མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་ལ་ཆེ་བསྟོད་ཀྱི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

བོད་ཀྱི་དུས་བབ།
༢༠༢༦/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་ཉིན་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གྲོས་ཆོད་དེ་སྤྱི་མོས་གཏན་འབེབས་གནང་འདུག

༸གོང་ས་མཆོག་དགུང་གྲངས་དགུ་བཅུར་ཕེབས་པའི་འཁྲུངས་སྐར་ཉིན། བོད་ཀྱི་དུས་བབ་ཀྱི་པར།

ཉེ་ལམ་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས། ༸གོང་ས་རྒྱལ་བ་རིན་པོ་མཆོག་གི་རླབས་ཆེན་གྱི་མཛད་འཕྲིན་ཁག་ལ་ཆེ་བསྟོད་མཚོན་སླད། ༸གོང་ས་མཆོག་གི་འཁྲུངས་སྐར་གྱི་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུ་དང་། བོད་མི་མང་གི་གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྒྱབ་སྐྱོར་བྱེད་པའི་གྲོས་ཆོད་ཨང་ ༥༡༥ བ་སྤྱི་མོས་གཏན་འབེབས་གནང་འདུག

ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་བྷི་རེན་ (Brian Mast) མཆོག་གིས། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས། ངོ་བོ་དང་བཅས་པ་རྩ་མེད་གཏོང་ཐབས་བྱེད་བཞིན་ཡོད་ཀྱང་། ༸གོང་ས་མཆོག་གིས་འདས་པའི་ལོ་ངོ་  ༦༠ ལྷག་གི་རིང་ལ་འཚེ་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་གནང་སྟེ། ད་ཆ་བོད་ཀྱི་ཆོས་དང་རིག་གཞུང་འཛམ་གླིང་ཡོངས་ལ་ཁྱབ་ཐུབ་པ་ནི་སེམས་ཤུགས་སྤར་བྱེད་ཅིག་ཡིན་པས། ངས་གྲོད་ཆོད་འདི་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཞེས་གསུངས་འདུག་

ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མཱ་ཡེ་ཀལ་མེ་ཁོལ་ (Michael McCaul) ལགས་ཀྱིས། དེ་རིང་ང་ཚོས་དུས་རབས་འདིར་འབྱུང་བཞིན་པའི་བཟོད་དཀའ་བའི་སྐྱོ་གར་ཞིག་གསལ་བོ་བཟོ་དགོས། དེ་ནི་ད་ལྟ་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་གདུག་རྩུབ་ཆེ་བའི་དྲག་གནོན་བྱེད་བཞིན་ཡོད། ལྷག་པར་དུ་རྒྱ་ནག་གིས་༸གོང་ས་ཏ་ལའི་བླ་མའི་ཡང་སྲིད་ངོས་འཛིན་བྱེད་རྩིས་ཡོད་པ་དེ་རེད།  འོན་ཀྱང་། ངས་འདི་ནས་གསལ་བོ་ཞུ་རྒྱུ་ཡིན། དེ་ནི་ནོར་འཁྲུལ་ཙམ་དང་ཡང་ན་བཟང་སྤྱོད་ཀྱི་ཐོག་ནས་ནོར་བ་ཁོ་ན་ཙམ་མིན་པར། རྒྱ་ནག་གིས་འཛམ་གླིང་མི་མང་གི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པ་ཞིག་རེད། ༸གོང་ས་མཆོག་གིས་སྤྱི་ཚོགས་ནང་བྱམས་བརྩེ་དང་འཚེ་མེད་ཞི་བ། ཆོས་ལུགས་མཐུན་སྒྲིལ་སོགས་ཀྱི་མཛད་རྗེས་རླབས་ཆེན་བསྐྱངས་ཡོད། ལོ་གཉིས་ཀྱི་གོང་དུ་ང་དྷ་རམ་ས་ལར་ཕྱིན་ཏེ་༸གོང་ས་ཏ་ལའི་བླ་མར་མཇལ་བ་ཡིན། སྐབས་དེ་དུས་ཁོང་གིས་ང་ལ། ཁོང་གི་ཡང་སྲིད་རྒྱ་ནག་ནས་འཁྲུང་གི་མིན། རང་དབང་ལུང་པ་ཞིག་ནས་འཁྲུང་གི་ཡིན་གསུངས་བྱུང་བས། ཨ་རིས་དེ་ལ་རྒྱབ་སྐྱོར་གྱིས་བོད་དོན་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས་འདུག

གྲོས་ཆོད་དེས། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཆེ་བསྟོད་སླད་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུ་དང་། རྒྱ་ནག་གཞུང་གིས་༧གོང་ས་སྐུ་ཕྲེང་བཅོ་ལྔ་པ་ངོས་འཛིན་བྱེད་པའི་གནད་དོན་ལ་ཐེ་གཏོགས་བྱེད་པ་ནི་བོད་བརྒྱུད་ནང་བསྟན་གྱི་ཆོས་དད་རང་དབང་ལ་རྡོག་རོལ་གཏོང་གི་ཡོད་པར་ངོས་འཛིན་ཞུ་རྒྱུ། དེ་བཞིན། བོད་མི་མང་གི་གཞི་རྩའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྒྱབ་སྐྱོར་བྱ་རྒྱུ་བཅས་ཡིན་འདུག

ད་ལན་སྤྱི་མོས་གཏན་འབེབས་བྱུང་བའི་གྲོས་ཆོད་དེ་ནི་ཐོག་མར་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མཱ་ཡེ་ཀལ་མེ་ཁོལ་ (Michael McCaul) ལགས་དང་། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇེམ་མེག་གྷ་ཝིན་( (Jim McGovern) ལགས་རྣམ་གཉིས་ཀྱིས། འདས་ལོའི་ཕྱི་ཟླ་ ༧ ཚེས་ ༡༤ ཉིན་གྲོས་ཚོགས་འོག་མའི་ནང་ངོ་སྤྲོད་གནང་ཞིང་། གྲོས་ཚོགས་གོང་མའི་འཐུས་མི་ (Jeff Merkley) ལགས་དང་ (Todd Young) ལགས་གཉིས་ཀྱི་སྣེ་འཁྲིད་འོག་གྲོས་ཆོད་དེར་རྒྱབ་སྐྱོར་གནང་མཁན་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༡༠ བྱུང་བའི་ཐོག་ནས་གྲོས་ཚོགས་གོང་མའི་ནང་ངོ་སྤྲོད་དང་མཐར་སྤྱི་མོས་གཏན་འབེབས་གནང་ཡོད།

འདས་ལོར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྤེལ་བའི་དེ་འབྲེལ་གྱི་གནས་ཚུལ་ལྟར་ན། གྲོས་ཆོད་དེའི་བརྒྱུད་རིམ་ཁྲོད། ཨ་རིའི་རྒྱལ་ཡོངས་ཀྱི་བོད་རིགས་ཚོགས་པ་དང་བོད་དོན་རྒྱབ་སྐྱོར་བ་སོགས་མི་གྲངས་ཉིས་བརྒྱ་ལྷག་རྒྱལ་ས་ཝང་ཤིན་ཊོན་དུ་འཛོམས་ཏེ་གྲོས་ཆོད་དེར་རྒྱབ་སྐྱོར་ཡོང་བའི་ཞུ་གཏུག་བསྟུད་མར་བྱས་པའི་གྲུབ་འབྲས་ཤིག་ཡིན་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས། གྲོས་ཆོད་འདི་ནི་ཨ་རིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བྱམས་བརྩེ་དང་འཚེ་མེད་ཞི་བའི་བཀའ་སློབ། དེ་བཞིན། བོད་མིའི་མང་གཙོའི་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ལ་རྒྱབ་སྐྱོར་བརྟན་པོ་ཡོད་པ་མཚོན་ཐུབ་ཅེས་དང་། ངས་བོད་ཀྱི་གྲོགས་པོ་གྲོས་ཚོགས་འཐུས་མི་རྣམ་པ་དང་བོད་དོན་ཞུ་གཏུག་གི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་ཡོངས་ནས་གྲོས་ཆོད་མདུན་སྐྱོད་ཡོང་ཐབས་སུ་རོགས་འདེགས་བྱས་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༡༡ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

ཆུ་ཚོད་ ༡༢ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༤ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese