མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་སྤྱི་ཚོགས་ལ་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བར་གྲ་སྒྲིག་དགོས།

བོད་ཀྱི་དུས་བབ།
༢༠༢༦/༠༡/༡༦
Share on FacebookShare on TwitterShare on EmailShare on Whatsapp

བོད་པར་གྲ་སྒྲིག་མེད་ཚེ་རྒྱ་ནག་འཐོར་ཞིག་གམ་ཡང་ན་དམངས་གཙོའི་ལམ་ལུགས་སུ་བསྐྱོད་པ་ཡིན་ནའང་རག་རྒྱུ་ཅི་གང་མེད་པས་ད་ལྟ་ནས་གྲ་སྒྲིག་དགོས་ཀྱི་ཡོད།

སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གི་ད་ལྟའི་གནས་སྟངས་དབྱེ་ཞིབ་ལས་མཐོང་བའི་བོད་ཀྱི་གོ་སྐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༡།༡༥

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་དང་ས་རཱ་མཐོ་སློབ་གཉིས་ཀྱི་གོ་སྒྲིག་འོག སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་ཕྱུར་གོང་བ་རྒྱལ་ལགས་ནས། རྒྱ་ནག་གི་གནས་སྟངས་དབྱེ་ཞིབ་ལས་མཐོང་བའི་བོད་ཀྱི་གོ་སྐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་ཀྱི་ལས་རིམ་ཞིག་འཚོགས་སོང་བ་དང་། ལས་རིམ་དེའི་སྟེང་དུ་ས་རཱ་མཐོ་སློབ་ཀྱི་སློབ་སྤྱི་གཙོ་གཞོན་གཉིས་ཀྱི་དབུས་པའི་མཐོ་སློབ་ཀྱི་སློབ་གཉེར་བ་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྣམས། དེ་བཞིན། བོད་དོན་ལས་འགུལ་བསྟི་གནས་ཁང་གི་བཞུགས་སྒར་ལས་ཁུངས་ཀྱི་ལས་བྱེད་རྣམ་པ་དང་བཞུགས་སྒར་ཁུལ་དུ་གནས་པའི་ཉམས་ཞིབ་པ་སོགས་འཛོམས་འདུག

སྐབས་དེར་འབུམ་རམས་པ་ལྡོང་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གི་གནས་སྟངས་དབྱེ་ཞིབ་ལས་མཐོང་བའི་བོད་ཀྱི་གོ་སྐབས་ཞེས་པའི་བརྗོད་གཞིའི་སྐོར་ལ། ངས་འདས་པའི་ལོ་ངོ་ལྔ་ཙམ་གྱི་རིང་ལ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་གཞུང་མང་གཉིས་ལ་རྒྱུས་ལོན་བྱས་པ་ལྟར་ན།  ང་ཚོས་བོད་ནང་གི་གནས་སྟངས་ཐོག་རྒྱ་ནག་གི་གནས་སྟངས་མགོ་ཡག་པོ་འཚོས་པ་ཡིན་ན། མ་འོངས་པའི་བོད་དོན་འཐབ་རྩོད་ཀྱི་ཁ་ཕྱོགས་ཇེ་གསལ་དུ་འགྲོ་བར་ཕན་ཐོགས་པའི་ཀུན་སློང་བཅིངས་ཏེ་བརྗོད་གཞི་འདི་འདེམས་པ་ཡིན། དེའི་ནང་ནས་ཀྱང་ང་ཚོའི་འཐབ་རྩོད་བྱེད་ས་རྒྱ་ནག་གི་གནས་སྟངས་སྐོར་ལ་གོ་རྟོགས་ཞན་པོ་བྱས་ནས་བསྡད་པ་ཡིན་ན། ང་ཚོའི་འཐབ་རྩོད་ཀྱི་དམིགས་ཡུལ་འགྲུབ་ཀྱི་མེད། རྒྱ་ནག་གི་སྐོར་ལ་རྒྱུས་ལོན་ཡག་པོ་ཡོད་ཚེ། ང་ཚོ་འགྲོ་སའི་ཁ་ཕྱོགས་གསལ་བ་དང་ཐབས་ཇུས་འཐེན་ཐུབ་པའི་གནས་སྟངས་ཤིག་ཡོང་གི་རེད་བསམས་ནས་བརྗོད་གཞི་འདི་འདེམས་པ་ཡིན། ཞེས་གསུངས་སོང་།

ཡང་ད་ལྟའི་རྒྱ་ནག་གི་གནས་སྟངས་ནི་འདས་པའི་ལོ་ངོ་དྲུག་ཅུ་རེ་གྲངས་ནང་བྱུང་མ་མྱོང་བའི་གོ་སྐབས་ཤིག་ཡིན་སྐོར་ལ་ཁོང་གིས།  ད་ལྟ་རྒྱལ་སྤྱིའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་རྒྱ་ནག་ཡང་འཇིག་རྟེན་གྱི་ཁོར་ཡུག་གཞན་ནང་ལྟར་མི་རྟག་པ་ཡིན་དུས་འགྱུར་བ་འགྲོ་ཡི་ཡོད། རྒྱ་ནག་ལ་འགྱུར་བ་འགྲོ་བཞིན་པའི་ཁྲོད་ད་ལྟའི་གནས་སྟངས་ནི་ང་ཚོ་བོད་པར་མཚོན་ན་འདས་པའི་ལོ་ངོ་དྲུག་ཅུ་རེ་གྲངས་ནང་བྱུང་མ་མྱོང་བ་དང་མ་འོངས་པར་འབྱུང་ཁག་པོ་ཡིན་པའི་གནས་སྐབས་ཤིག་ལ་ཐུག་བསྡད་ཡོད། རྒྱ་ནག་ལ་འགྱུར་བ་རིགས་མང་པོ་ཡོང་གི་ཡོད་པ་དང་འགྱུར་བ་རེ་རེའི་འོག་ནས་བོད་ལ་གོ་སྐབས་ག་རེ་ཡོད་མེད་དང་ང་ཚོས་གྲ་སྒྲིག་ག་འདྲ་བྱེད་དགོས་མིན་སོགས་ནི་ཧ་ཅང་གནད་འགག་ཆགས་ཡོད། ད་ལྟ་རྒྱ་ནག་དང་དམར་ཤོག་ཚོགས་པ། རྒྱ་ནག་མི་མང་ལ་འགྱུར་ལྡོག་ཆེ་བའི་ལོ་རྒྱུས་ཀྱི་ཀྱོག་མཚམས་ཤིག་ཏུ་བསླེབས་ཡོད། རྒྱ་ནག་ལ་འགྱུར་བ་ཇི་ཙམ་ཕྱིན་ན་དེའི་ཚོད་ཀྱིས་བོད་ལ་གོ་སྐབས་ག་རེ་ཤར་གྱི་ཡོད་པར་ངོས་འཛིན་བྱེད་ཐུབ་དགོས། རྒྱ་ནག་གི་གནས་སྟངས་མགོ་མ་འཚོས་པ་ཡིན་ན་ང་ཚོར་ཡོད་པའི་གོ་སྐབས་ངོས་འཛིན་བྱེད་མི་ཐུབ་ལ། ང་ཚོ་གོམ་པ་མདུན་སྤོ་བྱེད་པའི་རྨང་གཞི་མེད་པར་མདུན་སྤོ་ཡང་བྱེད་ཐུབ་ཀྱི་མེད།

ད་ལྟ་རྒྱ་ནག་ལ་མཚོན་ན་རྒྱལ་སྤྱིའི་སྟེང་ཁེར་རྐྱང་དུ་ལུས་པ་དང་ནང་ཁུལ་རྩོད་རྙོག་ཆེ་བ་སོགས་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་རྒྱ་ནག་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པ་དང་འགྲོ་སྲིད་པའི་ཟུར་མང་པོ་ཞིག་མངོན་ཡོང་གི་ཡོད། ད་ལྟ་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་རྒྱ་ནག་ལབ་དུས་དབྱེ་བ་འབྱེད་ཀྱི་མི་འདུག རྒྱ་ནག་ལ་ངོས་འཛིན་བྱེད་སྟངས་གཙོ་བོ་གཉིས་ཡོད་པ་ལས། གཅིག་རྒྱ་མི་རིགས་ཀྱི་རྒྱལ་ཁབ་ངོས་ནས་རྒྱ་ནག་ལ་བརྟག་དཔྱད་གཏོང་དགོས་པ་དང་གཅིག་དམར་ཤོག་ཚོགས་པའི་ངོས་ནས་བརྟག་དགོས། ད་ལྟ་རྒྱ་ནག་རྒྱལ་ཁབ་དང་དམར་ཤོག་ཚོགས་པ་གཉིས་ཀར་དཀའ་ངལ་འཕྲད་ཀྱི་ཡོད། སྔོན་མ་རྒྱ་ནག་ལ་དམངས་གཙོའི་འོས་འདེམས་བྱེད་སྲོལ་ཞིག་ཡོད་ཀྱང་། ད་ལྟ་ལྐོག་ཟ་རུལ་སུངས་ཀྱི་གནས་སྟངས་འོག་སུ་ལ་དངུལ་མང་བ་ཡོད་ན་དེར་གོང་ས་ཐོབ་ཀྱི་ཡོད་ལ། དམར་ཤོག་པའི་དམངས་གཙོའི་འགྲོ་ལུགས་དེ་གཏོར་ཚར་བ་རེད། གནད་དོན་འདི་ནི་རྒྱ་ནག་གནས་ཐུབ་དང་མི་ཐུབ་ཀྱི་གནད་འགག་ཅིག་རེད། རྒྱ་ནག་རྒྱལ་ཁབ་ཅིག་དང་ཡང་ན་དམར་ཤོག་ཚོགས་པའི་རྒྱལ་ཁབ་ཅིག་གི་ངོ་བོར་གནས་མིན་ཐད་དཀའ་ངལ་འཕྲད་ཀྱི་ཡོད།

རྒྱ་ནག་གི་དཔལ་འབྱོར་མ་ལག་ལ་ཕྱོགས་གཅིག་ཙམ་མིན་པར་ཕྱོགས་ཡོངས་ནས་ཉེན་ཁ་ཆེན་པོ་འཕྲད་ཀྱི་ཡོད། ལོ་རབས་བརྒྱད་ཅུ་བའི་ནང་ཕྱི་ཕྱོགས་སྒོ་འབྱེད་བྱས་ཏེ་རྒྱ་ནག་དཔལ་འབྱོར་ཐོག་བསྐྱོད་པའི་མགོ་བཙུགས་པ་ལས་རྒྱ་ནག་ལམ་ཁ་ཡག་པོ་ཞིག་གི་སྟེང་དུ་འགྲོ་ཐུབ་མེད།  རྒྱ་ནག་བོད་དུ་བསླེབས་རྗེས་ལོ་རབས་བརྒྱད་ཅུ་བ་ནས་ ༢༠༠༠ བར་ལོ་ཉི་ཤུའི་རིང་སྲིད་ཇུས་གུ་ཡངས་བཏང་བར་བརྟེན། ང་ཚོས་ལས་ཀ་ཅུང་ཙམ་ཞིག་བྱེད་ཐུབ་ཡོད། དེའི་རྗེས་ནས་རྒྱ་ནག་ལ་དཔལ་འབྱོར་གྱི་ལམ་ལུགས་མེད་པར་མུན་ནག་ནང་ལག་སྙོབ་བྱས་ནས་དཔལ་འབྱོར་ལམ་ལུགས་ཐོག་ལོ་བཅུ་ཕྱིན་པ་དང་། ཕྱི་ཕྱོགས་སྒོ་འབྱེད་བྱས་ནས་དཔལ་འབྱོར་གྱི་གནས་བབ་གང་འཚམ་ལམ་འགྲོ་བྱུང་ཡང་། ཕྱི་ལོ་ ༡༩༨༩ གནམ་སྡེ་སྒོ་མོ་ཆེའི་སློབ་ཕྲུག་ཡར་ལང་གི་དོན་རྐྱེན་བྱུང་བ་དང་རྒྱ་ནག་གཡོན་ཕྱོགས་ཐོག་ཤར་བསྐྱོད་བྱས་པ་རེད། ཕྱི་ལོ་ ༡༩༩༠ ནང་རྒྱ་ནག་མུན་ནག་ནང་ལག་སྙོབ་བྱས་ནས་དཔལ་འབྱོར་ལམ་ལུགས་ཐོག་བསྐྱོད་ན་འགྲིག་གི་མེད་པའི་གནས་བབ་མཐོང་ནས། རྒྱ་ནག་རྒྱལ་ཁབ་མ་རྩ་རིང་ལུགས་ཐོག་བསྐྱོད་པ་རེད། དེ་ནས་ཞི་ཅིན་ཕིན་གྱིས་སྲིད་དབང་མ་བཟུང་གི་བར་དུ་གཡས་སྐྱོར་གཡོན་སྐྱོར་བྱས་ནས་བསླེབས་པ་རེད་དེ། དེ་དུས་རྒྱ་ནག་གི་མ་རྩ་རིང་ལུགས་རྨང་གཞི་ནས་སྦོ་ལུག་སྟེ་དཔལ་འབྱོར་ཐོག་དཀའ་ངལ་ཆེན་པོ་འཕྲད་བསྡད་ཡོད། ཅེས་གསུངས་སོང་།

རྒྱ་ནག་གི་དམག་མིའི་དབང་ཆ་འཐབ་རྩོད་ཐོག་དཀའ་ངལ་ཤུགས་ཆེན་འཕྲད་ཡོད་སྐོར་ལ་ཁོང་གིས། ད་ལྟ་རྒྱ་ནག་གི་དམག་གི་དབང་ཆ་དང་དམག་མིའི་གནས་སྟངས་ཐོག་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད། རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་གི་ཆ་རྐྱེན་གལ་ཆེ་ཤོས་ནི་དམག་གི་དབང་ཤུགས་བཟུང་བསྡད་ཡོད་པས་ཡིན། དམག་གིས་དམར་ཤོག་ཚོགས་པར་ཁ་ལེན་ཚིག་བརྩི་བྱེད་དགོས་ཀྱི་ཡོད། འོན་ཀྱང་། ད་ལྟ་རྒྱ་ནག་གི་དམག་མིའི་སྡེ་ཁག་གཉིད་ལས་སད་དེ། དམག་མིའི་མགོ་ཁྲིད་ནང་ཁུལ་དུའང་། དམག་ནི་རྒྱ་ནག་རྒྱལ་ཁབ་ཀྱི་དམག་མི་ཡིན་པ་ལས་དམར་ཤོག་ཚོགས་པའི་དམག་མི་མིན་ཟེར་ནས་དབྱེ་བ་ཕྱེ་ཡི་ཡོད་ལ། གནད་དོན་འདི་ནི་ང་ཚོས་ཤེས་དགོས་པའི་དམར་ཤོག་ཚོགས་པའི་ལོ་རྒྱུས་ཀྱི་གནད་དོན་ཞིག་རེད།

རྒྱ་ནག་དམར་ཤོག་ཚོགས་པའི་མ་རྩ་སྦོ་ལུག་པའི་སྐད་ཆ་དེ་ཕྱི་ལོ་ ༢༠༠༠ ཙམ་ནས་མང་ཚོགས་ཁྲོད་གླེང་སློང་ཡོང་ཡོད། རྒྱ་ནག་ནང་ལྐོག་ཟ་རུལ་སུངས་ཤུགས་ཆེ་དྲགས་པའི་རྐྱེན་གྱིས་མང་ཚོགས་ཁྲོད་གསལ་བོ་ཆགས་པ་དང་། ལྐོག་ཟ་རུལ་སུངས་ཐེར་འདོན་མ་བྱས་ན་རྒྱ་ནག་རྒྱལ་ཁབ་འཐོར་རྒྱུ་ཡིན་པ་དང་ལྐོག་ཟ་རུལ་སུངས་ཐེར་འདོན་བྱས་པ་ཡིན་ན་རྒྱ་ནག་དམར་ཤོག་ཚོགས་པ་འཐོར་རྒྱུ་ཡིན་པ། མདོར་ན་རྒྱལ་ཁབ་དགོས་སམ་དམར་ཤོག་ཚོགས་པ་དགོས་མིན་གྱི་བསམ་ཚུལ་བྱུང་ཡོད་ལ། རྒྱ་ནག་གི་མཁས་པ་དག་གི་ཁྲོད་དུ་དམར་ཤོག་ཚོགས་པ་དགོས་དོན་མེད་པ་དང་རྒྱ་ནག་རྒྱལ་ཁབ་བྱས་ནས་མདུན་སྐྱོད་བྱེད་དགོས་པའི་བསམ་ཚུལ་ཤུགས་ཆེན་བྱུང་ཡོད།

འོན་ཀྱང་། དམར་ཤོག་ཚོགས་པའི་ལག་ཏུ་དམག་དང་དཔལ་འབྱོར་གྱི་དབང་ཆ་ཆ་ཚང་ཡོད་སྟབས་སྒུལ་སྐྱོད་རྒྱག་ཐུབ་མེད། དམར་ཤོག་ཚོགས་པར་སྒུལ་སྐྱོད་ཐུབ་པའི་གནས་སྟངས་དེ་ཞི་ཅིན་ཕིན་གྱིས་སྲིད་དབང་བཟུང་ནས་ལོ་གསུམ་གྱི་རྗེས་ཏེ། ལྐོག་ཟ་རུལ་སུངས་ཐེར་འདོན་བྱས་ཏེ་མང་ཚོགས་ཁྲོད་ཁོ་ལ་མཐོང་ཡོད་པ་ལྟ་བུ་ཆགས་པ་དང་། དེ་ནས་ཁོས་དམག་མིའི་ཁྲོད་ལྐོག་ཟ་རུལ་སུངས་ཐེར་འདོན་དྲག་པོ་བྱས་སྟབས། དམག་མིའི་ཁྲོད་དུ་ཁོ་ལ་ངོ་རྒོལ་བྱེད་མཁན་མང་པོ་བྱུང་ཡོད་ལ། ད་ལྟ་དམག་གི་ཁྲོད་དུ་མཐའ་གཅིག་ཏུ་ཞི་ཅིན་ཕིན་མགོ་ཁྲིད་ལ་འདུག་མི་ཆོག་པའི་བསམ་ཚུལ་འབྱུང་གི་ཡོད། དམར་ཤོག་ཚོགས་པས་ཁོ་ཚོའི་དབུ་འཁྲིད་འོག་དཔལ་འབྱོར་ཡར་རྒྱས་དང་རྒྱལ་ཁབ་འཕེལ་རྒྱས་ཕྱིན་ཡོད་ཟེར་བཞིན་ཡོད་མོད། ད་ལྟ་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་དམག་མིའི་ཁྲོད་དུ་ངོ་རྒོལ་འབྱུང་གི་ཡོད་པ་འདིས། དམར་ཤོག་ཚོགས་པར་དམག་མི་དང་དཔལ་འབྱོར་གཉིས་ཀྱི་ཐོག་ནས་དཀའ་ངལ་འཕྲད་ཀྱི་ཡོད་ལ། འདིས་ཞི་ཅིན་ཕིན་ཙམ་མ་ཡིན་པར་དམར་ཤོག་ཚོགས་པ་གནས་ཐུབ་མིན་དང་རྒྱ་ནག་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ནས་གནས་ཐུབ་མིན་གྱི་རྙོག་གྲ་ཆེན་པོ་གཉིས་བཟོས་ཡོད། ཅེས་གསུངས་སོང་།

ཞི་ཅིན་ཕིན་ལ་ཡིད་ཆེས་ལ་བརླག་པ་དང་ནང་ཁུལ་དཔོན་རིགས་ཕྱོགས་སྒྲིག་གི་རྩོད་རྙོག་འབྱུང་གི་ཡོད་སྐོར་ལ་ཁོང་གིས། ཞི་ཅིན་ཕིན་གྱི་དབང་ཐང་ལ་ཉེན་ཁ་འཕྲད་པའི་གནས་སྟངས་དེ་འཕྲོད་བསྟེན་གྱི་ཐོག་ནས་བྱུང་བ་དང་། དེ་ལ་བརྟེན་ནས་ཚོགས་ཁག་གཞན་གྱིས་ཞི་ཅིན་ཕིན་གྱི་དབང་ཆ་འཕྲོག་རྩིས་བྱེད་བཞིན་ཡོད། ཞི་ཅིན་ཕིན་གྱིས་ཐབས་བཀོད་འཐེན་ནས་སྲིད་བློན་ལི་ཁུ་ཆང་བསད་ཡོད་པའི་དོགས་གཞི་བྱུང་བ་ལ་བརྟེ་ནས་ཞི་ཅིན་ཕིན་ལ་རྒྱ་ནག་གི་མཐོ་རིམ་མི་སྣའི་ཁྲོད་མི་དགའ་བའི་གནས་སྟངས་བྱུང་ཡོད་ལ། ད་ལྟ་རྒྱ་ནག་ནང་དམག་གི་ཕྱོགས་ཁག་གཅིག་དང་རྒས་ཡོལ་དུ་ཕྱིན་པའི་དཔོན་རིགས་ཀྱི་ཕྱོགས་ཁག་གཅིག ད་ལྟ་ཡོད་བསྡད་པའི་དཔོན་རིགས་ཀྱི་ཕྱོགས་ཁག་བཅས་དཔོན་རིགས་ཀྱི་ཕྱོགས་ཁག་རིམ་པ་གསུམ་ཆགས་ཡོད། ཕྱོགས་ཁག་གསུམ་ལ་རྒྱ་ནག་ལ་ལམ་ཕྱོགས་མི་འདྲ་བ་གསུམ་ཡོང་གི་ཡོད།  ཕྱོགས་ཁག་གཅིག་གིས་ལོ་རབས་བརྒྱད་ཅུའི་ནང་གི་ཏིན་ཞོ་ཕིན་གྱི་གུ་ཡངས་སྲིད་ཇུས་བཅོས་བསྒྱུར་སྒོ་འབྱེད་ཀྱི་ཐོག་བསྐྱོད་རྒྱུ་ཡིན་པ་དང་། ཕྱོགས་ཁག་ཅིག་གིས་དམར་ཤོག་ཚོགས་པ་མི་དགོས་པར་དམངས་གཙོའི་ལམ་ལུགས་ཐོག་ནས་རྒྱ་ནག་རྒྱལ་ཁབ་བྱས་ནས་མུ་མཐུད་སྐྱོང་དགོས་པ། དེ་བཞིན་ཕྱོགས་གཅིག་གིས་དབང་ཆ་འདྲ་མཉམ་དགོས་པའི་ལངས་ཕྱོགས་འཛིན་གྱི་ཡོད།

ལོ་རབས་བརྒྱད་ཅུ་བའི་གུ་ཡངས་སྲིད་ཇུས་འཛིན་མཁན་ཚོའི་ལག་ཏུ་དབང་ཆ་ཤོར་བ་ཡིན་ན་ང་ཚོ་བོད་ལ་གོ་སྐབས་ག་རེ་ཡོད་པ་དང་། དམར་ཤོག་ཚོགས་པ་མེད་པའི་ཐོག་ནས་རྒྱ་ནག་རྒྱལ་ཁབ་མུ་མཐུད་གནས་དགོས་མཁན་ཚོའི་ལག་ཏུ་དབང་ཆ་ཤོར་བ་ཡིན་ན་ང་ཚོར་གོ་སྐབས་ག་རེ་ཡོད་པ། དེ་བཞིན་ཕྱོགས་གཅིག་གིས་དབང་ཆ་འདྲ་མཉམ་དགོས་ཟེར་ནས་མངའ་སྡེ་རིམ་པའམ་ཡང་ན་རྒྱ་ནག་འཐོར་ཞིག་ཏུ་འགྲོ་དགོས་ཀྱི་ཡོད་ལ། རྒྱ་ནག་འཐོར་ཞིག་ཏུ་ཕྱིན་པ་ཡིན་ན། རྒྱ་ནག་དེ་རྒྱལ་ཁབ་གསུམ་ལ་འགྱུར་འགྲོ་ཡི་ཡོད་པ་དང་ཁག་ཅིག་གིས་རྒྱལ་ཁབ་བདུན་བརྒྱད་ལ་འགྱུར་འགྲོ་ཡི་རེད་ཟེར་གྱི་ཡོད། གནས་སྟངས་དེ་འདྲའི་འོག་ཏུ་ཕྱིན་པ་ཡིན་ན་ང་ཚོ་བོད་པར་གོ་སྐབས་ག་རེ་ཡོད་དམ། ང་ཚོས་གནས་སྟངས་འོག་ནས་གོ་སྐབས་ཇི་ལྟར་འཛིན་པ་དང་གྲ་སྒྲིག་ག་རེ་བྱ་རྒྱུ་ཡིན་མིན་གལ་ཆེན་རེད་ལ། གོ་སྐབས་འདི་གསུམ་འཛིན་ཐུབ་དང་མི་ཐུབ་ནི་ང་ཚོས་གྲ་སྒྲིག་བྱས་ཡོད་མེད་ལ་རག་ལས་ཡོད། ང་ཚོར་གྲ་སྒྲིག་གཅིག་ཀྱང་མེད་པར་རྒྱ་ནག་གི་གནས་སྟངས་གསུམ་གང་གི་ཐད་ནས་ང་ཚོར་གོ་སྐབས་རག་གི་རེད་བསམས་ནས་བསྡད་པ་ཡིན་ན་ང་ཚོར་གོ་སྐབས་རག་གི་མ་རེད། ང་ཚོར་གྲ་སྒྲིག་མེད་ཚེ། རྒྱ་ནག་འཐོར་ཞིག་ཏུ་སོང་བའམ་ཡང་ན་དམངས་གཙོའི་ལམ་ལུགས་སུ་བསྐྱོད་པ་ཡིན་ན་ཅི་གང་རག་གི་མ་རེད། དེར་བརྟེན་ང་ཚོར་ད་ལྟ་ནས་གྲ་སྒྲིག་དགོས་ཀྱི་ཡོད། ཅེས་གསུངས་སོང་།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༥ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese