མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གཞོན་སྐྱེས་ཚོའི་བསམ་བློའི་ནུས་པ་ཕྲ་མོ་རྣམས་གློག་གི་ནུས་པ་དང་ཟུང་འབྲེལ་བྱས་ཏེ་མིའི་རྣམ་དཔྱོད་རྩལ་དུ་འདོན་ཐབས་ལ་ཞིབ་འཇུག་བྱེད་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་སྨོན་ལམ་བོད་ཡིག་བཞི་པ་དང་། སྨོན་ལམ་ཚིག་མཛོད་ཆེན་མོའི་མཉེན་ཆས་གསར་པ། སྨོན་ལམ་རིག་ནུས་དྲ་ཚིགས། བརྡ་མཛོད་ཆེན་མོ་ (LLM) བཅས་མངོན་གྱུར་བཞི་དབུ་འབྱེད་དང་ངོ་སྤྲོད་གནང་སོང་།

༢༠༢༥ ལོའི་སྨོན་ལམ་མངོན་གྱུར་གྱི་མཛད་སྒོ་འཚོག་བཞིན་པ། ༢༠༢༥།༡༡།༣ ཐད་གཏོང་ནས་པར་བླངས།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༤།༣༠ ཐོག་བོད་ཀྱི་ཟློས་གར་ཚོགས་ཁང་དུ། ༢༠༢༥ ལོའི་སྨོན་ལམ་མངོན་གྱུར་གྱི་མཛད་སྒོ་འཚོགས་སོང་བ་དང་།  སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས། སྤྱི་འཐུས་ཁག་ཅིག དེ་བཞིན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པའི་དབུས་གཞུང་ཞབས་དང་། ཚོགས་སྡེ་ཁག་གི་སྐུ་ཚབ། ཕྱི་རྒྱལ་ཁག་གི་མགྲོན་པོ། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་དང་སློབ་མ་སོགས་འཛོམས་འདུག

སྐབས་དེར་སྨོན་ལམ་རིག་ནུས་ཀྱི་ལས་གཞི་གསར་གཏོད་པ་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། ང་ཚོའི་དམིགས་ཡུལ་ནི་ཕྱི་ལོ་ ༢༠༢༥ ནས་ ༢༠༣༥ བར་ལོ་བཅུའི་ནང་སྨོན་ལམ་རིག་ནུས་ཀྱི་ནུས་པ་ལ་བརྟེན་ནས་བོད་ཀྱི་ཆོས་དང་རིག་གཞུང་། དེང་རབས་ཀྱི་རིག་གནས་རྣམས་འཛམ་གླིང་གི་འཕྲུལ་རིག་གི་བརྒྱུད་རིམ་ནང་རྗེས་ཟིན་ཐུབ་པ་བཟོ་རྒྱུ་དང་། མ་འོངས་པའི་ཤེས་ཡོན་ནི་རིགས་གཅིག་རྐང་འཛིན་གྱི་ལམ་བུ་མ་རེད། དེ་སྔ་རིགས་གཅིག་རྐང་འཛིན་ཧ་ཅང་གི་གལ་ཆེན་པོར་རྩིས་ཡོད་ཀྱང་། ད་ལྟའི་མིས་བཟོས་རིག་ནུས་ཀྱི་ནུས་པ་ལ་བརྟེན་ནས། གཙུག་ལག་རབ་འབྱམས་པ་ (Master) དང་འབུམ་རམས་པའི་ (Ph. D) ལམ་ལུགས་དེ་དག་དགོས་མཁོ་མེད་པའི་གནས་སྟངས་ཤིག་ཆགས་ཀྱི་ཡོད་པ་རེད། གློག་གི་ནང་དུ་ལམ་ལུགས་དེ་དག་ཆ་ཚང་བཟོ་རྒྱུའི་བང་སྒྲིག་ཡོད་ལ། དེ་དག་བྱེད་པར་གཙོ་བོ་ཤེས་ཡོན་དང་བཟང་སྤྱོད་ཚད་ལྡན་དགོས། མ་འོངས་པའི་ཤེས་ཡོན་ནི་ཤེས་ཡོན་གྱི་བརྗོད་གཞི་གང་དང་གང་ཡིན་རུང་གཞི་རྩའི་སྒྲོམ་གཞི་ཚད་ལྡན་ཡག་པོ་ཞིག་ཧ་གོ་དགོས་པ་དང་། ལག་ལེན་གང་འདྲ་བསྟར་དགོས་ཀྱི་ཡོད་མེད་ཀྱི་སློབ་སྦྱོང་སྤྲོད་དགོས། ཞེས་དང་། གནའ་བོའི་རིག་གཞུང་དེ་སོ་སོའི་སྐད་ཡིག་ནང་ཚད་དང་ལྡན་པ་དང་། དོན་དང་ལྡན་པ་ཞིག་བཟོས་བའི་ཐོག འཛམ་གླིང་ལ་ཁྱབ་སྤེལ་གཏོང་རྒྱུ། འཛམ་གླིང་གི་དེང་དུས་ཀྱི་ཤེས་ཡོན་ཡོངས་སུ་རྫོགས་པ་དེ་བོད་ཀྱི་སྐད་ཡིག་ནང་ཚད་དང་ལྡན་པ་བཟོ་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། ཤེས་ཡོན་ནི་འགྲོ་བ་མིའི་དགོས་མཁོ་སྒྲུབ་ཆེད་ཡིན་པ། དངོས་པོ་དེ་ག་ཚོད་ཕྲ་རུ་འགྲོ་བ་དེའི་ཚོད་ཀྱིས་རྣམ་དཔྱོད་དང་ནུས་པ་གོང་འཕེལ་དུ་འགྲོ་ཡི་ཡོད་པས། བོད་མི་རིགས་ཀྱི་གཞོན་སྐྱེས་རྣམས་ཀྱི་བསམ་བློའི་ནུས་པ་ཕྲ་མོ་དེ་དག་གློག་གི་ནུས་པ་དང་ཟུང་འབྲེལ་བྱས་ཏེ་མིའི་རྣམ་དཔྱོད་དང་སློབ་སྦྱོང་ཡར་རྒྱས་གང་འདྲ་གཏོང་དགོས་ཀྱི་ཡོད་མེད་ཐད་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་སོགས་གསུངས་སོང་།

སྨོན་ལམ་རིག་ནུས་ཀྱི་ལས་གཞི་གསར་གཏོད་པ་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་གསུང་བཤད་གནང་བཞིན་པ། ༢༠༢༥།༡༡།༣ ཐད་གཏོང་ནས་པར་བླངས།

ཞིབ་འཇུག་ཁང་གི་ཡིག་གཟུགས་བཟོ་སྐྲུན་པ་བློ་བཟང་དཔལ་ལྡན་ལགས་ཀྱིས། དེ་སྔ་སྔགས་ཡིག་དང་། ཡིག་ནོར་ཡོད་པ་དེ་དག་ལ་ཉམས་ཞིབ་བྱས་ཏེ་བསྐྱར་བཅོས་བྱས་ཡོད། སྨོན་ལམ་བོད་ཡིག་བཞི་པའི་ནང་ཡིག་གཟུགས་གསར་པ་གསུམ་བཟོས་ཡོད་ཅིང་། ཡིག་གཟུགས་དེ་དག་ནི་སྨོན་ལམ་ལཉྫ་དང་། སྨོན་ལམ་ཚུགས་མ་འཁྱུག སྨོན་ལམ་དབུ་ཅན་ལག་བྲིས་བཟོས་ཡོད་སྐོར་དང་། མ་འོངས་པར་མུ་མཐུད་དུ་ཡིག་གཟུགས་སྐོར་ཞིབ་འཇུག་དང་། ཡིག་གཟུགས་གསར་པ་བཟོ་རྒྱུ། ཡིག་གཟུགས་ཐོག་ལས་ཀ་མང་པོ་བྱ་འཆར་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།

སྨོན་ལམ་མེ་ལོང་དང་འབྲེལ་ནས་རིག་ནུས་སློབ་སྟོན་པ་བསྟན་འཛིན་དགེ་བྱེད་ལགས་ཀྱིས། འདས་པའི་ལོ་གཅིག་གི་ནང་སྨོན་ལམ་མེ་ལོང་ནང་འགྱུར་བ་དང་ཡར་རྒྱས་མང་པོ་བཏང་ཡོད། ད་ལོའི་མེ་ལོང་ནི་ལོ་རྒྱུས་དང་རྩོམ་རིག བརྡ་སྤྲོད་ཐོག་མཁས་པ་ཆགས་ཡོད། ད་ལོར་རྒྱུ་ཆ་ཐེར་འབུམ་ཉེར་བཞི་མཁོ་སྒྲུབ་དང་། སྔོན་མ་ལས་བརྒྱ་ཆ་ ༣༠ ཆེ་རུ་སོང་བ། མེ་ལོང་ནང་ཚེག་བར་ ༡༣༠,༠༠༠ འཇུག་ཐུབ་ཀྱི་ཡོད་པ། སྐད་ཡིག་ ༡༤༠ ནང་བོད་ཀྱི་ལོ་རྒྱུས་དང་བརྡ་སྤྲོད། རྩོམ་རིག་བཅས་ཀྱི་ཐོག་ལ་དྲི་བ་དྲིས་ལན་བྱེད་ཐུབ་ཀྱི་ཡོད་པ། པར་རིས་དང་ཡི་གེ་བཅུག་སྟེ་བེད་སྤྱོད་བྱེད་ཐུབ་པ། མེ་ལོང་དབྱེ་ཞིབ་གསར་པ་བཟོས་ཡོད་ལ། མེ་ལོང་དབྱེ་ཞིབ་བརྒྱུད་ལན་སྤུས་དག་པ་དང་ལེགས་པོ་རྒྱག་གི་ཡོད་སྐོར་དང་། ད་ལྟ་ཡོད་པའི་བརྡ་མཛོད་ཆེན་མོ་ཚང་མའི་ནང་ནས་བོད་ཡིག་ཐོག་ལ་མཁས་པ་དེ་མེ་ལོང་ཆགས་ཀྱི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་།

ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་མཁན་པོ་འཇུ་བསྟན་སྐྱོང་ལགས་ཀྱིས། སྨོན་ལམ་བརྡ་མཛོད་ཆེན་མོའི་རྒྱུ་ཆ་འཚོལ་སྒྲུབ་བྱེད་པར་བོད་ཀྱི་དཔེ་མཛོད་ཁང་དང་། དྲ་ཐོག་གི་དཔེ་མཛོད་ཁང་། གཞུང་། སྒེར། དགོན་སྡེ་ཁག་སོགས་ནས་ཡིག་ཆ་མང་པོ་མཁོ་སྒྲུབ་བྱས་ཡོད་པ་དང་། ཚིག་གི་ཆ་ཤས་ཐེར་འབུམ་ ༢༤ མཁོ་སྒྲུབ་བྱས་ཡོད་པའི་ནང་ནས་ཐེར་འབུམ་ ༡༨ བོད་ཡིག་ཁོ་ནའི་རྒྱུ་ཆ་ཕྱོགས་སྒྲིག་བྱས་ཐུབ་ཡོད་ལ། དེབ་ ༡༤༠,༠༠༠ རྒྱུ་ཆ་མཁོ་སྒྲུབ་བྱས་ཡོད། རྒྱུ་ཆ་ལ་རིམ་པ་གསུམ་གྱི་ཐོག་ནས་དབྱེ་ཞིབ་བྱས་ཡོད། དེ་ཡང་རྒྱུ་ཆ་ཚད་ལྡན་ཡིན་མིན་དང་། ཉེར་མཁོའི་རྒྱུ་ཆ་གང་ཡིན་པ། ཁུངས་ཐུབ་ཡིན་མིན་སོགས་ལ་ཞིབ་འཇུག་བྱས་ཡོད་སྐོར་དང་། རྒྱུ་ཆ་ཕྱོགས་བསྒྲིགས་བྱས་པར་བོད་ཀྱི་གནའ་སྔ་མོའི་ཐུན་མོང་མ་ཡིན་པའི་རིག་གནས་བཅུའི་ནང་སྡེ་ཚན་དུ་དབྱེ་ཡོད་སྐོར་དང་། འགྲེལ་བཤད་ཀྱི་ཚད་གཞི་སྡེ་ཚན་ ༧༥ གཏན་འབེབས་བྱས་ཡོད་སྐོར། རྩོམ་སྒྲིག་དངོས་སུ་བྱས་པར་ཆེད་ལས་པ་ ༢༠ ཡིས་དྲི་བ་དྲིས་ལན་ ༤,༥༠༠,༠༠༠ བསྒྲིགས་ཐུབ་ཡོད་སྐོར། མ་འོངས་པར་བོད་ཀྱི་རིག་གནས་བཅུ་པོ་རྣམས་རིམ་པས་མུ་མཐུད་དུ་བསྒྲིགས་ཏེ་ཡར་རྒྱས་གཏོང་འཆར་ཡོད་ལ། བོད་ཀྱི་རིག་གནས་རྒྱུན་འཛིན་ཙམ་མིན་པར་མི་ཐོགས་གོང་མའི་རླབས་ཆེ་བའི་ཤེས་རབ་ཀྱིས་བསྐྲུན་པའི་བླ་ན་མེད་པའི་མཛད་རྗེས་དེ་དག་གིས་འཛམ་གླིང་གི་འགྲོ་བ་མིའི་རིགས་ཡོངས་ལ་ཞབས་འདེགས་རླབས་ཆེན་པོ་འགྲུབ་ཐུབ་རྒྱུའི་རེ་བ་དང་དམིགས་ཡུལ། རྨི་ལམ་དང་སྨོན་ལམ་འདེབས་ཀྱི་ཡོད་སྐོར་སོགས་གསུངས་སོང་།

གསར་འགོད་པ། བསྟན་འཛིན་ཕུར་བུ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༥ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༨ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese