མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ནང་བོད་མི་སྐྱབས་བཅོལ་བའི་ལས་འགུལ་སོགས་ལ་དམ་དྲག་བྱེད་དགོས་པའི་སྐུལ་མ་བྱས།

བོད་ཀྱི་དུས་བབ།
༢༠༢༥/༡༢/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་བལ་ཡུལ་ནང་བོད་དོན་ལས་འགུལ་དང་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིགས་ལ་དམ་དྲག་བྱེད་དགོས་པའི་འབོད་སྐུལ་བྱས་འདུག

Chinese Ambassador Chen Pays Farewell Call on Prime Minister Karki. diplomatnepal.com

ཁ་སང་ཕྱི་ཚེས་ ༡༨ ཉིན་བལ་ཡུལ་གྱི་ཀ་ཐི་མན་ཌི་ཆ་འཕྲིན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། བལ་ཡུལ་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་པ་ཁྲན་སོན་ཟེར་བས། བལ་ཡུལ་གྱི་བར་བརྒལ་སྲིད་བློན་ལྕམ་སོའུ་ཤི་ཀར་ཀི་ལགས་དང་ཐུག་འཕྲད་ཀྱིས། བལ་ཡུལ་གཞུང་ནས་བལ་ཡུལ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་དང་བལ་ཡུལ་གྱི་བྱང་ཕྱོགས་རྫོང་ཁག་ཏུ་རྒྱ་ནག་ལ་ངོ་རྒོལ་ཡོད་པའི་ལས་འགུལ་སོགས་ལ་དམ་དྲག་བྱ་དགོས་པའི་སྐུལ་མ་བྱས་འདུག

བལ་ཡུལ་གྱི་བར་བརྒལ་སྲིད་བློན་ལྕམ་སོའུ་ཤི་ཀར་ཀི་ལགས་ཀྱིས་ཀྱང་། བལ་ཡུལ་གཞུང་གིས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་ངོས་འཛིན་དང་རྒྱབ་སྐྱོར་ཡོད་པ་བཞིན། བལ་ཡུལ་གྱི་ས་ཐོག་ཏུ་ཁྱིམ་མཚེས་རྒྱལ་ཁབ་གཅིག་ལའང་ངོ་རྒོལ་སོགས་ཀྱི་ལས་འགུལ་སྤེལ་དུ་མི་འཇུག་པའི་ལན་འདེབས་བྱས་ཡོད་འདུག

བལ་ཡུལ་ནང་བོད་མི་སྐྱབས་བཅོལ་བ་ ༢༠༠༠༠ ཙམ་ཡོད་པ་དང་། རྒྱ་ནག་གཞུང་གི་གནོན་ཤུགས་འོག་བལ་ཡུལ་གཞུང་གིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་སྐྱབས་བཅོལ་བའི་ཡིག་ཆ་མ་སྤྲད་པར་ལྷག་ཡོད་པ་རེད་ལ། བལ་ཡུལ་གྱི་བྱང་ཕྱོགས་ས་ཁུལ་མང་ཆེ་བའི་མི་རིགས་བོད་པ་ཡིན་པའམ་ཡང་ན་བོད་ཀྱི་མི་རྒྱུད་ལས་བྱུང་བ་ཡིན་ཞིང་། བོད་བརྒྱུད་ནང་བསྟན་ཉམས་ལེན་བྱེད་མཁན་ཡིན་པ་རེད། དེ་ལ་བརྟེན་ནས་ཐེངས་འདིར་རྒྱ་ནག་གཞུང་ཚབ་པས་ཆེད་དུ་བོད་མི་སྐྱབས་བཅོལ་བ་དང་བྱང་ཕྱོགས་ཀྱི་མི་རྣམས་ཀྱི་ལས་འགུལ་སོགས་ལ་དོགས་ཟོན་དང་དམ་དྲག་བྱེད་དགོས་པའི་སྐུལ་མ་བཏང་བ་ཞིག་ཆགས་ཀྱི་འདུག་ལ། བལ་ཡུལ་གྱི་བྱང་ཕྱོགས་སུ་དར་ཆུ་ལ་ (Darchula) དང་བཱ་ཇཱང་(Bajhang) ། ཧུཾ་ལ་ (Humla) དང་། དོལ་པོ་དང་གློ་སྨོན་ཐང་། གོར་ཁཱ་དང་ར་སུ་ཝ། ཤར་ཁུམ་བུ་སོགས་བོད་དང་ས་འབྲེལ་ཡོད་པའི་ས་ཁུལ་ཡིན་པ་རེད།

བལ་ཡུལ་གྱི་ཀ་ཐི་མན་ཌི་ཆ་འཕྲིན་གྱི་གནས་ཚུལ་ལྟར་ན། རྒྱ་ནག་གི་གཞུང་ཚབ་པ་ཁྲན་སོན་ཟེར་བ་དེས། བལ་ཡུལ་ནང་རྒྱ་གཞུང་ལ་ངོ་རྒོལ་གྱི་བོད་དོན་ལས་འགུལ་སོགས་ལ་དམ་དྲག་བྱ་དགོས་པའི་སྐུལ་མ་དང་ལྷན་དུ། བལ་ཡུལ་སྦོག་ར་གྲོང་ཁྱེར་གྱི་གནམ་ཐང་འཛུགས་སྐྲུན་ལས་གཞིའི་ཁྲོད་ལྐོག་ཟ་རུལ་སུངས་གྱོད་དོན་ནང་རྒྱ་ནག་མི་འཇུག་པའི་རེ་སྐུལ་ཡང་ཞུས་འདུག་ལ། དེའི་ཐད་བལ་ཡུལ་གྱི་སྲིད་བློན་གྱིས། ལྐོག་ཟ་རུལ་སུངས་ཀྱི་གྱོད་དོན་དེ་ནི་རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་གིས་ཞིབ་འཇུག་བྱེད་མུས་ཡིན་པས། སྲིད་བློན་ལས་ཁུངས་ཀྱིས་དེར་ཐེ་གཏོགས་བྱེད་ཐབས་མེད་པའི་ལན་འདེབས་བྱས་ཡོད་པ་དང་། སྦོག་ར་གྲོང་ཁྱེར་གྱི་གནམ་ཐང་འཛུགས་སྐྲུན་གྱི་ལས་གཞི་དང་འབྲེལ་ནས་རྒྱ་ནག་གཞུང་འབྲེལ་གྱི་འཛུགས་སྐྲུན་བཟོ་གྲྭ་ (China CAMC Engineering Company) དང་གན་རྒྱ་འཇོག་མཁན་སོགས་ཚུད་ཡོད་འདུག

ཀ་ཐི་མན་ཌི་ཆ་འཕྲིན་གྱི་གནས་ཚུལ་ལ་གཞིགས་ན། བལ་ཡུལ་དུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་ཁྲན་སོན་ནི་ཕྱི་ལོ་ ༢༠༢༣  ལོའི་ཟླ་ ༡ པོའི་ནང་ལོ་གསུམ་བལ་ཡུལ་དུ་གཞུང་ཚབ་པའི་ལས་འགན་ཆེད་བསྐོ་གཞག་གིས་འབྱོར་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ལས་མཚམས་བཞག་ནས་ཕྱིར་པེ་ཅིན་དུ་ལོག་གི་ཡོད་པ་དང་། ཁོའི་གོ་གནས་སྤྱི་ཁྱབ་དྲུང་ཆེར་སྤར་ཡོད་པ་ཙམ་ལས་གནས་ཚུལ་ཁ་གསལ་ཤེས་རྟོགས་བྱུང་མེད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

ཆུ་ཚོད་ ༢ སྔོན་ལ།
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

ཆུ་ཚོད་ ༣ སྔོན་ལ།
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་གནོད་འཚེ་དང་བོད་ཀྱི་ཁོར་ཡུག་གཏོར་བཤིག་ལ་རགས་ཙམ་ལྟ་བ།

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཁག་ཅིག་ལ་མཇལ་ཁ་བསྩལ།

༢༠༢༦/༠༩/༠༥
https://www.mapsofworld.com/
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་གི་ས་ཁྲ་གསར་བ་ཞིག་བཟོ་གཏན་ཁེལ།

༢༠༢༦/༠༩/༠༥
བོད་ཀྱི་དུས་སྟོན་སྐབས་ཀྱི་པར། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཉིན་གྲངས་གསུམ་རིང་བོད་ཀྱི་དུས་སྟོན་འཚོགས།

༢༠༢༦/༠༩/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese