མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་རླུང་འཕྲིན་ཁང་ལ་རོགས་དངུལ་སྤྲོད་པའི་ཁྲིམས་འཆར་བཏོན།

བོད་ཀྱི་དུས་བབ།
༢༠༢༦/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་ཚོགས་ཆུང་ཞིག་གིས་ཨ་རིའི་འཛམ་གླིང་གསར་འགྱུར་ལས་ཁུངས་ལ་ཨ་སྒོར་ས་ཡ་ ༦༥༣ སྤྲོད་པའི་རྒྱབ་སྐྱོར་ཁྲིམས་འཆར་བཏོན་འདུག

The U.S. Agency for Global Media website is displayed on a phone with Voice of America branding in the background. Photo: Jonathan Raa/NurPhoto via Getty Images

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་འཐུས་མི་ལྡན་པའི་ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་ཚོགས་ཆུང་གིས། སྲིད་འཛིན་ཊོམ་ཕུར་དགག་བྱ་ལ་མ་ལྟོས་པར་ཨ་རིའི་རླུང་འཕྲིན་ཁང་ལ་ཨ་སྒོར་ས་ཡ་ ༦༥༣ གྱི་རོགས་དངུལ་མུ་མཐུད་སྤྲོད་པའི་ཐག་གཅོད་བྱས་འདུག རོགས་དངུལ་དངོས་སུ་བཀའ་འཁྲོལ་གཏན་འབེབས་ཡོང་བར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་བརྒྱུད་ནས་རྒྱབ་སྐྱོར་ཐོབ་རྗེས། སྲིད་འཛིན་ཊོམ་ཕུས་མཚན་རྟགས་བསྐྱོན་དགོས་པ་ཞིག་ཡིན་འདུག་ལ། ད་ལྟའི་ཆར་ཨ་རིའི་གྲོས་ཚོགས་གོང་འོག་བརྒྱུད་པ་ཡིན་ནའང་། ཊོམ་ཕུས་མཚན་རྟགས་རྒྱག་མིན་ཐད་བསམ་ཚུལ་འདྲ་མིན་ཡོང་གི་འདུག

འཛམ་གླིང་རླུང་འཕྲིན་ (Radio World) གྱིས་སྤེལ་བའི་གནས་ཚུལ་ལྟར་ན།  ཨ་རིའི་གྲོས་ཚོགས་ཀྱིས་ཐེངས་འདིར་རོགས་དངུལ་ཨ་སྒོར་ས་ཡ་ ༦༥༣ བཀོལ་སྤྱོད་བྱེད་ཕྱོགས་ཀྱི་ལམ་སྟོན་གསལ་བོ་གནང་ཡོད་ཅིང་། རོགས་དངུལ་ལས་ཨ་སྒོར་ས་ཡ་ ༡༩༩ ཨ་རིའི་རླུང་འཕྲིན་ཁང་དང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་ས་ཡ་ ༥༣།༥ ། དེ་བཞིན་ཡུ་རོབ་རང་དབང་རླུང་འཕྲིན་དང་རང་དབང་རླུང་འཕྲིན་ཁང་གཉིས་ལ་ཨ་སྒོར་ས་ཡ་ ༡༡༢ ། དཀྱིལ་ཤར་ཡུལ་གྲུའི་རྒྱང་བསྒྲགས་དྲ་རྒྱར་ས་ཡ་ ༦༩།  ཁོའུ་བྷ་རྒྱང་བསྒྲགས་ཁང་ལ་ཉུང་མཐར་ཨ་སྒོར་ས་ཡ་ ༣༠ བཅས་བགོ་འགྲེམས་བྱ་དགོས་ཀྱི་ཡོད་འདུག

ཨ་རིའི་གྲོས་ཚོགས་ཀྱི་ཁྲིམས་འཆར་དེའི་འོག་ནས་ཨ་རིའི་འཛམ་གླིང་གསར་འགྱུར་ལས་ཁུངས་ (USAGM) ལ་གོང་བརྗོད་གསར་ཁང་དག་ལ་དངུལ་བགོ་འགྲེམས་བྱེད་པའི་ཐོབ་ཐང་ཡོད་ཀྱང་། གསར་ཁང་རེ་རེའི་མ་དངུལ་དེ་གྲོས་ཚོགས་ལ་སྔོན་བརྡ་མ་བཏང་བར་བརྒྱ་ཆ་བཅུ་ལས་ཉུང་བར་གཏོང་ཆོག་གི་མེད་པའི་ཁར། ཨ་རིའི་འཛམ་གླིང་གསར་འགྱུར་ལས་ཁུངས་ཀྱི་སྤྱི་གཉེར་བས། ཕྱི་ལོ་ ༢༠༢༧ ཟླ་ ༩ ཚེས་ ༣༠ བར་ལོ་རེའི་ཟླ་གསུམ་རིང་གི་རྒྱང་བསྒྲགས་རླུང་འཕྲིན་གྱི་ལས་དོན་དང་མཐུན་རྐྱེན། ཁང་དངོས་སོགས་ཀྱི་གནས་སྟངས་གྲོས་ཚོགས་ལ་སྙན་སེང་ཞུ་དགོས་ཀྱི་ཡོད་འདུག

འདས་ལོའི་ཕྱི་ཟླ་ ༣ ནང་ཨ་རིའི་སྲིད་འཛིན་ཊོམ་ཕུས་རོགས་དངུལ་མཚམས་འཇོག་གི་བཀོད་ཁྱབ་ཅིག་བཏང་སྟེ། ཨ་རིའི་འཛམ་གླིང་གསར་འགྱུར་ལས་ཁུངས་ཀྱི་གཙོས་གསར་འགྱུར་ལས་རིགས་དང་འབྲེལ་བའི་ལས་ཁུངས་དྲུག་གི་ལས་མཚམས་འཇོག་དགོས་པ་དང་། ལས་བྱེད་ཕྱིར་ཕུད་དང་ལས་ཁུངས་སྒོ་རྒྱག་དགོས་སྐོར་སོགས་ནན་བརྗོད་བྱས་སྟབས། ཨ་རི་ཙམ་དུ་མ་ཟད་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་གསར་འགོད་པ་མང་པོའི་ལས་ཀ་ཤོར་ཡོད་ལ། གསར་འགོད་པ་མང་པོ་ཞིག་གིས་རང་ཉིད་དྲང་བདེན་མིན་པའི་ཐག་གཅོད་འོག་ལས་གནས་ནས་ཕྱིར་ཕུད་བཏང་བར་ཁྲིམས་གཏུགས་བྱས་དང་བྱེད་བཞིན་ཡོད་པར་བརྟེན། ད་ལྟ་ཨ་རིའི་འཛམ་གླིང་གསར་འགྱུར་ལས་ཁུངས་ལའང་དཀའ་ངལ་མང་དག་ཅིག་འཕྲད་མུས་ཡིན་པ་དང་། ཨ་རིའི་གྲོས་ཚོགས་འོག་མ་དང་གོང་མ་གཉིས་ནས་རོགས་དངུལ་སྤྲོད་པའི་ཐག་གཅོད་དེར་རྒྱབ་སྐྱོར་བྱེད་སྲིད་ནའང་། སྲིད་འཛིན་ཊོམ་ཕུས་རོགས་དངུལ་ཟུར་འཇོག་གིས་བགོ་བཤའ་རྒྱག་པའི་གནས་བབ་ཅིག་མཐོང་བ་ཡིན་ན། ཁྲིམས་འཆར་དེར་རྒྱབ་སྐྱོར་བྱེད་མི་སྲིད་སྐོར་ཉམས་ཞིབ་པས་བརྗོད་འདུག

ཨ་རིའི་འཛམ་གླིང་གསར་འགྱུར་ལས་ཁུངས་ཀྱི་འགན་འཛིན་ཀེ་རེ་ལེག་ལགས་ཀྱིས།  སྔར་ལོ་དང་བསྡུར་ན་རོགས་དངུལ་ལ་ཆག་ཡང་བྱུང་བ་ནི་ཡར་རྒྱས་ཀྱི་ཕྱོགས་སུ་གོམ་པ་སྤོས་པ་ཞིག་ཡིན་རུང་། ཨ་རིའི་རྒྱང་བསྒྲགས་ལས་ཁུངས་ཀྱིས་ད་དུང་སྲིད་འཛིན་ཊམ་གྱི་གཏམ་བཤད་དང་ཨ་རིའི་གཏམ་རྒྱུད་འཛམ་གླིང་ལ་བཤད་ཐུབ་པ་མ་ཟད། ཁྲལ་འབབ་མང་པོ་འཕྲོ་བརླག་ཏུ་གཏོང་མི་དགོས་ཞེས་བརྗོད་འདུག་ལ། ཐེངས་འདིའི་རོགས་དངུལ་གྱི་གྲངས་འབོར་དེ་ཕྱི་ལོ་ ༢༠༢༣ ལོར་བཀའ་འཁྲོལ་ཐོབ་པའི་རོགས་དངུལ་ལས་ཨ་སྒོར་ས་ཡ་ ༢༡༤ ཉུང་བ་ཆགས་ཡོད།

ཨ་རིའི་རླུང་འཕྲིན་ཁང་ལ་རོགས་དངུལ་ཐོབ་པའི་གནས་ཚུལ་ཐོན་མ་ཐག བོད་མི་མང་པོ་ཞིག་གིས་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤ་ཡའི་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གཉིས་ནས་མགྱོགས་མྱུར་ལས་དོན་གཉེར་ཐུབ་པར་རེ་སྨོན་རྒྱག་གིན་འདུག ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནི་ཕྱི་ལོ་ ༡༩༩༠ ཕྱི་ཟླ་ ༢ ཚེས་ ༡༦ ཉིན་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་ཐོག་བོད་སྐད་ཐོག་རྒྱང་སྲིང་བྱེད་མགོ་བཙུགས་ཡོད་པ་དང་། བདུན་ཕྲག་རེར་བོད་སྐད་ཐོག་ཆུ་ཚོད་གཉིས་རེའི་བརྙན་འཕྲིན་གྱི་ལས་རིམ་དང༌། དེ་བཞིན་བོད་ནང་རླུང་འཕྲིན་གྱི་ལས་རིམ་ཁག་ཐད་ཀར་རྒྱང་སྲིང་བྱེད་བཞིན་ཡོད་འདུག

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནི་ཕྱི་ལོ་ ༡༩༩༦ ལོར་ཨ་རིའི་གྲོས་ཚོགས་ཀྱིས་འགྲོ་གྲོན་འོག་ཨེ་ཤ་ཡའི་ཡུལ་གྲུ་ཁག་ཅིག་གི་ནང་སྨྲ་བརྗོད་ཀྱི་རང་དབང་མེད་པའི་མི་མང་ཚོར་དངོས་བྱུང་ཁུངས་ལྡན་གྱི་གནས་ཚུལ་གོ་རྟོགས་ཐུབ་པའི་ཆེད་དུ་བཙུགས་པའི་རླུང་འཕྲིན་ཁང་ཞིག་ཡིན་པ་རེད།  བདུན་ཕྲག་རེའི་ནང་འཛམ་གླིང་ཐོག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསན་གཟིགས་གནང་མཁན་མི་གྲངས་ས་ཡ་ ༦༠ ཙམ་ཡོད་འདུག ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནང་དབུས་གཙང་གི་སྐད་དང༌། ཨམ་སྐད། ཁམས་སྐད་བཅས་ཀྱི་ཐོག་གནས་ཚུལ་རྒྱང་སྲིང་བྱེད་བཞིན་ཡོད་ཅིང་།  གསར་འགྱུར་ལས་རིམ་ནི་རླུང་འཕྲིན་དང་། བརྙན་འཕྲིན། སྤྱི་ཚོགས་དྲ་རྒྱ་དང་དྲ་ཐོག་བཅས་ཀྱི་བརྒྱུད་ནས་རྒྱང་སྲིང་བྱེད་བཞིན་ཡོད་འདུག

ཨ་རིའི་རླུང་འཕྲིན་ཁང་ (VOA) ནི་ཕྱི་ལོ་ ༡༩༤༢ ལོར་འཛམ་གླིང་དམག་ཆེན་གཉིས་པ་དང་གྲང་དམག་གི་སྐབས་སུ་རང་དབང་གི་ཐོག་ནས་གནས་ཚུལ་ཤེས་རྟོགས་ཆེད་དུ་མགོ་བཙུགས་ཡོད་ཅིང་། ཕྱི་ལོ་ ༡༩༧༦ལོའི་ཟླ་༧ ཚེས་ ༡༢ ཉིན་ཨ་རིའི་སྲིད་འཛིན་ཟུར་པ་ཇེ་རལ་ཌི་(Gerald R. Ford) མཆོག་གིས་ཨ་རིའི་ཁྲིམས་མཐུན་ཐོག་ནས་ངོས་འཛིན་ཡོད་པའི་མཚན་རྟགས་བཀོད་འདུག ཨ་རིའི་རྒྱང་སྲིང་འགན་འཛིན་ལྷན་ཚོགས་ཀྱིས་བཀོད་འདོམས་འོག་སྐད་རིགས་ ༥༠ ཙམ་ལ་རྒྱང་སྲིང་བྱེད་བཞིན་པའི་རྒྱལ་སྤྱིའི་གསར་ཁང་ཞིག་ཏུ་ཆགས་ཡོད་ལ། ད་ལྟའི་ཆར་བདུན་ཕྲག་རེར་འཛམ་གླིང་ཐོག་རླུང་འཕྲིན་ཁང་དེར་གསན་གཟིགས་གནང་མཁན་མི་གྲངས་ས་ཡ་ ༣༥༤ ཙམ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

ཆུ་ཚོད་ ༣ སྔོན་ལ།
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

ཆུ་ཚོད་ ༥ སྔོན་ལ།
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

ཆུ་ཚོད་ ༦ སྔོན་ལ།
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese