མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་སྒོར་བརྒྱ་ཐམ་པ་གསར་པ་ཞིག་བཏོན།

བོད་ཀྱི་དུས་བབ།
༢༠༢༥/༡༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

བལ་གཞུང་གིས་གསར་དུ་བཏོན་པའི་བལ་སྒོར་ ༡༠༠ སྟེང་གི་ས་ཁྲའི་ནང་རྒྱ་གར་གྱི་ལི་པུ་ལིག་(Lipulekh དང་ཀ་ལ་པ་ནི( Kalapani)།  ལིམ་པི་ཡ་དུ་ར་(Limpiyadhura) བཅས་རྒྱ་གར་གྱི་ས་ཁོངས་ཡིན་པ་གསལ་ཡོད་འདུག

The date of issuance of the bank note is 2081 BS, which denotes the previous year, 2024.

འདས་ལོར་བལ་སྒོར་བརྒྱ་ཐམ་པའི་རྙོག་གྲ་དང་འབྲེལ་ནས། རྒྱ་གར་གྱི་ལི་པུ་ལིག་ (Lipulekh) དང་ཀ་ལ་པ་ནི་ ( Kalapani)།  ལིམ་པི་ཡ་དུ་ར་(Limpiyadhura) བཅས་ནི་བལ་ཡུལ་གྱི་ས་ཁོངས་ཡིན་ལུགས་བསྒྲགས་རྗེས། བལ་ཡུལ་དང་རྒྱ་གར་བར་འབྲེལ་ལམ་ཇེ་ཞན་དུ་གྱུར་ཡོད་ཀྱང་། ཁ་སང་ཕྱི་ཚེས་ ༢༧ ཉིན་གསར་ལམ་ཁག་ཏུ་ཐོན་པའི་གནས་ཚུལ་ཁྲོད། ཟླ་འདིའི་ཕྱི་ཚེས་ ༢༥  ཉིན་བལ་ཡུལ་གཞུང་གིས་བལ་སྒོར་བརྒྱ་ཐམ་པ་གསར་དུ་བཏོན་ནས། རྒྱ་བལ་མཐའ་མཚམས་ཁུལ་གྱི་ས་གནས་དེ་དག་ནི་རྒྱ་གར་གྱི་ས་ཁོངས་ཡིན་པ་འཁོད་ཡོད་པས། གནད་དོན་དབྱེ་ཞིབ་པ་དག་གིས་དེ་ནི་བལ་ཡུལ་གསར་པས་རྒྱ་ནག་གི་ལྡོག་ཕྱོགས་ནས་ལངས་པའི་ཐག་གཅོད་གསར་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་འདུག

གནད་དོན་དེའི་ཐད་བལ་ཡུལ་གྱི་དངུལ་ཁང་(NRB) གི་མགྲིན་ཚབ་པ་གྷོ་རུང་པཱར་ས་ཌི་ (Guru Prasad Paudel) ལགས་ཀྱིས། བལ་སྒོར་བརྒྱ་ཐམ་པའི་སྟེང་གི་གཡོན་ཕྱོགས་སུ་ཇོ་མོ་གླང་མ་ཡོད་པ་དང་། གཡས་ཕྱོགས་སུ་བལ་ཡུལ་རྒྱལ་ཁབ་ཀྱི་མེ་ཏོག་སྟག་མའི་ (Rhododendron) ཆུ་རྟགས་ཡོད། དངུལ་ལོར་གྱི་དཀྱིལ་དུ་བལ་ཡུལ་གྱི་ས་ཁྲ་ལྗང་ཁུ་ཞིག ས་ཁྲའི་ཉེ་འགྲམ་དུ་སངས་རྒྱས་མྱ་ངན་མེད་ཀྱི་ཀ་བ་ཡོད་པ་དང་། དེའི་སྟེང་དུ་ལུམ་བི་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱི་འཁྲུངས་ཡུལ། ཞེས་བྲིས་ཡོད། དངུལ་ལོར་གྱི་རྒྱབ་ངོས་སུ་རི་དྭགས་བསེ་རུའི་པར་ཡོད། དངུལ་ལོར་དེར་བདེ་འཇགས་ཀྱི་སྐུད་པ་དང་། ལོང་བ་ཚོས་ངོས་འཛིན་བྱེད་པར་རོགས་བྱེད་པའི་ནག་ཐིག་འབུར་དོད་ཅིག་ཀྱང་ཡོད། ཅེས་དང་། དངུལ་སྒོར་རྙིང་པ་དེར་ས་ཁྲ་ཡོད་ཀྱང་། གསར་པ་དེ་ཡོངས་སུ་བཅོས་ནས་བལ་ཡུལ་གྱི་ཁྲིམས་སྒྲིག་སོགས་དང་མཐུན་པར་བྱས་ཡོད་སྐོར་བརྗོད་འདུག

ཕྱི་ལོ་  ༢༠༢༠  ལོའི་ཟླ་ ༦   ཚེས་ ༡༨ ཉིན་བལ་ཡུལ་གྲོས་ཚོགས་ཀྱིས་རྒྱ་ནག་གི་བཙན་བཀའ་འོག་ནས་བལ་ཡུལ་གྱི་ས་ཁྲ་གསར་པ་ཞིག་གཏན་འབེབ་བྱས་ཏེ་སྲིད་བློན་ཟུར་བ་ཨོ་ལི་གཞུང་ལ་སྤྲད་ཡོད་པ་དང་། ས་ཁྲ་གསར་པ་དེའི་ནང་རྩོད་རྙོག་ཆེ་བའི་ས་ཁུལ་གསུམ་དེ་ཡང་ཚུད་པར་བྱས་ཡོད་པ་མ་ཟད། བལ་ཡུལ་གྱི་བཅའ་ཁྲིམས་ལའང་བསྐྱར་བཅོས་བྱས་ཡོད། སྐབས་དེར་རྒྱ་གར་གྱིས་བལ་ཡུལ་གཞུང་གི་ཐག་གཅོད་དེ་ནི་རང་འདོད་ཆེ་བའི་ཐག་གཅོད་ཅིག་ཡིན་པའི་ལན་འདེབས་ནན་མོ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གི་གནོན་ཤུགས་ཀྱི་དབང་གིས་བལ་གཞུང་གིས་དེ་ལྟར་རྒྱ་ནག་གི་འདོད་མོས་ལ་ཤར་སྐྱོད་བྱས་ཡོད་འདུག

འདས་ལོའི་ཕྱི་ཟླ ༡༠ ནང་ནེའུ་ཡོག་དུས་བབ་ཀྱིས། རྒྱ་ནག་གི་ལྕགས་རི་རིང་པོ་གསར་པས་བལ་ཡུལ་ཐོག་གྲིབ་ནག་འཁོར་དུ་བཅུག་ཅེས་པའི་སྙན་ཐོ་ཞིག་བཏོན་ཏེ། རྒྱ་ནག་གཞུང་གིས་བོད་བལ་ས་མཚམས་ཧེམ་ལ་(Himla)རྫོང་ཁོངས་སུ་རྒྱ་ནག་གཞུང་གིས་ལྕགས་རི་གསར་རྒྱག་བྱས་ནས། མཐའ་མཚམས་དམག་དཔུང་འགྲེམས་འཇོག་བྱས་ཡོད་པ་མ་ཟད། ས་གནས་མི་མང་གིས་རྒྱ་ནག་ཁོང་ཚོའི་ས་ཁོངས་སུ་བཙན་འཛུལ་བྱས་ཏེ་དཀའ་རྙོག་བཟོ་ཡི་འདུག་ཅེས་སྐྱོན་བརྗོད་བྱས་ཡོད་ཀྱང་། བལ་གཞུང་གིས་རྒྱ་ནག་གཞུང་ལ་བསྟུན་ཤེས་བྱས་ཏེ་དཀའ་ངལ་སེལ་ཐབས་བྱེད་ཀྱི་མེད་པའི་གནད་དོན་བྱུང་ཡོད་ཅིང་། ཕྱི་ལོ་ ༢༠༢༣ ལོའི་ཟླ་ ༩ ནང་། རྒྱ་ནག་གཞུང་གིས་བཏོན་པའི་ས་ཁྲ་ཞིག་ཏུ་ཨ་རུ་ན་ཅལ་དང་ཨག་སའེ་ཆིན་ས་ཁུལ་གཉིས་ནི་རྒྱ་ནག་རང་གི་ས་ཁོངས་ཡིན་པ་བསྟན་ཡོད། དེ་བཞིན། རྒྱ་ནག་གཞུང་གིས་ཝེ་ཐི་ནམ་དང་མ་ལི་ཤི་ཡ། ཧྥེ་ལི་ཕེ་སི་བཅས་ཀྱི་ས་ཁུལ་ཁ་ཤས་ཀྱང་རྒྱ་ནག་གི་ས་ཁོངས་ཡིན་ལུགས་དང་། སྐབས་དེར་བལ་ཡུལ་གཞུང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་རྗེས། ཀ་ལ་པ་ནི་(Kalapani) ལིམ་པི་ཡ་གྷོའུ་ར་(Limpiyaghura)།  ལི་པུ་ལིག་(lipulekh) བཅས་ནི་རྒྱ་གར་གྱི་ས་ཁོངས་ཡིན་པར་ངོས་འཛིན་བྱས་ཡོད་འདུག

རྒྱ་གར་དང་བལ་ཡུལ་གཉིས་བར་ས་མཚམས་ཁྱོན་སྤྱི་ལེ་  ༡༨༥༠ ཡོད། རྒྱ་གར་གྱི་འབྲས་ལྗོངས་(sikim)དང་ནུབ་བྷན་གྷལ (west Bengal)  བྷེ་ཧར་(bihar)། ཨུ་ཏར་པ་དྷེ་ཤི་ (Uttar Pradesh)།  ཨུ་ཏར་ཁན་(Uttarakhan)བཅས་མངའ་སྡེ་ལྔའི་ས་ཁྱོན་སྤྱི་ལེ་  ༡༨༥༠  ཙམ་བལ་ཡུལ་དང་ས་འབྲེལ་ཆགས་ཡོད།  རྒྱ་གར་ཕྱོགས་ནས་ལི་པུ་ལིག་(Lipulekh དང་ཀ་ལ་པ་ནི་ (Kalapani)།  ལིམ་པི་ཡ་དུ་ར་(Limpiyadhura)བཅས་ཀྱི་ས་ཁུལ་བདག་དབང་སྟངས་འཛིན་བྱེད་བཞིན་ཡོད། ས་ཁུལ་གསུམ་དེ་ནི་རྒྱ་དཀར་ནག་དང་བལ་ཡུལ་གསུམ་གྱི་ས་མཚམས་སུ་ཁེལ་ཡོད། རྒྱ་ནག་གིས་རྒྱུན་ལྡན་ནས་ས་ཁུལ་དེ་དག་གི་རྩོད་རྙོག་དང་འབྲེལ་ནས་བལ་ཡུལ་གཞུང་ལ་སུན་པོ་བཟོ་ཡི་ཡོད་ཅིང་། རྒྱ་ནག་གི་གནོན་ཤུགས་འོག་ནས་བལ་ཡུལ་གྱིས་རྒྱ་གར་དང་འབྲེལ་ལམ་གཏོར་བརླག་མི་གཏོང་ཐབས་མེད་དུ་གྱུར་ཡོད་འདུག

གསར་འགོད་པ། དཔལ་ལྡན། རྩོམ་སྒྲིག་བྱེད་མཁན། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༡༣ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༥ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese