མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་ཡོན་སྲིད་བྱུས་ཀྱི་གྲིབ་གཟུགས་འོག་འཚར་བའི་ཀུན་གསལ་ལྷ་མོ།

བོད་ཀྱི་དུས་བབ།
༢༠༢༥/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། སློབ་དགེ་རྡོ་རྗེ་རིན་ཆེན།
རྩོམ་ཁུངས། བོད་ཀྱི་དུས་བབ།

ཀུན་གསལ་ལྷ་མོ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།

བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་བཅུ་གསུམ་པས་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་སྟེ། ཤེས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སཾ་བྷོ་ཊ་བོད་སློབ་འཛིན་ཚོགས་འོག་ཡོད་པའི་གཏན་ཉིན་སློབ་གྲྭ་ཁག་ནང་ལག་བསྟར་གནང་ཡོད། དེ་ནས་ལོ་བཅུ་ཕྲག་གཅིག་ལྷག་གི་རྗེས་སུ་རྒྱ་གར་བོད་སློབ་འཛིན་ཚོགས་འོག་ཡོད་པའི་སློབ་གྲྭ་ཁག་རིམ་བཞིན་རྩིས་བླངས་ཏེ། སཾ་བྷོ་ཊ་བོད་སློབ་འཛིན་ཚོགས་འོག་ཟླ་སྒྲིལ་བཏང་བ་དང་ཆབས་ཅིག་གཞི་རིམ་སློབ་གྲྭ་ཁག་ཏུ་ ནུས་པ་ཐོན་མིན་དང་། ཁ་ཕྱོགས་གསལ་མིན། སྒྲོམ་གཞི་དང་འཆར་འགོད། དེ་བཞིན་མཇུག་གནོན་བཅས་ཇི་ལྟར་ཚད་ལྡན་ཡིན་མིན་སོགས་ལ་མ་ལྟོས་པར། ད་ལྟའི་སཾ་བྷོ་ཊའི་འཛིན་སྐྱོང་འོག་གི་སློབ་གྲྭ་ཡོངས་རྫོགས་ནང་ཤེས་ཡོན་གྱི་སྒྲོམ་གཞིའམ་ལམ་ལུགས་ཁག་གཉིས་མི་རིགས་ཤིག་གི་གཞི་རྩའི་རིག་གཞུང་གི་དགོས་མཁོ་གཞིར་བཞག་སྟེ་རྒྱུན་འཁྱོངས་བྱེད་བཞིན་ཡོད།

དེ་གཉིས་ལས་གཅིག་ནི་གོང་བརྗོད་ལྟར་གྱི་ཤེས་ཡོན་སྲིད་བྱུས་དང་། གཞན་དེ་འདས་པའི་ལོ་ཤས་ནས་ཁྱབ་སྤེལ་བཏང་དང་གཏོང་བཞིན་པའི་སཱི་ཤེས་ཡོན་སློབ་གསོ་དེ་ཡིན། སྤྱིར་བཏང་གཞི་རིམ་སློབ་གྲྭ་ཁག་ནང་སྐབས་འབྲེལ་སོ་སོར་དགེ་རྒན་ཚོར་ཟབ་སྦྱོང་སྣ་མང་སྤྲད་དེ། ཤེས་ཡོན་སློབ་གསོ་གོང་འཕེལ་ཐད་མཐུན་རྐྱེན་སྦྱོར་འཇགས་བྱས་དང་བྱེད་བཞིན་ཡོད་ཀྱང་། སློབ་གསོ་དེ་དག་གི་ཁྲོད་ཅུང་འབོད་སྒྲ་ཆེ་ཞིང་ངོ་བོ་གསལ་བ་ལྟ་བུ་ནི་གོང་འཁོད་ཀྱི་ཤེས་ཡོན་ལམ་ལུགས་དེ་གཉིས་ཡིན།

དེ་གཉིས་ཀྱང་མཚུངས་བསྡུར་ཞིག་བྱས་ན། གཞི་རིམ་སློབ་གྲྭ་ཁག་ཏུ་ཤེས་ཡོན་སྲིད་བྱུས་ནི་དངོས་གཟུགས་ནས་གྲིབ་གཟུགས་ལྟ་བུ་ཞིག་དང་། སཱི་ཤེས་ཡོན་སློབ་གསོ་ནི་དངོས་གཟུགས་ལྟ་བུ་ཞིག་ཏུ་ཆགས་ཡོད། དེ་ཡང་ཁ་གསལ་དུ་བཏང་ན། ཤེས་ཡོན་སྲིད་བྱུས་ནི་འབོད་སྒྲ་ཙམ་ཞིག་དང་། དངོས་སུ་ལག་བསྟར་བྱེད་བཞིན་པ་ནི་སཱི་ཤེས་ཡོན་སློབ་གསོ་དེ་ཆགས་ཡོད།

ཀུན་གསལ་ལྷ་མོ་ལགས་ཀྱིས་དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།

ཡིན་ནའང་གོང་བརྗོད་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་བཅུ་གསུམ་པས་ཤེས་ཡོན་སྲིད་བྱུས་གཏན་འབེབས་གནང་བ་ནས་བརྩིས་ན། མི་ལོ་བཅུ་དགུ་ལྷག་ཅིག་ཕྱིན་ཡོད་པ་དང་། འདི་ག་རྡོར་གླིང་གཏན་སློབ་དེ་བཞིན་སཾ་བྷོ་ཊ་བོད་སློབ་འཛིན་ཚོགས་འོག་རྩིས་བླངས་རྗེས། ཤེས་ཡོན་སྲིད་བྱུས་ཀྱི་གྲིབ་གཟུགས་འོག་འཚར་ནས་ལོ་བཞི་ཙམ་ཕྱིན་པའི་འཛིན་རིམ་ལྔ་པའི་སློབ་ཕྲུག་ཀུན་གསལ་ལྷ་མོ་ལགས་ཀྱིས། ད་ལན་༸གོང་ས་མཆོག་གི་སྐུའི་གོ་སྟོན་ལ་དམིགས་ཏེ་ཀུན་གསལ་ལྷ་མོའི་གླུ་དབྱངས་ཞེས་པའི་སྙན་དེབ་ཅིག ༸གོང་ས་མཆོག་གིས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་བསྐྱངས་ནས་བགྲང་བྱ་སོ་དྲུག་འཁོར་པའི་དུས་དྲན་མཛད་སྒོ་དང་སྟབས་བསྟུན་དབུ་འབྱེད་འགྲེམས་སྤེལ་གནང་ཐུབ་པ་བྱུང་ནི་ཆེས་དགའ་འོས་པ་ཞིག་ཡིན།

མདོར་བསྡུས་ནས་ཞུས་ན། འཛིན་རིམ་ལྔ་པའི་སློབ་ཕྲུག་ཅིག་གིས་ཚིགས་བཅད་སྙན་རྩོམ་དང་། ཚིག་ལྷུག་སྙན་རྩོམ། སྒྱུར་རྩོམ། ཡིག་གཟུགས་བཅས་སྡེ་ཚན་བཞིར་དབྱེ་བའི་ཤོག་བུ་བརྒྱ་དང་ཉེར་གསུམ་ཅན་གྱི་དཔེ་དེབ་ཅིག་འདི་ལྟར་དངོས་སུ་འདོན་སྤེལ་ཐུབ་པ་བྱུང་བ་ནི། རྒྱ་གར་བོད་སློབ་འཛིན་འོག་ཡོད་པའི་སློབ་གྲྭ་ཁག་རང་ཁོངས་སུ་རྩིས་བླངས་པ་དང་། རྩིས་བླངས་ཟིན་པའི་སློབ་ཁག་དེ་དག་ནང་ཤེས་ཡོན་སྲིད་བྱུས་ཀྱི་གྲིབ་གཟུགས་མ་ཡལ་བ། ལྷག་པར་དུ་ཁོ་མོར་ཆེད་དུ་བོད་སྐད་ཡིག་སློབ་ཁྲིད་གནང་མཁན་ལྟ་གྲུབ་སློབ་དཔོན་མཆོག སློབ་ཕྲུག་ཁོ་མོས་སྐྱེས་སྟོབས་དང་སྦྱངས་སྟོབས་བཅས་ཐུན་མོང་གི་འབྲས་བུ་ཞིག་ལག་པས། གོ་སྐབས་སྐབས་འདི་བརྒྱུད་ནས་ཚང་མར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ། །

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡༢ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༤ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese