མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དེ་ཉིད་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བའི་མཛད་སྒོ་འཚོགས།

བོད་ཀྱི་དུས་བབ།
༢༠༢༥/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

ཀ་ན་ཌ་ཀ་མཁའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨར་ཝི་དྷི་ཤ་པན་དྷེ་ (RV Deshapande) ལགས་ཀྱིས་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དེ་ཉིད་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བའི་མཛད་སྒོའི་ཐོག་སྐད་ཡིག་དང་། རྒྱལ་ཁབ། མངའ་སྡེ། དེ་བཞིན་ཆོས་ལུགས་ལ་ས་མཚམས་ཡོད་ཀྱང་ཤེས་ཡོན་གཅིག་པུ་ལ་ས་མཚམས་མེད་པས་འཛམ་གླིང་ཧྲིལ་པོ་འདི་ལ་བརྟེན་ནས་ཡར་རྒྱས་སུ་འགྲོ་ཡི་ཡོད་སྐོར་གསུངས།

དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དེ་ཉིད་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བའི་མཛད་སྒོ་འཚོགས། ༢༠༢༥།༡༢།༢༧ དུས་བབ་ཀྱི་པར།

དེ་རིང་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དེ་ཉིད་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བ་དང་། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཁོངས་སུ་དེབ་སྐྱེལ་ལེགས་འགྲུབ་བྱུང་བའི་མཛད་སྒོ་འཚོགས་ཡོད་ཅིང་། སྐུ་མགྲོན་དུ་ཀ་ན་ཊ་ཀ་མངའ་སྡེའི་གཞི་རིམ་འོག་མའི་ཤེས་རིག་བློན་ཆེན་སྐུ་ཞབས་མཱ་དྷུ་བྷང་བྷུ་རུ་པཱ་ (Madhu Bangarappa )ལགས་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཐུབ་བསྟན་སྦྱིན་པ་ལགས། ༧སྐུའི་གཅུང་མོ་བཀའ་ཟུར་རྗེ་བཙུན་སྒྲོལ་མ་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དེ་བཞིན་སྤྱི་འཐུས་ཁག་ཅིག་ཕེབས་གནང་འདུག

སྐབས་དེར་སློབ་གྲྭའི་སློབ་སྤྱི་བློ་བཟང་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གཏམ་བཤད་གནང་སྐབས། དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སློབ་གྲྭ་འདི་ཉིད། གཙོ་བོ་༧སྤྱི་ནོར་ྋགོང་ས་སྐྱབས་མགོན་༧རྒྱལ་དབང་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དགོངས་ནང་བཞིན། ཕྱི་ལོ་ ༡༩༦༩ ལོར་དགེ་འདུན་པ་རྣམས་སྦག་ས་ཆོས་སྒར་ནས་མོན་གྷོ་གཞིས་ཆགས་སུ་འབྱོར་བའི་མཚམས་དེ་ལ། མ་འོངས་པར་སངས་རྒྱས་ཀྱི་བསྟན་པའི་སོན་རྩའི་ཆེད། གྲྭ་རྒྱུན་སློབ་ཕྲུག་གསར་དུ་འཇུག་རྒྱུ་མགོ་བརྩམས་ཏེ། དེ་ཚོ་ལ་ཤེས་ཡོན་སློབ་སྦྱོང་འཐུས་ཚང་ཡོང་ཆེད། ཕྱི་ལོ་ ༡༩༧༠ ལོར་སློབ་གྲྭ་འདི་ཉིད་གསར་དུ་དབུ་འཛུགས་གནང་བ་རེད། དེའི་སྐབས་ལ་སློབ་ཕྲུག་ ༢༢ ཙམ་ཞིག་མ་གཏོགས་བྱུང་མི་འདུག ཡིན་ནའང་། ཁོང་ཚོ་ལ་ཞལ་འདོན་སྐྱོར་སྦྱོང་བྱ་རྒྱུ་དང༌། ཡི་གེ་འབྲི་ཀློག་བཅས་བསླབས། སློབ་ཁྲིད་བྱ་རྒྱུའི་མགོ་བཙུགས་འདུག རིམ་པས་སྦྱང་ཤིང་སྟེང་ཡིག་གཟུགས་འབྲི་བ་དང༌། བོད་ཀྱི་རིག་གནས་སུམ་རྟགས་དང་སྙན་ངག་བསླབས། ཕྱི་ལོ་ ༡༩༧༥ ལོར་༧སྐྱབས་རྗེ་ཛེ་སྨད་རིན་པོ་ཆེ་མཆོག་དང༌། སྐབས་དེའི་གྲྭ་ཚང་གི་མཁན་གདན་ཟུར་རྣམ་པ། ཝ་ར་ཎ་སི་ནས་ཕེབས་པའི་རང་ཁོངས་མཁས་དབང་དགེ་བཤེས་རྣམ་པ་ཁག་ཅིག་བཅས་ལྷན་འཛོམས་གནང་ནས་སློབ་ཚན་ཁག་གཏན་འབེབས་གནང༌། དེ་ནས་ྋསྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༧སྐྱབས་རྗེ་ཟོང་རིན་པོ་ཆེ་རྣམ་གཉིས་ལའང་སྤྱན་འབུལ་ཞུས་པ་རེད། དེ་དུས་གཙོ་བོའི་སློབ་ཚན་མཚན་ཉིད་དང་། ཞར་བྱུང་སློབ་ཚན་དེ་ལ་སྙན་སུམ་དང༌། རྩོམ་རིག  རྒྱལ་རབས། ཆོས་འབྱུང༌། ཡིག་གཟུགས། རི་མོའི་སྒྱུ་རྩལ་སོགས་དང་། དེང་དུས་ཀྱི་ཤེས་ཡོན་དབྱིན་ཇིའི་སྐད་ཡིག་དང༌། ཨང་རྩིས་བཅས་ཡོད་པ། སྲོལ་རྒྱུན་དང་དེང་རབས་ཀྱི་ཤེས་ཡོན་ཟུང་དུ་འཇུག་པའི་སློབ་གྲྭ་ཞིག་ཚུགས་ཐུབ་པ་བྱུང་འདུག དེ་ནས་རིམ་པས་ཡར་རྒྱས་ཕྱིན་ནས། ཕྱི་ལོ་ ༢༠༠༧ ལོར་གློག་ཀླད་དང༌། རྒྱ་ཡིག་འཛིན་གྲྭ།  རིམ་པས་ཚན་རིག་དང་སྤྱི་ཚོགས་ཚན་རིག་བཅས་ཀྱི་འཛིན་གྲྭ་ཡང་གསར་འཛུགས་གནང་ཡོད། ཅེས་བརྗོད་སོང་།

ཡང་ཁོང་གིས། དེང་སྐབས་ལོ་རེ་ནས་ལོ་རེར་ཤེས་ཡོན་ཡིན་ན་རེད། གྲྭ་ཚོགས་ཀྱང་མང་དུ་ཕྱིན་ནས། ད་ལྟའི་འཆར་ལ་སྔོན་འགྲོ་འཛིན་གྲྭ་དང༌། འཛིན་གྲྭ་དང་པོ་ནས་བཅུ་བ་བར་སློབ་ཕྲུག་དྲུག་བརྒྱ་ལྷག་ཡོད། ཕར་ཕྱིན་ནས་འདུལ་བ་འཛིན་གྲྭ་བར་དགེ་འདུན་པ་ཞལ་གྲངས་ ༣༠༠ ལྷག་ཙམ་དེ་འདྲ་ཞིག་ཡོད། རྒྱུགས་སྤྲོད་སྐོར་ལ་ཡིན་ནའང་འཛིན་གྲྭ་སྔོན་འགྲོ་ནས་འཛིན་གྲྭ་ལྔ་བ་བར་ལ་ལོ་རེར་ཟླ་གསུམ་རྒྱུགས་སྤྲོད་དང༌། ཟླ་དྲུག་རྒྱུགས་སྤྲོད། ལོ་འཁོར་རྒྱུགས་སྤྲོད་བཅས་གཏོང་བཞིན་ཡོད། འཛིན་གྲྭ་དྲུག་པ་ནས་འདུལ་བ་འཛིན་གྲྭ་བར་ལ་ལོ་རེར་ཟླ་དྲུག་རྒྱུགས་སྤྲོད་དང་ལོ་འཁོར་རྒྱུགས་སྤྲོད་གཏོང་བཞིན་ཡོད་པ་མ་ཟད། རྒྱུགས་སྤྲོད་ཀྱི་སློབ་ཚན་གཙོ་བོ། མཚན་ཉིད་བྲིས་རྒྱུགས་དང་། རྩོད་རྒྱུགས། བློ་འཛིན། སྙན་སུམ། རྩོམ་རིག རྒྱལ་རབས། ཆོས་འབྱུང་། ཡིག་གཟུགས། རི་མོ། ཚན་རིག སྤྱི་ཚོགས་ཚན་རིག གློག་ཀླད། མ་ཚད་རྒྱ་ཡིག་སྦྱོང་མཁན་ཁག་གཅིག་ལའང་རྒྱ་ཡིག་རྒྱུགས་སྤྲོད་བཅས་བྱེད་ཀྱི་ཡོད། ཕྱི་ལོ་ ༡༩༧༠ ལོར་སློབ་གྲྭ་འདི་ཉིད་དབུ་བརྙེས་པ་ནས་བཟུང་ད་ལྟའི་བར། ཚད་མ་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་དགེ་འདུན་པ་གྲངས་ ༡༣༤༨ དང༌། ཕར་ཕྱིན་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་གྲངས་ ༡༠༢༥ དང་། དབུ་མ་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་གྲངས་ ༩༧༥ །ཆོས་མངོན་པ་རབ་འབྱམས་པ་བཞེས་མཁན་གྲངས་ ༧༥༥། འདུལ་བ་རབ་འབྱམས་པའི་ཕྱག་འཁྱེར་བཞེས་མཁན་ ༦༢༥ བཅས་བྱུང་ཡོད་པ་དག་གིས། ད་ལྟའི་འཆར་གཞུང་ཞབས་ཁག་དང༌། སྐུའི་གསུང་བསྒྱུར། རྒྱལ་སྤྱིའི་ནང་པའི་སྤྱི་ཁྱབ་དྲུང་ཆེ། མཐོ་སློབ་ཁང་གི་སློབ་སྤྱི་དང་སློབ་དགེ། གཏན་ཉིན་སློབ་གྲྭ་ཁག་གི་ལྟ་གྲུབ་སློབ་དཔོན་དང༌། བོད་ཡིག་དགེ་རྒན། བོད་ཕྱི་ནང་གཉིས་སུ་གཞིས་དགོན་གྱི་མཁན་པོ་དང༌། ཕྱི་རྒྱལ་ཆོས་ཚོགས་ཁག་གི་སློབ་དཔོན་སོགས་ལས་རིགས་འདྲ་མིན་ནང་ལ་སློབ་གྲྭ་འདི་ནས་ཐོན་པ་མི་ཉུང་བ་ཞིག་བྱུང་ཡོད། ཕྱི་ལོ་༢༠༢༢ ལོ་ནས་བཟུང༌། ང་ཚོའི་སློབ་གྲྭ་འདི་རྒྱ་གར་དབུས་སློབ་གྲྭ་ (CBSE) ཁོངས་སུ་ཞུགས་པར་ཐབས་ཤེས་མང་པོ་བྱས་ནས། མཐའ་མ་དེར་ཕྱི་ལོ་ ༢༠༢༥ ཟླ་ ༡༡ ཚེས་ ༡༠ ཉིན། རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ཟེར་ན་མི་འདུག (CBSE) ཁོངས་སུ་དེབ་སྐྱེལ་ཡིག་ཆ་ཆ་ཚང་ལེགས་གྲུབ་ཟིན། ཞེས་ལས་དོན་དེར་ལམ་སྟོན་ཕྱག་རོགས་གནང་མཁན་ལྷོ་སྤྱི་ལགས་ཀྱི་དབུས་ལས་བྱེད་ཚང་མར་ཐུགས་རྗེ་ཆེ་ཞུས་སོང་

ཀ་ན་ཌ་ཀ་མཁའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨར་ཝི་དྷི་ཤ་པན་དྷེ་ (RV Deshapande) ལགས་མཛད་སྒོར་ཕེབས་ནས་གསུང་བཤད་གནང་། ༢༠༢༥།༡༢།༢༧ དུས་བབ་ཀྱི་པར།

ཀ་ན་ཌ་ཀ་མཁའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨར་ཝི་དྷི་ཤ་པན་དྷེ་ (RV Deshapande) ལགས་ཀྱིས། འཛམ་གླིང་གི་མ་འོངས་པའི་ཆེད་དུ་བུ་ཕྲུག་ཚོ་ལ་གུས་བཀུར་ཞུ་ཡི་ཡོད། ང་སྒེར་ནས་གུས་བཀུར་ཞུ་ཡི་ཡོད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ང་ཚོའི་མངའ་སྡེར་ཕེབས་པ་ཧ་ཅང་དགའ་པོ་བྱུང་། ལྷག་པར་དུ་མངའ་སྡེའི་བློན་ཆེན་ཞིག་ཡིན་པའི་ཆ་ནས། ཁྱེད་ཚོ་ཚང་མས་ང་སྐད་བཏང་ནས་དེ་རིང་ཞོགས་པར་ཁོང་གི་བྱིན་རླབས་ཞུ་རྒྱུ་དེ་ངའི་གཟི་བརྗིད་རེད། ཁོང་གི་དུས་ཚོད་ཧ་ཅང་བྲེལ་ཟིང་ཆེ་བའི་དབར་དུའང་ང་ཚོ་དང་འཛམ་གླིང་གང་སར་ནས་ཕེབས་པའི་མི་མང་ལ་མཇལ་ཁ་སྩལ་བ་ནི་གཟི་བརྗིད་ཅིག་དང་། ལྷག་པར་དུ་ཁྱེད་ཚོ་གཞིས་ཆགས་ཆེ་ཤོས་དེ་ཀར་ན་ཊ་ཀ་རུ་ཡོད་པ་དེ་གཟི་བརྗིད་རེད། བོད་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ཧ་ཅང་བཟང་ཞིང་། རྒྱ་གར་ནི་ང་ཚོ་ཚང་མ་ལ་རྟག་ཏུ་ཡོད། ང་ཚོ་ཚང་མ་རྒྱ་གར་རྒྱལ་ཁབ་ཀྱི་ཆ་ཤས་ཤིག་རེད། དེ་ནི་ང་ཚོས་རྟག་ཏུ་གུས་བཀུར་ཞུ་བའི་བརྩེ་བ་དང་བརྩི་འཇོག་ཞུ་འོས་པ་ཞིག་རེད། ཅེས་གསུངས་སོང་།

ཡང་ཁོང་གིས། ང་རང་ཤེས་རིག་བློན་ཆེན་ཞིག་ཡིན་པའི་ཆ་ནས། ཤེས་ཡོན་ཡག་པོ་སྤྲོད་པར་བཀག་འགོག་གང་ཡང་མེད། ཆོག་མཆན་སྤྲོད་པའི་བརྒྱུད་རིམ་དང་། སློབ་ཁྲིད་བྱེད་པའི་གོ་རིམ་ཁྲོད་ས་མཚམས་གང་ཡང་མེད། སྐད་ཡིག་དང་། རྒྱལ་ཁབ། མངའ་སྡེ། དེ་བཞིན་ཆོས་ལུགས་ལ་ས་མཚམས་ཡོད། འོན་ཀྱང་། ཤེས་ཡོན་གཅིག་པུ་ལ་ས་མཚམས་མེད། འཛམ་གླིང་ཧྲིལ་པོ་ཤེས་ཡོན་ཁོ་ནའི་འོག་ཡར་རྒྱས་འགྲོ་ཡི་རེད། ཞི་བདེ་རྒྱུན་གནས་བྱེད་ཀྱི་རེད། སྨྱུ་གུ་ནི་རལ་གྲི་ལས་རྣོ་བ་རེད། སློབ་ཕྲུག་འདི་ཚོ་ནི་རྒྱལ་ཁབ་འདིའི་མ་འོངས་པ་རེད། ང་རང་ཤེས་རིག་བློན་ཆེན་ཞིག་ཡིན་པའི་ཆ་ནས་འདིར་ཡོང་རྒྱུ་དེ་གཟི་བརྗིད་ཅིག་རེད་ལ། གཞིས་ཆགས་ཆེ་ཤོས་ཤིག་འདིར་ཡོད་པ་དེའང་གཟི་བརྗིད་རེད། ཅེས་སོགས་གསུངས་སོང་།

དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དེ་ཉིད་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བའི་མཛད་སྒོའི་ཐོག་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ལ་གསོལ་རེས་གནང་། ༢༠༢༥།༡༢།༢༧ དུས་བབ་ཀྱི་པར།

དགའ་ལྡན་ཤར་རྩེ་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱང་ཆུབ་སངས་རྒྱས་ལགས་ཀྱིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་སྐབས། འདི་ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་དང་བསྟུན། བྱམས་བརྩེའི་ལོ་འཛམ་གླིང་ཡུལ་ལུང་གང་སར་ཚོགས་པ་སྒྲིག་འཛུགས་དང་། དད་ལྡན་ཁྲི་འབུམ་མང་པོས་སྲུང་གཙི་ཞུས་དང་ཞུ་བཞིན་པ་ལྟར། འདི་ག་དགའ་ལྡན་ཤར་རྩེ་གྲྭ་ཚང་ནས་ཀྱང་༸རྒྱལ་བའི་གོ་སྟོན་སྲུང་བརྩིའི་ཆེད།  གྲྭ་ཚང་དང་སློབ་གྲྭའི་གོ་སྒྲིག་འོག་༸རྒྱལ་བའི་འཁྲུངས་སྐར་དུས་ཆེན་ལོ་ལྟར་སྲུང་བརྩི་ཞུ་མུས་ལྟར་འདི་ལོར་གདན་ས་ཆེན་པོ་དགའ་འབྲས་གཉིས་ཀྱི་གྲྭ་ཚང་བཞིའི་སློབ་གྲྭ་དང་སམ་བྷོ་ཊའི་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་༸རྒྱལ་བའི་མཛད་རྣམ་སྐོར་གསུང་བཤད། ༸གོང་ས་མཆོག་ལ་ཨ་རིའི་རྒྱལ་ཡོངས་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཀྱི་དུས་དྲན་མཛད་སྒོ་གདན་ས་ཆེན་པོ་དགའ་འབྲས་གཉིས་ཀྱི་གྲྭ་ཚང་བཞིའི་སློབ་དགེ་དང་སམ་བྷོ་ཊའི་སློབ་དགེ་བཅས་ཀྱིས་༸རྒྱལ་བའི་མཛད་གཞིས་སྤྱིའི་ནོར་བུ་རིར་དགའ་ལྡན་ཤར་རྩེ་གྲྭ་ཚང་གིས་ལོ་ལྟར་གོ་སྒྲིག་ཞུས་ཏེ་ལོ་ངོ་ ༡༨ འཁོར་བ་འདི་ལོར་མཛད་རྣམ་སྐོར་གསུང་བཤད། གྲྭ་ཚང་གི་ཚན་རིག་སྡེ་ཚན་གིས་གོ་སྒྲིག་ཞུས་ཏེ་ཚན་རིག་གི་བགྲོ་གླེང་དང་མཁས་པའི་གསུང་བཤད།   གྲྭ་ཚང་གི་སློབ་གཉེར་ལྷན་ཚོགས་དང་དཔེ་མཛོད་ཀྱིས་གོ་སྒྲིག་ཞུས་ཏེ། ཚད་ཆེན་རྩ་འགྲེལ་མཁས་པའི་འཆད་ཁྲིད་དང༌། ཆོས་བརྒྱུད་རིས་མེད་གསང་སྔགས་བགྲོ་གླེང་ཆེན་མོ་སོགས་འཚོགས་ཟིན་པ་དང་། འདི་ལོའི་བོད་ཟླ་ ༡༢ ཚེས་ ༣ ནས་ཉིན་ལྔའི་རིང་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ཀྱི་གོ་སྒྲིག་འོག བོད་ཀྱི་མཐོ་རིམ་སློབ་མའི་ཚོགས་ཆེན་འཚོག་གཏན་ཁེལ་ཡོད་ལ། སྐབས་དེར་ནང་ཆོས་དང༌། བོད་ཀྱི་སྐད་ཡིག ལྷག་པར་༸རྒྱལ་བའི་མཛད་རྣམ་དང་ཕྱག་དེབ་སྐོར་བགྲོ་གླེང་གནང་གཏན་ཁེལ་ཡོད། ཅེས་གསུངས་སོང་།

དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་སློབ་གྲྭ་དེ་ཉིད་དབུ་བརྙེས་ནས་མི་ལོ་ ༥༥ འཁོར་བའི་མཛད་སྒོ་འཚོགས། ༢༠༢༥།༡༢།༢༧ དུས་བབ་ཀྱི་པར།

ཡང་མཁན་རིན་པོ་ཆེ་མཆོག་གིས། ༸གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་བཞིན། སློབ་གྲྭ་འདི་ཉིད་རྒྱ་གར་དབུས་འབྲིང་རིམ་ཤེས་ཡོན་ལྷན་ཚོགས་ (CBSE) ཁོངས་སུ་དེབ་སྐྱེལ་ལེགས་གྲུབ་བྱུང་བ་འདི་ལ་བརྟེན་ནས། སློབ་ཕྲུག་རྣམས་ཀྱི་གནའ་དེང་ཤེས་ཡོན་གནས་ཚད་གོང་མཐོར་འགྲོ་རྒྱུ་དང༌། སློབ་གྲྭ་ཐོན་རྗེས་འཛམ་གླིང་ཡུལ་ལུང་གང་སར་བསྟན་འགྲོའི་དོན་རྒྱ་ཆེན་པོ་བསྒྲུབ་རྒྱུར་ཕན་ཐོགས་རླབས་ཆེན་པོ་ཡོང་རྒྱུའི་རེ་བ་ཙམ་དུ་མ་ཟད། འགན་འཁྲི་ཡོད་པའི་ལས་སྣེ་སྤྱི་དང༌། ལྷག་པར་སློབ་གྲྭའི་དགེ་སློབ་ཡོངས་ཀྱིས་འབད་བརྩོན་སྒོ་ཀུན་ནས་ཞུ་རྒྱུར་ཆོད་སེམས་བརྟན་པོ་ཡོད་དགོས། རྒྱ་གར་དབུས་དང་ས་གནས་གཞུང་ནས་ཀྱང་ལམ་སྟོན་དང་མཐུན་འགྱུར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད། ཅེས་དང་། ཡང་ཁོང་གིས།  སློབ་ཕྲུག་སྟོང་ཕྲག་མང་པོར་ལོ་ངོ་ ༢༠ ལྷག་གི་རིང་། གཞུང་ཆེན་སློབ་གཉེར་གཙོར་བཟུང་ཐོག་བོད་ཀྱི་སྙན་སུམ་རིག་གནས་དང་། རྒྱལ་རབས་ཆོས་འབྱུང་། དེང་རབས་ཀྱི་སྐད་ཡིག་དང་ཨང་རྩིས། ཚན་རིག་བཅས་གནའ་དེང་ཤེས་ཡོན་ཕུན་སུམ་ཚོགས་པ་འདབ་གཤོག་གཉིས་ལྡན་སྐྱེས་སྲིང་བྱེད་བཞིན་ཡོད་པ་དང་། རང་རེའི་ཆོས་དང་རིག་གཞུང་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པ་འཛམ་གླིང་གི་གཅེས་ནོར་དུ་གྱུར་བ་འདི་ཉིད་སྒོ་མོ་ཡངས་པོར་ཕྱེས་ཡོད་པས། བོད་མིའི་གཞིས་ཆགས་དང་རྒྱ་བལ་འབྲུག་གསུམ། ཕྱི་རྒྱལ་ཡུལ་ལུང་གང་ས་ནས་སློབ་གྲྭ་འདིའི་ནང་འཛུལ་ཞུགས་བྱེད་མཁན་གང་མང་ཡོང་བའི་རེ་སྐུལ་ཞུ་བཞིན་ཡོད། ཅེས་གསུངས་སོང་།

གསར་འགོད་པ། དཔལ་ལྡན་གྱིས་སྒོ་མང་ཟུང་ཆུ་ཁང་ཚན་ནས་སྤེལ། རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་གནང་བ། ༢༠༢༦།༠༢།༠༩ ཐད་གཏོང་གི་པར་བཤུས།
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཇི་ནི་ཝའི་གླེང་སྟེགས་དབུ་འཛུགས་ཐོག་བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་།

ཆུ་ཚོད་ ༧ སྔོན་ལ།
The Millionaire media tycoon Jimmy Lai, 72, poses during an interview with AFP at the Next Digital offices in Hong Kong. June 16 2020
(Photo by Anthony WALLACE / AFP)
Mobile App

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཇི་མི་ལའེ་ལགས་ལ་ལོ་ ༢༠ བཙོན་འཇུག་ཁྲིམས་ཐག་བཅད། 

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་བཀོད། ལྡི་ལི་དོན་གཅོད་ཀྱི་སྐུ་པར། ༢༠༢༦།༠༢།༠༩
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་བདེ་བར་འཁོད།

ཆུ་ཚོད་ ༩ སྔོན་ལ།
A-Nya Sengdra
Mobile App

ཨ་ཉག་སེང་སྒྲ་ལགས་ཀློད་གྲོལ་བཏང་འདུག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

༢༠༢༦/༠༢/༠༨
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

༢༠༢༦/༠༢/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese