མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

བོད་ཀྱི་དུས་བབ།
༢༠༢༦/༠༡/༢༨
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཇིའི་སྲིད་བློན་སི་ཊེར་མར་ལགས་སུ་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་ཡོང་བར་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུ་དགོས་པའི་ཞུ་ཡིག་ཕུལ་འདུག

British Prime Minister Keir Starmer with Chinese President Xi Jinping. Image source – X/@EuroPostAgency

དེ་རིང་དབྱིན་ཇིའི་སྲིད་བློན་སི་ཊེར་མར་ (Keir Starmer)ལགས་རྒྱ་ནག་ཏུ་བསྐྱོད་དེ། ཞི་ཅིན་ཕིན་དང་དངོས་སུ་ཐུག་འཕྲད་བྱེད་བཞིན་ཡོད་པ་དང་འབྲེལ་ནས། བོད་དོན་ལས་འགུལ་བསྟི་གནས་ཁང་གིས། དབྱིན་ཇིའི་སྲིད་བློན་སི་ཊེར་མར་ལགས་ནས་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་གཙོས་བོད་ཡུལ་རྒྱ་བསྒྱུར་བྱེད་བཞིན་པའི་སྲིད་ཇུས་སོགས་མཚམས་འཇོག་ཡོང་བར་འབོད་སྐུལ་ཞུ་དགོས་པའི་ཞུ་ཡིག་ཕུལ་འདུག

དེ་འབྲེལ་བོད་དོན་ལས་འགུལ་བསྟི་གནས་ཁང་གི་འགན་འཛིན་ལྷ་སྒྲོན་བཀྲས་མཐོང་ལགས་ཀྱིས།  ཁྱེད་ཀྱིས་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་ཐོག་མ་མ་གནང་གོང་། ཁྱེད་ཀྱིས་དབྱིན་ཇིའི་བཟང་སྤྱོད་དང་ཕྱི་འབྲེལ་གྱི་རྩ་དོན་བརྟན་པོ་བཟུང་ནས་དབྱིན་ཇི་དང་རྒྱ་ནག་གི་སྐབས་དོན་གྱི་འབྲེལ་ལམ་གལ་ཆེན་ཞིག་ལ་གདོང་ལེན་བྱེད་པར་རེ་སྐུལ་ཞུ་བཞིན་ཡོད།  ལྷག་པར་དུ་ངས་གུས་བཀུར་ཆེན་པོས། ཁྱེད་ཀྱིས་སྲིད་འཛིན་ཞི་ཅིན་ཕིན་་དང་མཇལ་འཕྲད་སྐབས་རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པའི་བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་དེ་གླེང་སློང་ཡོང་བའི་རེ་བ་ཞུ་བཞིན་ཡོད། ཅེས་བརྗོད་འདུག

བོད་དོན་ལས་འགུལ་བསྟི་གནས་ཁང་གི་རེ་སྐུལ་ཞུ་ཡིག་ལྟར་ན།  ད་ལྟ་བོད་པའི་བྱིས་པ་ས་ཡ་གཅིག་ཙམ་རྒྱ་ནག་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭར་བཅུག་ཡོད་པ་དང་། སློབ་གྲྭ་དེ་དག་གི་ནང་ཁོང་ཚོར་རང་གི་སྐད་ཡིག་དང་། རིག་གཞུང་། ཆོས་ལུགས་བཅས་སྦྱོང་སའི་ཁོར་ཡུག་མེད་ཅིང་། སློབ་གྲྭ་དེ་དག་གི་དམིགས་ཡུལ་ནི་བོད་པའི་བྱིས་པ་ཚོ་བོད་པའི་ངོ་བོ་དང་ཁ་བྲལ་དུ་གཏོང་རྒྱུ་དེ་ཡིན་པ་མ་ཟད། རྒྱ་ནག་དམར་ཤོག་ཚོགས་པས་བོད་དེ་རྒྱ་བསྒྱུར་བྱེད་པའི་གཡོ་ཇུས་ཤིག་ཡིན་པ་རེད།

ཞུ་ཡིག་དེའི་ནང་དུ། དབྱིན་ཇིའི་གཞུང་གིས་བོད་མི་ཚོར་རྒྱབ་སྐྱོར་བྱས་པ་དེས་དབྱིན་ཇིའི་ཁེ་ཕན་ལ་ཐད་ཀར་ཕན་པ་མ་ཟད། རྒྱ་ནག་གཞུང་ལ་དབྱིན་ཇིའི་གལ་གནད་ཆེ་བའི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ལངས་ཕྱོགས་བརྟན་པོ་ཡིན་པའི་བརྡ་ལན་གཏོང་གི་ཡོད།  གཞུང་འཛིན་ཚོགས་པས་ལོན་ཌོན་དུ་རྒྱ་ནག་གཞུང་ཚབ་ཁང་ལ་ཆོག་མཆན་སྤྲད་པ་དང་མངོན་འདོད་གསལ་པོ་ཤེས་ཐུབ་པ་ལྟར། དབྱིན་ཇིའི་གཞུང་གིས་རྒྱ་ནག་དང་མཉམ་དུ་དགེ་མཚན་ལྡན་པའི་འབྲེལ་བ་བྱེད་རྒྱུའི་འདུན་པ་ཡོད་ཚེ། དབྱིན་ཇི་རྒྱལ་ཁབ་ཀྱིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་མཉམ་དུ་མིག་རྒྱང་རིང་པོའི་འབྲེལ་བ་ཞིག་འཛུགས་དགོས་ན། དེ་ནི་རྒྱལ་ཁབ་ཀྱི་སྟོབས་ཤུགས་དང་རིན་ཐང་ལ་གཞི་བཅོལ་དགོས། ཁྱེད་ཀྱིས་ཡང་ནས་ཡང་དུ་དབྱིན་ཇི་རྒྱལ་ཁབ་ཀྱིས་རྒྱ་ནག་ལ་ཐེ་ཚོམ་མེད་པའི་ཐོག་ནས་གདོང་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད། དེར་བརྟེན། དབྱིན་ཇིས་རྒྱ་ནག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་ཐད་སྐད་ཆ་མི་ཤོད་པ་ནི་མི་འོས་པ་ཞིག་རེད། རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་ཀྱི་དབང་སྒྱུར་བརྟན་པོ་བྱས་ཏེ།  ཨེ་ཤ་ཡའི་ས་ཁམས་ཆབ་སྲིད་ཀྱི་ཡུན་རིང་གི་ཁེ་ཕན་ལ་དམིགས་བཞིན་ཡོད་ལ། རྒྱ་ནག་གིས་བོད་ནང་མི་སེར་སྤེལ་བའི་ལས་འགུལ་འདིའི་ནང་དུ་བོད་ཀྱི་བྱིས་པ་མི་རབས་གཅིག་ལ་བཅའ་སྡོད་སློབ་གྲྭ་བརྒྱུད་ནས་ལམ་ལུགས་ལྡན་པའི་བསམ་བློའི་བཅོས་སྒྱུར་བྱེད་བཞིན་པ་དང་། ༸གོང་ས་ཏ་ལའི་བླ་མའི་ཡང་སྲིད་ཀྱི་བརྒྱུད་རིམ་ལ་ཐེ་ཇུས་བྱེད་བཞིན་པ། བོད་ཀྱི་ལྷོ་ཕྱོགས་ས་མཚམས་ཁག་ཏུ་དམག་དོན་གྱི་སྒྲིག་འཛུགས་རྒྱ་སྐྱེད་བཞིན་པ་སོགས་ཚུད་ཡོད། ཅེས་གསལ་འདུག

ཞུ་ཡིག་གི་མཇུག་ཏུ། རྒྱ་ནག་གཞུང་གིས་བོད་དེ་ཨེ་ཤ་ཡའི་ས་ཁམས་ཆབ་སྲིད་ཀྱི་ལག་ཆར་བཀོལ་སྤྱོད་བྱས་ཏེ། ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་གནོད་ཤུགས་སྤྲོད་བཞིན་ཡོད་པ་དང་། ལྷག་པར་རྒྱ་ནག་གིས་འཛམ་གླིང་ནང་ཤིན་ཏུ་དཀོན་པའི་བོད་ཀྱི་རང་བྱུང་གཏེར་རིགས་བཀོལ་སྤྱོད་བྱས་ཏེ། ཨེ་ཤ་ཡ་དང་འཛམ་གླིང་ནང་ཆབ་སྲིད་དང་ཚོང་། དམག་མཚོན་སོགས་ཀྱི་དབང་ཤུགས་སྐྱེད་ཐབས་བྱེད་བཞིན་ཡོད་སྟབས། དེས་དབྱིན་ཇིའི་གཞུང་ལའང་གནོད་ཤུགས་ཐེབས་ཀྱི་ཡོད་པར་ངོས་འཛིན་བྱེད་གལ་ཆེ་བ་དང་། དམིགས་བསལ་གྱིས་ད་རེས་དབྱིན་ཇིའི་སྲིད་བློན་སི་ཊེར་མར་ལགས་ནས་དབྱིན་ཇིའི་དམངས་གཙོའི་མངོན་འདོད་དང་སྙིང་བོར་གྱུར་བའི་འགྲོ་བ་མིའི་ཐོབ་ཐང་སོགས་གླེང་སློང་བྱེད་པའི་འགན་འཁྲི་ཡོད་སྟབས། རྒྱ་ནག་གཞུང་ལ་བོད་ཀྱི་བྱིས་པ་ས་ཡ་གཅིག་ཙམ་ཕ་མ་དང་ཁ་བྲལ་ཏུ་བཏང་བའི་ཚབས་ཆེའི་གནད་དོན་གླེང་སློང་བྱེད་པའི་འབོད་སྐུལ་ཞུས་འདུག

དབྱིན་ཇིའི་སྲིད་བློན་སི་ཊེར་མར་ལགས། དེ་རིང་ཕྱི་ཚེས་ ༢༨ ནས་ ༣༠ བར་ཉིན་གསུམ་རིང་རྒྱ་ནག་ཏུ་རྒྱལ་འབྲེལ་སྐོར་སྐྱོད་ཆེད་འབྱོར་ཡོད་ཅིང་། ཐེངས་འདིའི་དབྱིན་རྒྱ་གཉིས་ཀྱི་མགོ་ཁྲིད་ཐུག་འཕྲད་ཁྲོད་གཙོ་བོ་ཚོང་འབྲེལ་གླེང་སློང་བྱ་རྒྱུ་ཡིན་པ་དང་། དམིགས་བསལ་ཉེ་ལམ་དབྱིན་ཇིའི་གཞུང་གིས་རྒྱ་ནག་ལ་དབྱིན་ཡུལ་ནང་རྒྱ་ནག་གཞུང་ཚབ་ཁང་གསར་རྒྱག་གི་ལས་གཞིར་ཆོག་མཆན་སྤྲད་ཡོད་སྟབས། ད་རེས་རྒྱལ་ཁབ་གཉིས་བར་ཚོང་འབྲེལ་གྱི་ཐད་ནས་འབྲེལ་ལམ་ཡག་པོ་འབྱུང་སྲིད་ནའང་། སྲིད་བློན་སི་ཊེར་མར་ལགས་ཀྱིས། ངས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དུས་རྒྱུན་དུ་གླེང་གི་ཡོད་ལ། ད་ལན་ཡང་དགོས་ངེས་ཅན་གྱི་རིགས་གླེང་གི་ཡིན། ཞེས་གསར་འགོད་པར་བརྗོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
tibetan film four river and six ranges is releasing all over India
Mobile App

ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་རྒྱ་གར་རྒྱལ་ཡོངས་ཀྱི་གློག་བརྙན་ཁང་དུ་སྟོན་གྲབས་འདུག

ཆུ་ཚོད་ ༦ སྔོན་ལ།
In this image received on July 27, 2026, Foreign Secretary Vikram Misri holds talks with Sun Haiyan, Vice Minister of the International Department of the Central Committee of the Communist Party of China (CPC)
Mobile App

རྒྱ་དཀར་ནག་གཉིས་ཀྱིས་སྔར་ལས་ལྷག་པའི་མཉམ་ལས་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༧/༢༨
TT
Mobile App

བོད་མཚོ་སྔོན་གྱི་རྩི་གོར་ཐང་རྫོང་དུ་ཚད་རིམ་མི་འདྲ་བའི་ས་ཡོམ་གཉིས་བསྟུད་མར་བྱུང་།

༢༠༢༦/༠༧/༢༨
tt
Mobile App

གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་འཁྱོག་བརྗོད་ལ་གདོང་ལེན་དང་ཡོ་བསྲང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧
Front Slider

གཞོན་ནུ་ལྷན་ཚོགས་ཀྱིས་ནེའུ་ཡོག་ཏུ་ལས་ཁུངས་བཙུགས་ཏེ་རྒྱ་ནག་གི་འགྲེལ་ལོག་ལ་གདོང་ལེན་གནང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese