མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རྫ་ཆུ་ཁར་གཏེར་ཁ་སྔོག་འདོན་དང་འབྲེལ་ནས་མི་ ༨༠ ཡས་མས་འཛིན་བཟུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༥/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་རྫ་ཆུ་ཁའི་ཀ་བཞི་སྡེ་བའི་ཡུལ་མི་ ༨༠ ཡས་མས་འཛིན་བཟུང་གིས། ཁག་ཅིག་ལ་ཉེས་རྡུང་བཏང་ནས་ནད་པ་བཟོས་པ་དང་ཁག་ཅིག་ལ་བཙན་གྱིས་ཁས་ལེན་ཡི་གེ་ཞིག་ལ་མཚན་རྟགས་འགོད་དུ་བཅུག་སྟེ། ཐེངས་འདིའི་དོན་རྐྱེན་བཟོ་མཁན་ནི་ཀ་བཞི་སྡེ་བའི་ཡུལ་མི་ཡིན་པ་ཁས་ལེན་དུ་བཅུག་ཡོད་པ་རེད།

བོད་ཀྱི་བྱང་སྡེ་ཉི་མ་རྫ་ཆུ་ཁའི་སྤྱི་ཡོངས་ཀྱི་བཀོད་པ། དྲ་ལམ་གྱི་པར།

འདི་གའི་གསར་འགོད་པར་འབྲེལ་ཡོད་ཅིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༥ ཉིན་རྒྱབ་ཆུ་ཚོད་ ༣ དང་སྐར ༡༡ སྟེང་། བོད་རྫ་ཆུ་ཁའི་ཀ་བཞི་སྡེ་བའི་གསེར་ཁོག་ཞེས་པའི་ས་ཆ་དེར་རྒྱ་ནག་གིས་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་ཡུལ་མི་ཚོས་མཐོང་ནས་གཏེར་ཁ་སྔོན་འདོན་བཀག་འགོག་བྱས་སྟབས། ཕྱི་ཚེས་ ༦ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༦།༥༠ ཙམ་ནས་རྒྱ་ནག་གཞུང་གིས་ཀ་བཞི་སྡེ་བའི་ཡུལ་མི་འཛིན་བཟུང་བྱེད་མགོ་བརྩམས་ཡོད་པ་དང་། ད་ལྟའི་བར་ཡུལ་མི་ཁྱོན་ ༨༠ ཡས་མས་འཛིན་བཟུང་གིས་སེར་ཤུལ་རྫོང་དུ་བཙན་ཁྲིད་བྱས་ཏེ། ད་དུང་ཡང་མི་མང་པོ་ཞིག་བཀག་ཉར་འོག་བཅུག་ཡོད་འདུག

ཕྱི་ཟླ་ ༡༢ པའི་ནང་གསར་དུ་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། རྒྱ་ནག་གིས་འཛིན་བཟུང་བཀག་ཉར་བྱས་པའི་ཀ་བཞི་སྡེ་བའི་ཡུལ་མི་རྣམས་ལ་བཙོན་ཁང་དུ་ཉིན་རེར་རྩམ་ཆུ་གྲང་མོ་ཏོག་ཙམ་ལས་ཟ་མ་གང་ཡང་མ་སྤྲད་པ་དང་། ཉིན་མཚན་འགར་གཅིན་སྐྱག་དང་གཉིད་ཁུག་ཏུ་མ་བཅུག་པ་མ་ཟད། ཡུལ་མི་ཁག་ཅིག་ལ་ཉེས་རྡུང་བཏང་ནས་རྩིབ་མ་བཅག་པ་དང་མི་འགའ་ཞིག་གི་མཁལ་མ་ནད་པ་བཟོས་པ་དང་གཟུགས་པོ་སྐྱོ་བོ་ཆགས་པ། དེ་བཞིན་ཁ་ཤས་ཀྱི་གློ་ནད་བསྐྱར་ལོག་བརྒྱབ་པ་སོགས་བྱུང་འདུག

ཡང་རྒྱ་ནག་གཞུང་གིས་བཙོན་ཁང་དུ་ཀ་བཞི་སྡེ་བའི་ཡུལ་མི་རྣམས་ལ་གནས་ཚུལ་ཕྱི་ཕྱོགས་སུ་མི་གཏོང་བའི་ཁས་ལེན་དང་མཚན་རྟགས་བརྒྱབ་ཏུ་བཅུག་པ་དང་།  དེ་ནས་ཡུལ་མི་རྒན་རབས་པ་མང་པོ་ཞིག་འཛིན་བཟུང་གིས་ཁོང་ཚོའི་ཁ་པར་ལ་དོ་ནན་ཞིབ་བཤེར་དང་འདྲི་རྩད་བྱས་ཏེ། ཆབ་སྲིད་སློབ་གསོ་ཟེར་བ་བཏང་རྗེས་ཕྱིར་ནང་ལ་མངགས་ཡོད་ཀྱང་།  དེ་ནས་སླར་ཡང་ཉིན་གཅིག་གཉིས་ཀྱི་རྗེས་སུ་འབོད་འགུག་བྱས་ནས་འདྲི་རྩད་དང་། ལག་ཐོག་ཁ་པར་ལ་ཞིབ་བཤེར་གྱིས་གནས་ཚུལ་ཕྱི་ཕྱོགས་སུ་བསྐྱལ་ཡོད་མེད་ལ་བརྟག་ཞིབ་དོ་ནན་བྱེད་བཞིན་ཡོད་འདུག

ད་སྔ་བར་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་ཡུལ་མིའི་ཁྲོད་ནས་མི་འགའ་ཞིག་ནད་པ་ཆགས་ནས་ཀློད་གྲོལ་བཏང་བ་དང་། འགའ་ཞིག་ལ་རྗེས་ཕྱོགས་གཏེར་ཁ་སྔོག་འདོན་བཀག་འགོག་མི་བྱེད་པ་དང་། གནས་ཚུལ་ཕྱི་ཕྱོགས་སུ་མི་གཏོང་བའི་ཁས་ལེན་དམ་བཅའ་བཞག་བཅུག་ནས་ཀློད་གྲོལ་བཏང་ཡོད་འདུག་ལ།  ཀློད་གྲོལ་ཐོབ་པའི་ཡུལ་མི་རྣམས་ལ། ཡུལ་མི་ཚོས་དོན་དག་མེད་སར་གཞུང་གི་ལས་བྱེད་པར་ཉེས་རྡུང་བཏང་བ་མཐོང་སོང་ཞེས་ཁས་ལེན་གྱི་ཡི་གེ་ཞིག་ལ་བཙན་གྱིས་མཚན་རྟགས་བརྒྱབ་བཅུག་ཡོད་འདུག

ད་ལྟའི་ཆར་ཕྱི་ཟླ་ ༡༡ ནང་འཛིན་བཟུང་བྱས་པའི་ཡུལ་མི་དག་ལས་མི་བདུན་གར་སོང་ཆ་མེད་དུ་གྱུར་ཡོད་པ་དང་།  ས་གནས་དེར་གསར་འགོད་པ་འབྱོར་སྐབས་གཞུང་གིས་བཀའ་མངག་ཡོད་པའི་མི་མ་གཏོགས་མི་གཞན་སུས་ཀྱང་སྐད་ཆ་བཤད་མི་ཆོག་པར་བཟོས་ཡོད་པ་རེད་ལ། ད་དུང་ཁྱིམ་ཚང་མང་པོ་ཞིག་གི་ཁྱིམ་དུ་བརྙན་མིག་དང་སྒྲ་འཇུག་འཕྲུལ་ཆས་སོགས་བཞག་ནས་ནང་མིའི་སྐད་ཆར་གསང་ཉན་དང་ཁོང་ཚོའི་འགྲོ་འདུག་རང་དབང་ལ་དམ་དྲག་བྱེད་བཞིན་ཡོད་འདུག

ང་ཚོར་འབྱོར་བའི་གནས་ཚུལ་ལ་གཞིགས་ན། ས་གནས་ཡུལ་མི་རྣམས་ཀྱིས་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་མཐོང་མ་ཐག་གཏེར་ཁ་སྔོག་འདོན་མཚམས་འཇོག་བྱས་ཏེ། ཡུལ་ཚོའི་འབྲེལ་ཡོད་མགོ་ཁྲིད་མི་སྣར་ཡར་ཞུ་བྱས་སྐབས། ཡུལ་ཚོའི་མགོ་ཁྲིད་ཚོས་ཡུལ་མི་རྣམས་ལ་རྒྱབ་སྐྱོར་བྱས་མེད་ཁར། ཁྱེད་རང་ཚོར་ཐེ་ཇུས་ཡོད་མ་རེད། ས་གཞི་འདིའི་བདག་དབང་ཡོངས་རྫོགས་ཀྲུང་གོ་རྒྱལ་ཁབ་ལ་ཡོད་རེད། ང་ཚོས་རྟོག་ཞིབ་དང་ཐག་གཅོད་ཡོང་གི་རེད་ཅེས་ཧམ་རྫུན་བཤད་པ་དང་། ཡང་ཁྱོད་རང་ཚོས་གསེར་བརྐོ་བར་བཀག་འགོག་བྱས་པ་ནོར་འཁྲུལ་ཡིན་རབས་བརྗོད་སྐབས། སེར་ཤུལ་ཡུལ་ཚོའི་ཡུལ་མི་རྣམས་ལ་དུས་རྒྱུན་དུ་རྒྱ་གཞུང་གིས་དབང་ཡོད་དང་གཉའ་གནོན་ཚད་མེད་བྱེད་བཞིན་ཡོད་སྟབས། ཡུལ་མི་དག་གིས་འུ་ཐུག་ཐབས་ཟད་ཀྱིས་ངོས་ལེན་བྱེད་མ་ཐུབ་པར་ཁ་རྩོད་ཤོཪ་ཡོད་འདུག

ད་ལྟའི་ཆར་ཀ་བཞི་སྡེ་བའི་ཡུལ་མིའི་གྲངས་བརྒྱད་ཅུ་ཡས་མས་ཤིག་འཛིན་བཟུང་གིས་ཉེས་རྡུང་བཏང་བར་བཤད་པ་ལས། ཁོང་ཚོར་མཇུག་འབྲས་ཇི་ཡོང་བཤད་ཚོད་མི་ཐིག་པའི་གནས་སུ་ལྷུང་ཡོད་པ་དང་། ཐེངས་འདིའི་གནས་ཚུལ་བྱུང་སྐབས་སེར་ཤུལ་རྫོང་འཐབ་ཕྱོགས་གཅིག་གྱུར་ཁང་དང་། དྲག་ཆས་ཉེན་རྟོག་པ། དམག་མི། ཡུལ་ཚོའི་མགོ་ཁྲིད་བཅས་ཀྱིས་ཀ་བཞིའི་ཡུལ་ལུང་ཡོངས་རྫོགས་མཐའ་ནས་བསྐོར་བ་མ་ཟད། སྐབས་དེར་ཚོགས་འདུ་ཞིག་ཚོགས་ནས་མགོ་ཁྲིད་ཚོས་བཤད་དོན། གནས་ཚུལ་འདི་གོང་རིམ་དང་རྒྱལ་སྤྱིའི་ཕྱི་ཕྱོགས་སུ་གཏན་ནས་གཏོང་མི་ཆོག གལ་སྲིད་གནས་ཚུལ་དེ་འདྲ་བྱུང་ན་ཁྲིམས་འགལ་ཚབས་ཆེན་ཡིན་ཞེས་སྡིགས་ར་བཏང་ཡོད་པ་དང་། ཁྱིམ་ཚང་རེ་རེའི་ནང་དུ་དམག་མི་དག་བཙན་འཛུལ་བྱས་ཏེ་ཁ་པཪ་སྔོག་བཤེཪ་ཚ་ནན་བྱས་འདུག ད་ལྟའི་ཆར་སྲང་ལམ་གང་སར་དྲག་ཆས་དམག་མི་འགྲེམ་འཇོག་བྱས་ནས། ཡུལ་མི་ཚོའི་མིག་གི་ལྟ་སྟངས་འགྲིག་མིན་ཙམ་གྱིས་ཀྱང་འཛིན་བཟུང་བཀག་ཉར་བྱེད་བཞིན་ཡོད་འདུག

ད་རེས་ནི་ཀ་བཞི་སྡེ་བའི་ཁོར་ཡུག་ཏུ་གཏེར་ཁ་སྔོག་འདོན་བྱས་པ་ཐེངས་དང་པོ་མིན་པར་ཕྱི་ལོ་ ༡༩༩༠ ནང་ནས་ད་ལྟའི་བར་གཏེར་ཁ་སྔོག་འདོན་བྱས་པའི་གནས་ཚུལ་ཐེངས་མང་བྱུང་ཡོད་པ་རེད། ཡུལ་མི་ཚོས་བཤད་པ་ལྟར་ན། གསེར་བརྐོས་དོན་རྐྱེན་དེ་དག་གི་རྒྱབ་ཏུ་སེར་ཤུལ་རྫོང་གི་དཔོན་རིགས་དང་། ཡུལ་ཚོའི་མགོ་ཁྲིད། ཚོང་པ་འགའ་ཞིག་གིས་ངན་པ་ལག་འབྲེལ་དང་ལྐོག་ཟ་བྱེད་བཞིན་ཡོད་འདུག སྤྱིར་བོད་རྫ་ཆུ་ཁར་རྒྱ་ནག་གཞུང་གིས་ཡར་རྒྱས་ལ་ཁ་གཡར་ནས་ས་གནས་དེར་ཆུ་མཛོད་གསར་རྒྱག་དང་རྫ་ཆུ་འབག་གཙོག ས་གཞི་སྔོག་འདོན་གྱིས་མཚོན་པའི་ཁོར་ཡུག་གཏོར་སྐྱོན་ཚབས་ཆེན་བཏང་ཡོད་པར་མ་ཟད། ནམ་རྒྱུན་དུའང་ཀ་བཞི་ཡུལ་ཚོའི་མགོ་ཁྲིད་དག་གིས་རྒྱ་མིའི་རྒྱུག་ཁྱི་བྱས་ནས། ཀ་བཞི་དགོན་པའི་དུས་མཆོད་ཚོགས་སྐབས་དགེ་འདུན་པ་བཞི་རེ་ཙམ་ལས་ཚོགས་མི་ཆོག་པ་དང་། མི་མང་གི་མ་ཎི་ཚོགས་མི་ཆོག་པ། དམིགས་བསལ་དུས་ཆེན་སྐབས་རྒན་ཁོག་གཅིག་ཀྱང་གླིང་སྐོར་ལ་འགྲོ་རུ་མི་འཇུག་པ། ད་དུང་མི་གྲངས་བཅུ་ལས་མང་བ་འདུ་འཛོམས་མི་ཆོག་པ་དང་སློབ་ཕྲུག་ཚོའི་གུང་སེང་སྐབས་རིག་གཞུང་ཟབ་སྦྱོང་འཛིན་གྲྭ་ཚོགས་མི་ཆོག་པ་སོགས་བྱེད་སྒོ་སྣ་ཚོགས་ཤིག་ལའང་བཙན་འགོག་བྱས་དང་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese