མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀྲ་ཤིས་དོན་འགྲུབ་གནམ་ཐང་ནས་ཆུ་ཚོད་ ༦ ལྷག་བཀག་ཉར་བྱས་རྗེས་ཕྱིར་ལོག་བཏང་།

བོད་ཀྱི་དུས་བབ།
༢༠༢༥/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཅམ་པ་ (Chamba) རྫོང་ནས་ཡིན་པའི་བཀྲ་ཤིས་དོན་འགྲུབ་ཞུ་བ་ཞིག་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་སྟེ་ཁོའི་ངོ་གདོང་རྒྱ་གར་བར་འདྲ་བོ་མེད་སྐོར་བརྗོད་དེ་ཆུ་ཚོད་ ༦ ལྷག་རིང་བཀག་འགོག་བྱས་རྗེས་ཕྱིར་ལོག་བཏང་འདུག

ཁ་སང་ཕྱི་ཚེས་ ༡ ཉིན་བཀྲ་ཤིས་དོན་འགྲུབ་རྒྱ་ནག་ཧྲང་ཧེ་གནམ་ཐང་དུ་འབྱོར་ཡོད་པ་དང་། སྐབས་དེར་རྒྱ་གར་བ་གཞན་མང་པོ་ཡོད་ཀྱང་ཁོང་བཀག་སྟེ་བཏང་མེད་པ་མ་ཟད། ཆུ་ཚོད་ ༦ ལྷག་རིང་གནམ་ཐང་ཉེན་རྟོག་པས་འདྲི་རྩད་བྱས་པའི་སྐོར་འདི་ག་བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པར་ཁོང་གིས། ཁོང་ཚོས་ངའི་གདོང་པར་བལྟས་ནས་སྐད་ཆ་འདྲི་ཡི་འདུག ཁྱེད་རང་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་ལག་འཁྱེར་ག་འདྲ་བྱས་ནས་རག་སོང་ཞེས་དྲིས་བྱུང་། ངས་ང་རྒྱ་གར་ནང་སྐྱེས་བ་ཡིན་ལབ་ཡིན།  དེ་ནས་ཁྱེད་རང་ལ་རྒྱ་ནག་ནང་དུ་སྤུན་མཆེད་ཡོད་དམ་ཟེར། ང་ལ་སྤུན་མཆེད་མེད་ལབ་པ་ཡིན། ཡང་རྒྱ་གར་དྷ་རམ་ས་ལར་འབྲེལ་བ་ཡོད་དམ་ཟེར། དྷ་རམ་ས་ལར་འབྲེལ་བ་མེད། ངའི་ནང་ཅམ་པཱ་ནས་ཡིན། ནང་མི་ཚང་མ་ཅམ་པཱ་ལ་ཡོད་ལབ་པ་ཡིན་ཏེ། ཁྱོད་ཚོ་འདྲ་བོ་རྒྱ་གར་ལ་ག་འདྲ་བྱས་ནས་བསླེབས་པ་རེད་ཅེས་དྲི་བ་ཁེད་མཚར་དེ་འདྲ་དྲིས་བྱུང་ཞེས་བརྗོད་བྱུང་ལ། ཁོང་གི་ཁ་པར་ནང་གི་པར་ཚང་མར་སྔོག་བཤེར་བྱས་ཏེ། འདྲ་པར་ནང་གི་མི་རེ་རེའི་འབྲེལ་བའི་སྐོར་འགྲེལ་བཤད་རྒྱག་དགོས་བྱུང་ཡོད་འདུག་ལ། ཁོང་གི་རྒྱབ་ཁུག་དང་པར་ཆས། ད་དུང་ཁ་པར་ནང་གི་ངོ་དེབ་དང་ཨིན་སི་ཊ་གྷི་རམ་ (Instagram) སོགས་སུའང་ཞིབ་བཤེར་བྱས་ཡོད་འདུག

ཡང་ཁོང་གིས། ང་ལ་རྐུབ་སྟེགས་ཤིག་གི་སྟེང་དུ་ཆུ་ཚོད་ ༦ ལྷག་གི་རིང་འདྲི་རྩད་བྱས་མཐར། ཁ་སྐོམ་པ་དང་གྲོད་ཁོག་ལྟོགས་ཀྱི་འདུག་ལབ་ཡིན་ཡང་ཁྱོན་ནས་སྤྲོད་ཀྱི་མི་འདུག འདྲི་རྩད་བྱས་ཚར་རྗེས་ཕོར་བ་ཆུང་ཆུང་ཞིག་གི་ནང་ཆུ་ཉུང་ཉུང་ཞིག་སྤྲད་སོང་། དེ་ནས་བག་ལེབ་སྐམ་པོ་ཞིག་འཁྱེར་ཡོང་ནས་འདི་ཟོ་ཟེར་གྱི་འདུག ཁོ་ཚོས་ཁ་པར་ནས་ངས་བག་ལེབ་ཟ་བཞིན་པ་བརྙན་དུ་བླངས་ཏེ་ཁ་ལག་སྤྲད་ཡིན་ཞེས་མི་ལ་སྟོན་རྩིས་བྱེད་ཀྱི་འདུག འོན་ཀྱང་། བག་ལེབ་རྙིང་པ་རེད་འདུག་པས་ངས་ཟོས་མེད། ཁོ་ཚོའི་ལས་སྟངས་བྱེད་སྟངས་སྡུག་ཅག་དཔེ་འདུག ང་ལ་ཞེད་སྣང་དང་འཇིགས་སྣང་སྐྱེས་སོང་། ཞེས་དང་།  རྒྱ་གར་ལ་ཐད་ཀར་གནམ་གྲུ་མེད་སྐོར་བརྗོད་པར་བརྟེན། ཧྲང་ཧེ་ནས་ཐའེ་ལན་ཌིར་འགྲོ་དགོས་བྱུང་སྐོར་དང་། ཧྲང་ཧེ་གནམ་ཐང་ནས་ཐའེ་ཝན་ཌིར་འགྲོ་མཁན་གནམ་གྲུའི་ནང་བར་དུ་ཉེན་རྟོག་པ་གཉིས་ཀྱིས་གཡས་གཡོན་ནས་འཇུས་ཏེ་ཉེས་ཅན་ལྟར་ནང་དུ་བཅུག་ཡོད་སྐོར་བརྗོད་བྱུང་།

འདི་ལོའི་ཕྱི་ཟླ་ ༡༠ ནང་རྒྱ་དཀར་ནག་བར་མཁའ་འགྲུལ་ཤར་གཏོང་བྱས་པ་དང་བསྟུན། བཀྲ་ཤིས་དོན་འགྲུབ་ལགས་ཀྱིས་རྒྱ་ནག་ནང་སྤྲོ་འཆམ་དུ་འགྲོ་བའི་ཐོངས་མཆན་ཞུས་ཏེ་རག་ཡོད་ཀྱང་། ཁ་སང་ཧྲང་ཧེ་གནམ་ཐང་དུ་འབྱོར་སྐབས་ཁོང་དང་རྒྱ་གར་བ་གཞན་མང་པོ་ཡོད་ཀྱང་བཀྲ་ཤིས་དོན་འགྲུབ་ལགས་བཏང་མེད་པ་མ་ཟད། དྷ་རམ་ས་ལར་འབྲེལ་བ་ཡོད་མེད་སོགས་ཀྱི་འདྲི་རྩད་སྣ་ཚོགས་བྱས་ཏེ་ཆུ་ཚོད་ ༦ ལྷག་རིང་བཀག་རྗེས་ཡིག་ཆ་ཚད་ལྡན་མེད་ལུགས་བརྗོད་དེ་ཕྱིར་ལོག་བཏང་ཡོད་འདུག་ལ། དེ་རིང་ཁོང་གིས་སྤྱི་ཚོགས་དྲ་གནས་ཨིན་སི་ཊ་གྷི་རམ་ནང་དུ། བོད་པ་དང་ངོ་གདོང་འདྲ་བ་རྣམས་ལ་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེན་བྱེད་ཀྱི་འདུག་པས། རྒྱ་གར་བྱང་ཤར་དང་། སྤི་ཏི། བལ་ཡུལ་སོགས་ཧི་མ་ལ་ཡའི་རི་རྒྱུད་པ་ཚོ་རྒྱ་ནག་ཏུ་འགྲོ་བར་ཡིད་གཟབ་དང་བསམ་བློ་ནན་པོ་གཏོང་དགོས་པའི་འབོད་སྐུལ་ཞུས་འདུག

གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། བཀྲ་ཤིས་དོན་འགྲུབ་ལགས་ཀྱི་པ་ལགས་བོད་པ་ཡིན་པ་དང་། ཨ་མ་ལགས་རྒྱ་གར་ཧི་མ་ཅལ་ཅམ་པཱ་ནས་ཡིན་འདུག ཆུང་དུས་ནས་དྷ་ལ་ཧོ་སི་གཏན་སློབ་ཏུ་སློབ་སྦྱོང་བྱས་ཡོད་འདུག་ལ། དུས་རྒྱུན་བོད་མི་མང་པོར་འབྲེལ་འདྲིས་ཡག་པོ་ཡོད་འདུག

རྒྱ་དཀར་ནག་གཉིས་བར་མཁའ་འགྲུལ་སྒོ་ཕྱེས་ཡོད་ནའང་ཕྱི་ཟླ་ ༡༡ ཚེས་ ༢༡ ཉིན་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་ནས་ཡིན་ཞིང་དབྱིན་ཡུལ་དུ་གནས་སྡོད་བྱེད་བཞིན་པའི་པདྨ་དབང་འཛོམས་(Pema Wangjom ) ཞེས་པའི་བུད་མེད་ཅིག་རྒྱ་ནག་ཧྲང་ཧེ་གནམ་ཐང་བརྒྱུད་ཉི་ཧོང་དུ་འགྲོ་སྐབས། གནམ་ཐང་གི་ལས་བྱེད་པས་ཁོང་མོ་གནམ་ཐང་དུ་ཆུ་ཚོད་ ༡༨ ཙམ་རིང་བཀག་འགོག་བྱས་ཏེ། ཨ་རུ་ན་ཅལ་མངའ་སྡེ་ནི་རྒྱ་ནག་གི་ས་ཁོངས་ཡིན་པས་བུད་མེད་དེས་རྒྱ་ནག་གི་མི་སེར་ལག་འཁྱེར་བཟོ་དགོས་པ་སོགས་ཀྱི་ཧམ་བཤད་བྱས་པའི་གནད་དོན་དེ་རྒྱ་དཀར་ནག་བར་གྱི་རྙོག་དྲ་ཆེན་པོ་ཆགས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

ཆུ་ཚོད་ ༢༡ སྔོན་ལ།
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩
Torrents of muddy water swiftly engulfed homes in Nanning city in southern China
Mobile App

རྒྱ་ནག་ནང་ཆུ་ལོག་དང་ས་རུད་བྱུང་སྟེ་མི་གྲངས་ ༦༥ འདས་གྲོངས་སུ་ཕྱིན་འདུག

༢༠༢༦/༠༧/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese