མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་སྤེལ་གནང་།

བོད་ཀྱི་དུས་བབ།
༢༠༢༥/༡༢/༡༨
Share on FacebookShare on TwitterShare on EmailShare on Whatsapp

དགེ་བཤེས་བློ་བཟང་ཡར་འཕེལ་ལགས་ཀྱིས་རཀཿར་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཁྲོད་དམིགས་བསལ་གྱི་ཁྱད་ཆོས་ཤིག་ནི་བཀའ་འགྱུར་དང་བསྟན་འགྱུར་ནང་ཡོད་པའི་ཚིག་མི་མང་དཀྱུས་མར་གོ་བདེ་བོ་བཟོས་ཡོད་ཅེས་བརྗོད་བྱུང་།

རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་གནང་། ༢༠༢༥།༡༢།༡༨ བོད་ཀྱི་དཔེ་མཛོད་ཁང་ག་ིཔར།

དེ་རིང་ཕྱི་ཚེས་ ༡༨ ཉིན་སྔ་དྲོའི་ཆུ་ཚོད་ ༡༠ པའི་ཐོག་དྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། བོད་ཀྱི་དཔེ་མཛོད་ཁང་དང་རཀཿར་བཀྲས་མཐོང་ཁྱིམ་ཚང་ཐུན་མོང་གི་གོ་སྒྲིག་འོག རཀཿར་ཐུབ་བསྟན་ཆོས་དར་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱོགས་སྒྲིག་པོད་བཅུ་བདུན་འགྲེམས་སྤེལ་གྱི་མཛད་སྒོ་ཞིག་འཚོགས་སོང་། མཛད་སྒོའི་ཐོག་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་། བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས། སྤྱི་ཟུར་བཀྲས་མཐོང་དབང་པོ་ལགས། དེ་བཞིན་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། ཉམས་ཞིབ་པ། དྷ་ས་ཁུལ་གྱི་མི་མང་བཅས་འཛོམས་འདུག

རཀཿར་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་གི་གལ་གནད་སྐོར་ལ་གསུང་རྩོམ་རྩོམ་སྒྲིག་པ་དགེ་བཤེས་བློ་བཟང་ཡར་འཕེལ་ལགས་ཀྱིས་འདི་གའི་གསར་འགོད་པར། རཀཿར་རིན་པོ་ཆེ་མཆོག་ནི་མཁས་པ་ཆེན་པོ་རེད། ཁོང་གི་གསུང་རྩོམ་ཁྲོད་ནས་ང་ཚོར་བསླབ་བྱ་ལེན་རྒྱུ་མང་པོ་ཡོད་རེད། རིན་པོ་ཆེ་མཆོག་སྐད་ཡིག་མང་པོར་མཁས་པ་རེད། དམིགས་བསལ་བོད་ཀྱི་ཆོས་དང་རིག་གཞུང་ལ་མཁས་པ་རེད། བོད་ཀྱི་རིག་གཞུང་སྐོར་བཤད་དུས་ཆེ་ས་ཆུང་ས་གང་གི་ཐོག་ནས་ཀྱང་ཁོང་ནི་ཤ་ཚ་ཡོད་མཁན་ཞིག་རེད། དཔེར་ན་ཆོས་ལུགས་ཀྱི་ཚོགས་འདུ་ཞིག་གི་སྐབས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་ཞིག་གནང་ཡོད་ཅིང་། ༧གོང་ས་མཆོག་གི་བཀའ་དེ་ལག་བསྟར་བྱེད་པའི་ཆེད་དུ་རཀཿར་རིན་པོ་ཆེ་མཆོག་གིས་སྐུ་ལས་མང་པོ་བསྐྱོན་འདུག རིན་པོ་ཆེ་མཆོག་གི་གསུང་རྩོམ་ཁྲོད་དམིགས་བསལ་གྱི་ཁྱད་ཆོས་ཤིག་ནི་བཀའ་འགྱུར་དང་བསྟན་འགྱུར་ནང་ཡོད་པའི་ཚིག་དག་མི་མང་དཀྱུས་མར་གོ་བདེ་བོ་བཟོས་ཡོད། ཁོང་ནི་དུས་རབས་གསར་རྙིང་གཉིས་ཀྱི་འབྲེལ་མཐུད་པ་དང་། བོད་པ་རྣམས་རྒྱ་གར་ནང་བཙན་བྱོལ་དུ་འབྱོར་རྗེས་སྐུ་ལས་བསྐྱོན་གནང་མཁན་ཞིག་རེད། རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱོགས་སྒྲིག་སྐབས་སུ་དཀའ་ངལ་ཆེ་ཤོས་ཤིག་ནི་ཁོང་གི་ཤེས་ཚད་མཐོ་དྲགས་པའི་རྐྱེན་གྱིས། ང་ཚོས་ཚིག་གི་ནང་དོན་ཧ་མ་གོ་བའི་གནས་སྟངས་དེ་འདྲ་ཡོང་གི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

ཐེངས་འདིའི་གསུང་རྩོམ་ཕྱོགས་སྒྲིག་སྐོར་ལ་བཀྲས་མཐོང་དབང་པོས་འདི་གའི་གསར་འགོད་པར། པཱ་ལགས་ཀྱི་གསུང་རྩོམ་ཕྱོགས་སྒྲིག་བྱེད་པར་སོ་སོའི་ནུས་པས་ཏག་ཏག་འདང་གི་མི་འདུག ཕྱག་རོགས་གནང་མཁན་རྣམས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས། རང་ཉིད་ཀྱི་རྡོག་འཁྲིས་ཆེན་པོ་ཤིག་ཕབ་ཐུབ་སོང་བསམ་པའི་ཚོར་བ་ཞིག་བྱུང་། ངའི་པཱ་ལགས་ནི་སུད་སིའི་སྐྱབས་བཅོལ་བ་ཞིག་རེད། ཉིན་མོའི་ལས་ཀ་ཚར་བ་དང་དགོང་མོའི་དུས་ཚོད་སྟོང་བའི་ནང་རྩོམ་འབྲི་གནང་ཡོད། དེ་ནི་བོད་པའི་རིག་གཞུང་ནང་དུ་འཐིམས་པའི་དགའ་ཚོར་མེད་ཚེ་ལས་ཀ་བྱེད་མི་ཐུབ་པ་ཞིག་རེད། དེ་ཡང་སེམས་ཤུགས་དང་ཆབ་སྲིད་ཀྱི་བསམ་བློ་གཅིག་པུ་མ་རེད། ཁོང་དབྱིངས་ནང་དུ་ཞུགས་ཏེ་ཕྱག་ལས་གནང་ཐུབ་མཁན་ཞིག་ཡིན། དེང་སྐབས་མི་སུ་ཞིག་གིས་བལྟས་ཀྱང་ངོས་ལེན་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད། པཱ་ལགས་ཀྱི་དགོངས་པ་བཞེས་སྟངས་ཧ་ཅང་སྣང་བ་སྤྲོ་བོ་ཡོད་པ་རེད། ཕྱག་ལས་ག་རེ་གནང་ཡང་སྤུས་དག་པོ་གནང་དགོས་ཀྱི་ཡོད་པ་རེད། ཁོང་གཞས་དང་ཞབས་བྲོ། སྙན་ངག་སོགས་ལ་ཐུགས་སྣང་མང་པོ་ཡོད། པཱ་ལགས་ཀྱི་གསུང་རྩོམ་ཁྲོད་ནས་བོད་པའི་མི་ཚེ་སྐྱེལ་སྟངས་ཟེར་བ་འདི་འདྲ་ཞིག་མིན་འགྲོ་བསམ་པའི་དྲི་བ་སློང་ཐུབ་ན་འགྲིག་གི་འདུག ཅེས་འགྲེལ་བརྗོད་གནང་བྱུང་།

མ་འོངས་བར་རིན་པོ་ཆེ་མཆོག་གི་གསུང་རྩོམ་འགྲེམས་སྤེལ་སྐོར་ལ་ཁོང་གིས། ཐེངས་རྗེས་མར་གསུང་རྩོམ་ཁྲོད་རྨི་ལམ་ནང་དུ་གཡག་ཅིག་དང་བགྲོ་གླེང་བྱས་པའི་སྒྲུང་སྙན་པོ་ཞིག་དང་། ཉེ་ལམ་ལག་སོན་བྱུང་བའི་སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེ་མཆོག་གི་རྣམ་ཐར་ཞིག དེ་བཞིན་ཚིགས་བཅད་དང་ཞལ་ཤོབ་སོགས་ཀྱི་ཐོག་ནས་ཕྱག་བྲིས་གནང་བ་དེ་འདྲ་ཁག་ཅིག་ཡོད། ཕྱོགས་སྒྲིག་བྱ་ཐུབ་ཚེ་དཔེ་དེབ་གསུམ་ཙམ་ཆགས་ཀྱི་ཡོད། དེ་དག་པར་སྐྲུན་བྱེད་ཐུབ་པའི་རེ་བ་ཡོད། ཅེས་འགྲེལ་བརྗོད་གནང་བྱུང་།

རཀཿར་རིན་པོ་ཆེའི་གསུང་རྩོམ་ཕྱོགས་སྒྲིག་གི་གལ་གནད་སྐོར་ལ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་ཀྱིས་གསར་འགོད་པར། རཀཿར་རིན་པོ་ཆེ་མཆོག་གི་སྐུ་ཚེ་ཧྲིལ་བོ་དེ་བོད་ཀྱི་ལོ་རྒྱུས་དང་འབྲེལ་བ་ཆགས་ཡོད། ཁོང་གིས་བོད་ཀྱི་རིག་གཞུང་ཐོག་ཐུགས་སྣང་ཆེན་པོ་གནང་ཡོད་པ་མ་ཟད། ཡིག་ཐོག་ཏུ་གསུང་རྩོམ་མང་པོ་འཁོད་གནང་ཡོད། གསུང་རྩོམ་དེ་དག་ང་ཚོའི་སྤྱི་པའི་ནོར་བུ་ལྟ་བུ་ཆགས་ཡོད། དུས་ཚོད་དང་བསྟུན་ནས་ང་ཚོའི་མི་རབས་འགྱུར་བ་འགྲོ་བཞིན་ཡོད་ཀྱང་། ཁོང་གི་གསུང་རྩོམ་ལ་ང་ཚོས་དོ་སྣང་བྱ་དགོས་པ་ཞིག་ཆགས་ཡོད། རིན་པོ་ཆེ་མཆོག་གི་གསུང་རྩོམ་ཁྲོད་དུ་ང་ཚོ་བོད་པ་རང་ཉིད་ཀྱི་མི་ཚེའི་ལོ་རྒྱུས་དང་འབྲེལ་ཡོད་པས། དོ་སྣང་བྱས་ཚེ་ཧ་ཅང་ཕན་ཐོགས་ཡོད་པ་རེད་བསམ་གྱི་འདུག  བོད་ཀྱི་མཁས་པ་མང་པོ་ཡོད་པའི་ནང་ནས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་སྐབས་ནས་ད་ལྟའི་དུས་ཚོད་བར་དུ་ཉམས་མྱོང་དང་གཟིགས་རྒྱ་འདྲ་མིན་ཐོག་ནས་བཀའ་རྩོམ་གནང་བ་དཀོན་པོ་འདུག འདི་ནི་བོད་སྤྱི་པར་ཕན་ཐོགས་པའི་རིན་ཐང་ཆེན་པོ་ཞིག་རེད། ཅེས་འགྲེལ་བརྗོད་གནང་བྱུང་།

སྐབས་དེར་བོད་ཀྱི་དཔེ་མཛོད་ཁང་གི་དགེ་བཤེས་ལྷ་རྡོར་ལགས་ཀྱིས། ལས་གཞི་གང་ཞིག་ཡིན་ཡང་མི་མང་པོས་མཉམ་ལས་ལ་བརྟེན་ནས་གྲུབ་འབྲས་ཐོབ་ཀྱི་ཡོད་ཅིང་། རཀཿར་རིན་པོ་ཆེ་མཆོག་གི་གསུང་རྩོམ་པར་སྐྲུན་བྱེད་པའི་གོ་སྐབས་དང་པོ་ང་ཚོར་གནང་བ་རེད། གསུང་རྩོམ་ཁྲོད་དུ་ཡིག་ཉོག་མང་པོ་ཆགས་ཡོད་ཀྱང་། སྟབས་ཡག་ནས་ང་ཚོས་སྲུང་སྐྱོབ་བྱེད་ཐུབ་པ་རེད། དེ་མིན་གསུང་རྩོམ་ཆ་ཚང་བརླག་འགྲོ་བ་རེད། དེ་ནི་ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཀྱི་འདུག བོད་མིའི་སྒྲིག་འཛུགས་དང་གཞུང་ཁོངས་མིན་པའི་ལས་ཁུངས་གང་ཡིན་ཡང་། ཐོག་མར་ཡིག་ཆ་བརྩམས་ཐུབ་ཀྱི་མེད་པ་དང་། རྗེས་སུ་ཡིག་ཆ་ཉར་ཚགས་བྱེད་མ་ཐུབ་པར་འཕྲོ་བརླག་ཏུ་ཕྱིན་ཡོད། ལྷག་པར་དུ་དེང་སྐབས་གློག་ཀླད་བེད་སྤྱོད་གཏོང་མི་ཤེས་པར་ཡིག་ཆ་བརླག་བཞིན་ཡོད། མཁས་པའི་ཡིག་ཆ་དེ་དག་གཟབ་ནན་གྱིས་ཉར་ཚགས་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་གསུངས་སོང་།

རཀཿར་རིན་པོ་ཆེ་ནི་ཕྱི་ལོ་ ༡༩༢༥ ལོར་སྡེ་དགེའི་སྤྱི་ཁྱབ་བཀྲས་མཐོང་འགྱུར་མེད་རྒྱ་མཚོ་དང་། ཡུམ་སྒྲོལ་མ་ཚེ་རིང་ན་རོང་བདེ་སྐྱིད་གླིང་གཉིས་ཀྱི་སྲས་སུ་འཁྲུངས། ཁོང་དགུང་ལོ་གཉིས་ལ་སོན་སྐབས་དཔའ་ཤོད་དགོན་པའི་རཀཿར་སྐུ་ཕྲེང་དྲུག་པར་ངོས་འཛིན་བྱས། ཕྱི་ལོ་ ༡༩༥༦ ནས་ ༡༩༦༠ བར་རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དུ་ཞབས་ཕྱི་བསྒྲུབས། ཕྱི་ལོ་ ༡༩༦༠ལོར་༧གོང་ས་མཆོག་ནས་བོད་ཀྱི་དྭ་ཕྲུག་དང་སྐྱབས་བཅོལ་བའི་ཕྲུ་གུའི་ཚོགས་པ་ཞིག་ལ་ལྟ་སྐྱོང་བྱེད་ཆེད་སུད་སི་ལ་མངགས། ཁོང་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱི་སློབ་མ་ཞིག་ཡིན་ཞིང་། བོད་ཀྱི་རྩོམ་རིག་རྙིང་པ་དང་། དེང་རབས་རྩོམ་རིག ནང་པའི་ལྟ་གྲུབ་བཅས་ལ་རྒྱུན་དུ་སློབ་སྦྱོང་གནང་མཁན་ཡིན་ལ། གཞན་ཡང་དཔེ་དེབ་དང་རི་མོ། བསྟན་བཅོས་མང་པོ་བརྩམས་ནས་བོད་ཕྱི་ནང་གང་སར་ཕན་ཐོགས་ཆེན་པོ་བྱུང་ཡོད།

ཐེངས་འདིའི་རཀཿར་རིན་པོ་ཆེ་མཆོག་གི་གསུང་རྩོམ་ཕྱོགས་སྒྲིག་ནང་། སྟོན་པའི་རྣམ་ཐར་དང་། བཀྲས་མཐོང་བའི་མི་རྒྱུད། གསེར་ཀོང་རྡོ་རྗེ་འཆང་སོགས་ཀྱི་རྣམ་ཐར། དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས། རཱ་མཱ་ཡ་ཎའི་རྟོགས་བརྗོད། རྒྱལ་རབས་དེབ་ཐེར་དཀར་པོའི་ཁ་སྐོང་། ལོ་རྒྱུས་ཕྱོགས་བཏུས་ཀྱི་སྟོད་ཆ་དང་སྨད་ཆ་། ཆབ་ཤོག་གཅེས་བཏུས། གནས་བརྒྱད་ཀྱི་འགྲེལ་པ་དང་ནག་མོ་ཁོལ་གྱི་ལོ་རྒྱུས་སོགས། སྙན་རྩོམ་ཕྱོགས་བཏུས་སྟོད་ཆ་དང་སྨད་ཆ། རྟོགས་བརྗོད་ཕྱོགས་བཏུས། སྒྲུང་གཏམ་ཕྱོགས་བཏུས། དཔེ་ཆོས་རིན་ཆེན་སྤུངས་པའི་བརྡ་དཀྲོལ། ཤོག་དཔང་ཞལ་ལུང་མེ་ལོང་རྣམ་བཤད། སྐད་ཡིག་སྐོར་གྱི་བསམ་ཚུལ་བཅས་པོད་བཅུ་བདུན་འགྲེམས་སྤེལ་བྱས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༤ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese