་ཡོད་ཚེ། ༸སྐྱབས་མགོན་རིན་པོ་ཆེས་སྐུ་ཚེ་ཧྲིལ་བོར་སྐུ་ལས་གང་དང་གང་བསྐྱོན་པར་བསམ་བློ་གཏོང་རྒྱུ་གལ་ཆེན་ཡིན། ང་ལྟ་བུ་བཙན་བྱོལ་ནང་སྐྱེས་པའི་བོད་མི་དཀྱུས་མ་ཞིག་གི་ངོས་ནས་བཤད་པ་ཡིན་ནའང་། རྒྱ་གར་གཞུང་དང་རྒྱ་གར་གྱི་སྲིད་བློན་དམ་པ་ནེ་རུ་མཆོག་སོགས་ང་ཚོ་བོད་ལ་དཔེ་མི་སྲིད་པའི་བཀའ་དྲིན་ཆེན་པོ་རེད། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་པ་དང་༸གོང་ས་མཆོག་དགུང་གྲངས་ཉི་ཤུ་ཙམ་ནས་རྒྱལ་ཁབ་གཞན་ལ་ཕེབས་དུས་མི་མང་སྐྱབས་བཅོལ་བ་བྱས་ནས་འཁྲིད་ཐུབ་པ་སོགས་ད་ལྟ་ཡོད་བསྡད་པའི་གཞི་རྟེན་འདི་རིམ་པ་རིམ་པ་བྱས་ཡོང་བ་རེད་མ་གཏོགས་ཉིན་གཅིག་ལ་བྱུང་བ་དེ་འདྲ་མ་རེད། སྐུ་ལས་མ་བྱུང་བ་དེ་འདྲ་མ་རེད་ལ་ཡིན་ཤག་ཤག་བྱ་རྒྱུ་ཡོད་པ་དེ་འདྲ་ཞིག་རེད་མི་འདུག ཅེས་གསུངས།

ཡང་བཀའ་བློན་མཆོག་གིས། ༸སྐྱབས་མགོན་རིན་པོ་ཆེས་ངོས་ཀྱི་མི་མང་དང་རྒྱབ་ཁབ་ཆེད་དུ་སྐད་ཆ་དང་ལས་ཀ་བྱེད་མི་ཆོག་ཚེ། ངོས་འདིར་བསྡད་ནའང་ཁྱད་པར་གང་ཡང་མེད་པའི་བཀལ་མོལ་གསུངས་མྱོང་ཡོད་པ་དང་། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་དང་འབྲེལ་བའི་གྲོས་ཆོད་གསུམ་བཞག་ཐུབ་ཡོད། དེ་ཚོ་ཧ་ལས་པའི་གལ་ཆེན་པོ་རེད། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་བོད་ཀྱི་གནས་བབ་གང་ཡིན་པ་དག་དང་ད་ལྟ་ང་ཚོས་མཇུག་སྐྱོང་བཞིན་པ་དང་བཤད་བསྡད་པ་ཚང་མ་བོད་དོན་རྒྱབ་སྐྱོར་བ་དང་བོད་ཀྱི་གྲོགས་པོ་ཡིན་པ་ཚང་མ་བརྒྱ་ཆ་དགུ་ཅུ་གོ་དགུ་༸གོང་ས་མཆོག་དང་ཐད་ཀར་འབྲེལ་བ་ཡོད་པ་ཡིན་སྟབས། རྒྱལ་ཁབ་དང་མི་སུ་འདྲ་ཞིག་ཡིན་རུང་ཚང་མ་༸གོང་ས་མཆོག་ལ་བརྟེན་ནས་བྱུང་བ་རེད། ང་ཚོས་དེ་དག་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། དེར་བརྟེན་དུས་ཚོད་མང་པོ་མེད་དུས། ང་ཚོས་གཟབ་གཟབ་བྱེད་དགོས་པ་དང་ནང་ཁུལ་འཆམ་མཐུན་བྱེད་དགོས་རེད། ཅེས་གསུངས་སོང་།

༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་གངས་ཅན་བོད་མིའི་བར་གྱི་འདོར་ཐབས་མེད་པའི་འོས་འགན་དང་དད་དམ་སྐོར་གསུང་བཤད་གནང་བཞིན་པ། ༢༠༢༥།༡༡།༡ ཐད་གཏོང་ནས་པར་བླངས།

བདག་ཉིད་ཆེན་པོ་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་གངས་ཅན་བོད་མིའི་བར་གྱི་འདོར་ཐབས་མེད་པའི་འོས་འགན་དང་དད་དམ་སྐོར་གསུང་འཕྲིན་གནང་བ་བརྙན་པར་བརྒྱུད་གཟིགས་འབུལ་ཞུས་པའི་ནང་། ང་ཚོ་བོད་མི་ཡོངས་ཀྱི་ལས་འགན་ནི་འགྲོ་བ་མིའི་བདེ་སྐྱིད་སྲུང་སྐྱོབ་བྱ་རྒྱུ་དེ་རེད། དེ་ཡང་འཚེ་བ་མེད་པའི་སྤྱོད་པ་ལ་བརྟེན་ནས་བདེ་སྐྱིད་སྲུང་སྐྱོབ་བྱེད་དགོས། དེར་བརྟེན་ང་ཚོ་ཚང་མ་འཚེ་མེད་ཞི་བའི་སྤྱོད་པ་ལ་གནས་ཐུབ་པ་ཞིག་དང་། འཚེ་བ་བཀག་པ་ཙམ་མ་ཡིན་པར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་དང་ཉམས་ལེན་བྱེད་དགོས། ༸གོང་ས་མཆོག་གི་གོ་སྟོན་གྱི་ལོ་འཁོར་སྲུང་གཙི་ཞུས་པ་དེ་ལའང་བྱམས་བརྩེའི་ལོ་ཞེས་མིང་བཏགས་པ་དེ་དོན་དང་ལྡན་པ་ཞིག་རེད། འོན་ཀྱང་། མིང་བཏགས་པ་ཙམ་དུ་མིན་པར་རང་གི་རྒྱུད་ལ་ངེས་པར་དུ་བྱམས་པ་དང་བརྩེ་བའི་བསམ་བློ་བསླེབས་ཐུབ་པ་བྱ་རྒྱུ་དེ་ང་ཚོའི་འོས་འགན་རེད། འོས་འགན་འདི་ཡག་པོ་བསྒྲུབས་ཐུབ་པ་ཡིན་ན་རང་ཤུགས་ལ་དད་པ་དང་དམ་ཚིག་མ་ཉམས་པར་ཡོང་གི་རེད། འཇིག་རྟེན་སྤྱི་ཡོངས་ལ་གྲུབ་པའི་ལས་འགན་དེ་ངོ་ཤེས་པར་བྱས་ཏེ་ཚུལ་བཞིན་དུ་འགྲུབ་རྒྱུའི་འབད་བརྩོན་བྱེད་ན། ༸གོང་ས་མཆོག་དང་དམ་ཚིག་འགལ་རྒྱུ་མེད། དམ་ཚིག་མ་འགལ་བ་ཡིན་ན་དད་པ་ཉམས་རྒྱུ་མེད། དད་པ་མ་ཉམས་པ་དེ་དམ་ཚིག་མ་ཉམས་པའི་རྒྱུ་ལ་ཆགས་ཀྱི་རེད། དམ་ཚིག་མ་ཉམས་པ་དེ་ལ་བརྟེན་ནས་དད་པ་གོང་འཕེལ་འགྲོ་ཡི་རེད། དེར་བརྟེན་ང་ཚོའི་འོས་འགན་ནི་འཇིག་རྟེན་སྤྱི་ཡོངས་ལ་གྲུབ་པའི་ལས་འགན་དེ་འགྲུབ་དགོས་གལ་ཆེན་པོ་རེད། འཇིག་རྟེན་སྤྱི་ཡོངས་ལ་གྲུབ་པའི་ལས་འགན་འགྲུབ་ཟེར་དུས་ཕན་ཚུན་བྱམས་བརྩེའི་སྒོ་ནས་འཆམ་མཐུན་བྱ་རྒྱུ་དེ་རེད། ཅེས་དང་། གཅིག་གིས་གཅིག་ལ་བྱམས་པ་དང་བརྩེ་བ་ཡོད་ན་འཐབ་རྩོད་མེད་པ་ཆགས་ཏེ་གཅིག་སྒྲིལ་རང་བཞིན་གྱིས་ཡོང་གི་ཡོད་སྐོར་དང་། འདོར་ཐབས་མེད་པའི་ལས་འགན་ནི་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་རྣམས་ཚུལ་བཞིན་དུ་འགྲུབ་རྒྱུ་དང་། ཚུལ་བཞིན་དུ་འགྲུབ་པའི་སྐབས་སྐྱེས་བུ་གཞན་སུ་ལའང་གནོད་སེམས་དང་ཁོང་ཁྲོ་ལ་སོགས་པའི་ཉོན་མོངས་ཀྱི་དབང་དུ་མ་སོང་བར། ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པའི་ཐོག་ལ་ག་ཚོད་ཐུབ་ཐུབ་ཀྱིས་འབད་བརྩོན་བྱ་དགོས་སྐོར་དང་། དེ་ལ་བརྟེན་ནས་༸གོང་ས་མཆོག་ལ་དད་པ་དང་དམ་ཚིག་མ་འགལ་བ་ཡོང་གི་རེད་བསམ་གྱི་ཡོད་སྐོར་གསུངས་སོང་།

ཐེངས་འདིའི་ཁྱད་མཁས་མི་སྣའི་བགྲོ་གླེང་ཐོག དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་༸གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་བོད་ཀྱི་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གསར་འཛུགས་ཀྱི་དགོངས་གཞི་དང་གལ་གནད་སྐོར་དང་། སྐུའི་གསུང་འབུམ་ཞུ་སྒྲིག་པ་དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་ལགས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་རྩོམ་དང་དེའི་གལ་གནད་སྐོར། དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཚན་རིག་དང་ནང་ཆོས་དབར་འབྲེལ་ལམ་གསར་གཏོད་ཀྱིས་བོད་བརྒྱུད་ནང་བསྟན་ལ་ཕན་འབྲས། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ངེས་སྟོན་པ་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ཀྱིས་རྒྱལ་སྤྱིའི་འགྱུར་འགྲོས་དང་བསྟུན་ནས་འབྱུང་འགྱུར་བོད་ཀྱི་གནས་བབ་ཐོག་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱི་གལ་གནད། ས་རཱ་བོད་ཀྱི་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་གཙང་ཕྲུག་སྟོན་ལགས་ཀྱིས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྒྲིག་འཛུགས་ཀྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐོག་ཁྱབ་ཚད་དང་ཤུགས་རྐྱེན། ས་རཱ་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་འབུམ་རམས་པ་བསོད་ནམས་རྒྱལ་མཚན་ལགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དོན་ཚན་དང་པོ་ནང་འཁོད་པའི་༸གོང་ས་མཆོག་གི་མཚན་གནས་ཁག་གི་གལ་གནད་དང་འབྱུང་འགྱུར་གྱི་གནས་བབས་ཐད་གསུང་བཤད་དང་བགྲོ་གླེང་གནང་བཞིན་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ་དང་། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

༢༠༢༦/༠༤/༢༥
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese