མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་དང་རྒྱ་ནག་གི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

ད་ལྟའི་ཆར་ཉི་ཧོང་དང་རྒྱ་ནག་བར་ཐའེ་ཝན་གྱི་གནད་དོན་དང་འབྲེལ་ནས་རྩོད་རྙོག་ཆེར་འགྲོ་བཞིན་པ་དང་བསྟུན། ཕྱོགས་གཉིས་ནས་ཕན་ཚུན་གྱི་མི་མང་ལ་འགྲོ་འོང་སོགས་ཀྱི་ཐད་ཡིད་གཟབ་དང་དོགས་ཟོན་བྱ་དགོས་པའི་སྐུལ་མ་བྱས་འདུག

Chinese President Xi Jinping has taken umbrage with his Japanese counterpart, Sanae Takaichi, over her words regarding what an attack on Taiwan would mean for Japan. (Source photos by Ken Suzuki and Reuters)

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ཏུ་ཡོད་པའི་ཉི་ཧོང་གཞུང་ཚབ་ཁང་གིས་བརྡ་ཁྱབ་ཅིག་སྤེལ་ཏེ། རྒྱ་ནག་དང་ཉི་ཧོང་གི་འབྲེལ་ལམ་གྱི་གནས་སྟངས་དང་འབྲེལ་ནས་ད་ལྟ་རྒྱ་ནག་ཏུ་ཉི་ཧོང་བར་ལྟ་སྟངས་ཤིག་ཡོང་གི་ཡོད་པའི་གནས་སྟངས་འོག རྒྱ་ནག་ནང་གནས་པའི་ཉི་ཧོང་མི་མང་གིས། གལ་སྲིད་རང་ཉིད་ཀྱི་རྗེས་དང་ཉེ་འཁོར་སོགས་སུ་དོགས་གཞི་ཅན་གྱི་མི་སྒེར་དང་ཚོགས་པ་གང་རུང་མཐོང་ཚེ། འཕྲལ་དུ་ས་གནས་དེ་ནས་གཡོལ་ཐབས་བྱ་དགོས་པ་དང་། ཕྱིར་འགྲོ་སྐབས་དོགས་གཞི་ཅན་གྱི་མི་སྒེར་གྱི་ཉེ་སར་འགྲོ་བ་དང་། མི་ཚོགས་མང་པོ་ཡོད་སར་འགྲོ་བ། ཉི་ཧོང་གི་མི་སེར་གཞན་མང་པོ་ཡོད་སར་འགྲོ་བ་སོགས་ལ་གཟབ་དགོས། གལ་སྲིད་རང་ཉིད་ཀྱི་བདེ་འཇགས་ལ་ཉེན་ཁ་མཐོང་ཚེ་འཕྲལ་དུ་ཉི་ཧོང་གཞུང་ཚབ་ཁང་ལ་འབྲེལ་བ་བྱ་དགོས་སྐོར་སོགས་བརྗོད་འདུག་ལ། ཉི་ཧོང་གིས་བརྡ་ཁྱབ་དེ་ནི་ཆེད་དུ་མི་མང་གི་བདེ་འཇགས་ལ་དམིགས་པ་ཡིན་པའི་འགྲེལ་བརྗོད་བྱས་འདུག

དེ་བཞིན། ཁ་སང་རྒྱ་ནག་གཞུང་གིས། རྒྱ་ནག་ཏུ་སྟོན་འཆར་ཡོད་པའི་ཉི་ཧོང་གི་གློག་བརྙན་གྲགས་ཅན་གཉིས་རྒྱ་ནག་ནང་སྟོན་རྒྱུ་མཚམས་བཞག་ཡོད་ཅིང་། རྒྱ་ནག་དབུས་བརྙན་འཕྲིན་(CCTV) ལས་ཁུངས་ཀྱིས། དེ་ནི་རྒྱ་ནག་མི་མང་གི་སེམས་ཚོར་ལ་གཞིགས་ནས་ཐག་གཅོད་བྱས་པ་ཞིག་ཡིན་པར་བརྗོད་པ་མ་ཟད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་བདེ་འཇགས་ལ་དམིགས་ནས་རྒྱ་རིགས་མི་མང་ཚོ་འདི་ལོའི་ལོ་མཇུག་བར་ཉི་ཧོང་དུ་འགྲོ་རྒྱུ་མཚམས་འཇོག་དགོས་པ་དང་། འགྲོ་གཏན་ཁེལ་ཟིན་པའི་མི་མང་ལ་ལམ་གྲོན་སོགས་ཀྱི་འགྲོ་གྲོན་ཡོངས་གཞུང་ངོས་ནས་ཕྱིར་སློག་བྱ་རྒྱུ་ཡིན་པ་དང་དམིགས་བསལ་ཉི་ཧོང་དུ་སློབ་སྦྱོང་བྱེད་འཆར་ཡོད་པའི་རྒྱ་རིགས་ཚོས་བསམ་བློ་གཉིས་པ་གཏོང་དགོས་སྐོར་ལ་སྐུལ་མ་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༡༦ ནས་ ༢༡ བར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་འཚོགས་གཏན་ཁེལ་བའི་རྒྱ་ནག་དང་ཉི་ཧོང་གི་ལོ་འཁོར་གླེང་སྟེགས་དེ་རྒྱ་ནག་གི་གོ་སྒྲིག་པས་རེ་འདོད་ལྟར་ཕྱིར་འགྱངས་བྱས་ཡོད་པ་དང་། ལོ་འཁོར་ཚོགས་འདུ་དེ་ནི་རྒྱལ་ཁབ་གཉིས་བར་ཆབ་དཔལ་རིག་གསུམ་གྱི་གཙོས་གལ་གནད་ཆེ་བའི་གནད་དོན་མང་པོའི་ཐོག་གཞུང་འབྲེལ་མི་སྣ་དང་ཆེད་མཁས་པ་སོགས་ཀྱིས་བགྲོ་གླེང་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་གོང་འཕེལ་དང་མཉམ་ལས་རྒྱ་སྐྱེད་སོགས་ལ་དམིགས་པ་ཞིག་ཡིན་འདུག་ལ། ཕྱི་ལོ་ ༢༠༠༥ ནས་ཐོག་མར་མགོ་འཛུགས་བྱས་པའི་གླེང་སྟེགས་གལ་ཆེན་ཞིག་ཡིན་པ་རེད།

ཉི་ཧོང་དང་རྒྱ་ནག་བར་གྱི་རྩོད་རྙོག་དེ་ཟླ་འདིའི་ཕྱི་ཚེས་ ༧ ཉིན་ཉི་ཧོང་གྲོས་ཚོགས་སུ་ཉི་ཧོང་གི་སྲིད་བློན་གསར་པ་ལྕམ་ས་ནའེ་ཊ་ཀའེ་ཆི་ (Sanae Takaichi) ལགས་ཀྱིས། ཐེ་ཝན་ལ་དྲག་པོའི་དཔུང་འཇུག་བྱུང་ཚེ། དམག་དཔུང་བཀོལ་སྤྱོད་བྱེད་སྲིད་པའི་གཏམ་བཤད་གནང་བར་བརྟེན་ནས་བྱུང་ཞིག་ཡིན་པ་དང་། དེ་ཡང་ཕྱི་ལོ་ ༢༠༡༥ ལོར་གཏན་འབེབས་བྱས་པའི་ཉི་ཧོང་གི་བདེ་སྲུང་ཁྲིམས་ཡིག་ཅིག་ཏུ། ཉི་ཧོང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་དྲག་པོའི་དཔུང་འཇུག་བྱས་ཚེ། དེ་ནི་ཉི་ཧོང་གི་འཚོ་གནས་ལ་འཇིགས་སྐུལ་བྱས་པར་ངོས་འཛིན་བྱེད་པ་དང་། ཉི་ཧོང་གིས་རྒྱལ་སྲུང་མ་ལག་གི་འཐབ་འཁྲུག་གོ་མཚོན་བེད་སྤྱོད་བྱས་ཏེ་རྒོལ་ལན་བསློག་ཆོག་སྐོར་འཁོད་ཡོད་འདུག

རྒྱ་ནག་གིས་ལྕམ་ས་ནའེ་ཊ་ཀའེ་ཆི་ལགས་ཀྱི་ཐའེ་ཝན་དང་འབྲེལ་གཏམ་བཤད་དེ་ཕྱིར་འཐེན་བྱེད་པའི་དགོས་འདུན་བཏོན་པ་དང་། ཉི་ཧོང་གིས་ལྕམ་ས་ནའེ་ཊ་ཀའེ་ཆི་ལགས་ཀྱི་གཏམ་བཤད་དེ་ནི་ཚོད་དཔག་ཡིན་པ་དང་། ཉི་ཧོང་གིས་མུ་མཐུད་རྒྱལ་ཁབ་གཉིས་བར་བཞག་པའི་ཕྱི་ལོ་ ༡༩༧༢ ལོའི་གྲོས་མཐུན་ལ་འགྱུར་བ་གང་ཡང་མེད་པའི་ལན་འདེབས་བྱས་ཡོད་ཅིང་། གྲོས་མཐུན་དེའི་ནང་ཉི་ཧོང་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་རྒྱ་ནག་གི་གཞུང་ངོས་དེ་ཡིན་པར་ངོས་འཛིན་བྱེད་པ་དང་རྒྱ་ནག་གིས་ཐའེ་ཝན་དེ་ཁ་བྲལ་ཐབས་མེད་པའི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་གཙོ་འདོན་བྱས་པར་ཉི་ཧོང་གིས་ཀྱང་ལངས་ཕྱོགས་དེར་ངོས་ལེན་དང་བརྩི་བཀུར་བྱ་རྒྱུའི་ཁས་ལེན་བྱས་ཡོད་འདུག

སྤྱིར་ཉི་ཧོང་དང་རྒྱ་ནག་བར་ཕྱི་ལོ་ ༡༨༩༤ ནས་ ༡༨༩༥ བར་དམག་འཁྲུག་ཐེངས་དང་པོ་ཤོར་ཞིང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཏེ། ཕྱི་ལོ་ ༡༩༣༧ ནས་ ༡༩༤༥ བར་དམག་འཁྲུག་ཐེངས་གཉིས་པ་ཤོར། དམག་འཁྲུག་གཉིས་ཀྱི་ཁྲོད་དུ་རྒྱ་ནག་ལ་ཕམ་ཁ་ཆེན་པོ་བྱུང་བ་དང་དམག་འཁྲུག་དང་པོའི་སྐབས་ཉི་ཧོང་གིས་མན་ཇུའི་རྒྱལ་སྲིད་ཕམ་ཉེས་བཏང་སྟེ་ད་ལྟའི་ཐའེ་ཝན་གྱི་ས་ཁུལ་ལ་བདག་བཟུང་བྱས།  དམག་འཁྲུག་གཉིས་པའི་སྐབས་སུ་རྒྱ་ནག་གི་ས་ཁུལ་གཞན་དུའང་ཉི་ཧོང་གི་དབང་ཤུགས་རྒྱ་སྐྱེད་དུ་ཕྱིན་ཡོད་ལ། སྐབས་དེར་ཉི་ཧོང་དམག་དཔུང་གིས་རྒྱ་ནག་གི་དམག་མི་དང་མི་མང་སྡེབ་གསོད། བུད་མེད་ལ་བཙན་གཡེམ་བྱས་ཡོད་ཟེར་བའི་ནན་ཅི་དོན་རྐྱེན་ཆེན་མོ་ཟེར་བ་སོགས་བྱུང་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༢ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༤ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༥ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༥ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese