མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རུ་ན་ཅལ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་ཧམ་བཤད་ལ་རྒྱ་གར་གཞུང་གིས་རྒོལ་གཏམ་ནན་པོ་བསྒྲགས།

བོད་ཀྱི་དུས་བབ།
༢༠༢༥/༡༡/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་གྱི་ཧམ་བཤད་བྱས་ཏེ་དཀའ་རྙོག་བཟོས་པ་དེ་རྒྱལ་སྤྱིའི་མཁའ་འགྲུལ་ཁྲིམས་སྒྲིག་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་པའི་རྒོལ་གཏམ་བསྒྲགས།

རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་མའོ་ལིན་དང་རྒྱ་གར་གྱི་ཕྱི་འབྲེལ་མགྲིན་ཚབ་པ་སྐུ་ཞབས་རན་དྷིར།

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་ནས་ཡིན་ཞིང་དབྱིན་ཡུལ་དུ་གནས་སྡོད་བྱེད་བཞིན་པའི་པདྨ་དབང་འཛོམས་(Pema Wangjom ) ཞེས་པའི་བུད་མེད་ཅིག་རྒྱ་ནག་ཧྲང་ཧེ་གནམ་ཐང་བརྒྱུད་ཉི་ཧོང་དུ་འགྲོ་སྐབས། གནམ་ཐང་གི་ལས་བྱེད་པས་ཁོང་མོ་གནམ་ཐང་དུ་ཆུ་ཚོད་ ༡༨ ཙམ་རིང་བཀག་འགོག་བྱས་ཏེ། ཨ་རུ་ན་ཅལ་མངའ་སྡེ་ནི་རྒྱ་ནག་གི་ས་ཁོངས་ཡིན་པས་བུད་མེད་དེས་རྒྱ་ནག་གི་མི་སེར་ལག་འཁྱེར་བཟོ་དགོས་པ་སོགས་ཀྱི་ཧམ་བཤད་བྱས་པའི་གནད་དོན་དེ་རྒྱ་དཀར་ནག་བར་གྱི་གླེང་གཞི་ཆེ་ཤོས་ཤིག་ཆགས་བསྡད་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༥ ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱི་མགྲིན་ཚབ་པ་མའོ་ཉིང་(Mao Ning) ཟེར་བ་དེས་རྒྱུན་ལྡན་གསར་འགོད་གསལ་བསྒྲགས་ཤིག་གི་སྟེང་། བོད་ཀྱི་ལྷོ་རྒྱུད་ཨ་རུ་ན་ཅལ་མངའ་སྡེ་ནི་རྒྱ་ནག་གི་རང་སྐྱོང་གི་ས་ཁུལ་ཞིག་ཡིན་ཞིང་། རྒྱ་གར་གྱིས་ཁྲིམས་མཐུན་མིན་པའི་ཐོག་ནས་ཨ་རུ་ན་ཅལ་མངའ་སྡེ་ཞེས་འབོད་པར་ངོས་ལེན་གཏན་ནས་མེད། ང་ཚོས་ཤེས་རྟོགས་བྱུང་བ་ལྟར་ན། དུས་སྐབས་ཡོངས་སུ་རྒྱ་ནག་གི་ས་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་ཁྲིམས་དང་སྒྲིག་གཞི་ལྟར་ཞིབ་བཤེར་བྱས་པ་དང་། ཁྲིམས་ལག་བསྟར་བྱེད་སྟངས་དྲང་བདེན་དང་གདུག་རྩུབ་མེད་པ། འབྲེལ་ཡོད་མི་སྣའི་ཁྲིམས་མཐུན་གྱི་ཐོབ་ཐང་དང་ཁེ་ཕན་ཡོངས་སུ་སྲུང་སྐྱོབ་བྱས་ཡོད་པ་དང་། ཁོ་མོར་བཙན་ཤེད་ཀྱི་བྱ་སྤྱོད་གང་ཡང་སྤེལ་མེད་ལ། དེ་བཞིན་ “བཀག་ཉར་” བྱས་པ་དང་ “སུན་གཙེར་” སོགས་ཀྱི་གནས་ཚུལ་གང་ཡང་བྱུང་མེད། མཁའ་འགྲུལ་ལས་ཁུངས་ཀྱིས་ཁོ་མོར་ངལ་གསོ་བྱེད་ས་དང་ཟ་མ་སོགས་མཁོ་སྤྲོད་བྱས་ཡོད། གནས་ཚུལ་ཞིབ་ཕྲ་གཞན་དག་གི་ཐད་ལ་འབྲེལ་ཡོད་དབང་ཚད་ལྡན་པའི་ལས་ཁུངས་ལ་བཀའ་འདྲི་གནང་རོགས། ཞེས་བརྗོད་འདུག

རྒྱ་གར་ཕྱི་སྲིད་བློན་ཆེན་ལས་ཁུངས་ཀྱིས། རྒྱ་ནག་གི་དབང་འཛིན་པ་ཚོས་རྒྱལ་སྤྱིའི་མཁའ་འགྲུལ་སྐྱེལ་འདྲེན་གྱི་སྒྲིག་གཞི་ཁག་ཅིག་དང་འགལ་བའི་བྱ་སྤྱོད་སྤེལ་ཡོད་ལ། ཁོང་ཚོའི་བྱེད་སྟངས་དེ་རྒྱ་ནག་རང་ཉིད་ཀྱི་སྒྲིག་གཞི་དང་ཡང་འགལ་ཡོད་དེ། རྒྱལ་ཁབ་ཚང་མའི་མི་སེར་ལ་ཆུ་ཚོད་ཉེར་བཞིའི་རིང་ཐོངས་མཆན་མེད་པ་(Visa-free transit) བརྒྱུད་འགྲོ་ཆོག་པའི་ཆོག་མཆན་སྤྲད་དགོས། ཞེས་བསྒྲགས་འདུག་ལ། རྒྱ་གར་གྱི་མགྲིན་ཚབ་པ་སྐུ་ཞབས་རན་དྷིར་( Randhir Jaiswa) ལགས་ཀྱིས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཨ་རུ་ན་ཅལ་མངའ་སྡེེ་ནི་རྒྱ་གར་གྱི་ཆ་ཤས་གལ་ཆེན་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་ནི་རང་བཞིན་གྱིས་ར་སྤྲོད་བྱས་པའི་དོན་དངོས་ཤིག་རེད། རྒྱ་ནག་ཕྱོགས་ནས་དགག་པ་ཇི་ཙམ་བྱས་ཀྱང་འདི་ནི་བསྙོན་དུ་མེད་པའི་དོན་དངོས་ཤིག་རེད། ཅེས་དང་། རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས། ང་ནི་རྒྱ་ནག་གནས་སྤོ་ལས་ཁུངས་ཀྱིས་ཨ་རུ་ན་ཅལ་མངའ་སྡེ་ནས་ཡིན་པའི་རྒྱ་གར་གྱི་མི་སེར་པདྨ་དབང་འཛོམས་ཀྱི་ལག་ཁྱེར་ངོས་ལེན་མ་བྱས་པར་ཧང་སངས་སོང་། རྒྱ་གར་གྱི་ཕྱག་འཁྱེར་ཡང་དག་པ་ཞིག་ཡོད་བཞིན་དུ་མོ་ལ་ངོ་ཚ་དང་མི་རིགས་དབྱེ་འབྱེད་ཀྱི་བརྙས་བཅོས་བྱས་པ་ནི་ཧ་ཅང་ཡིད་སྐྱོ་བ་ཞིག་རེད། ཅེས་གསུངས་འདུག

འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་རྒྱ་གར་བྱ་ཤར་ཨ་རུ་ན་ཅལ་མངའ་སྡེ་ནི་རྒྱ་ནག་གི་ཆ་ཤས་ཡིན་ལུགས་བཤད་ནས། རྒྱ་ནག་དམངས་སྲིད་ལྷན་ཁང་(Ministry of Civil Affairs) གིས་བོད་ལྷོ་རྒྱུད་ཀྱི་ཡུལ་དེའི་རི་དང་། རྒྱུག་ཆུ། མཚེའུ། ལ་ཆུང་། མི་མང་སྡོད་གནས་བཅས་སུ་མིང་གསར་པ་བཏགས་ནས། རྒྱ་ནག་གི་མངའ་ཁུལ་ཡིན་པའི་ཧམ་བཤད་བཅང་གི་ཡོད། སྤྱིར་འདས་པའི་ལོ་ཤས་རིང་བོད་ཧིན་མཐའ་མཚམས་སུ་རྒྱ་དཀར་ནག་གི་དམག་མིའི་བར་གདོང་ཐུག་ལན་མང་བྱུང་ནས་ཕྱོགས་གཉིས་ཀྱི་དམག་དོན་གྱི་འབྲེལ་ལམ་ཇེ་ཞན་དུ་གྱུར་ཏེ། ཉེ་ལམ་རྒྱ་གར་དཀར་ནག་གི་དཔོན་རིགས་བར་ཐུག་འཕྲད་ལན་མང་བྱས་ཏེ་འབྲེལ་ལམ་ཅུང་ཇེ་བཟང་དུ་ཕྱིན་ཡོད་ཀྱང་། ཕྱི་ལོ་ ༢༠༢༢ ལོའི་ཟླ་ ༡༢ ནང་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ཤར་ཕྱོགས་ཡང་རྩེ་ས་ཁུལ་དུ། རྒྱ་དཀར་ནག་གཉིས་ཀྱི་དམག་མི་གདོང་ཐུག་བྱུང་བའི་ཁྲོད། རྒྱ་གར་གྱི་དམག་མི་ ༦ དང་རྒྱ་ནག་གི་དམག་མི་ ༩ ཙམ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་ཡོད།

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གནས་ཚུལ། https://tibettimes.net/2025/11/24/247371/

འབྲེལ་ཡོད་གསར་འགྱུར།

མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

ཆུ་ཚོད་ ༡༨ སྔོན་ལ།
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༨ སྔོན་ལ།
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese